དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-08-20 07:16:05   |   656

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

7777.jpg

  • ཟླ8པའི་ཚེས19ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཝེ་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་སུའུ་ལིན་དང་གྲོས་མོལ་གནང་།   

  • རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཁྱབ་བསྒྲགས་བྱས་པའི་འབྲེལ་ཡོད་གྲངས་གཞི་ལས་མངོན་པ་ལྟར་ན།    ཟླ7པར་རང་རྒྱལ་གྱི་ལག་རྩལ་མཐོ་བའི་ཐོན་ལས་ཀྱི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས13.3%འཕར་འདུག  

  • ཚེས19ཉིན་ཆེས་མཐོའི་ཁྲིམས་ཁང་དང་ཆེས་མཐོའི་ཞིབ་དཔྱོད་ཁང་གིས་མཉམ་འབྲེལ་ཐོག་དངུལ་འཁྲུད(洗钱)ཀྱི་ཉེས་དོན་གྱོད་གཞི་སྒྲུབ་སྐབས་བཅའ་ཁྲིམས་སྤྱད་འཐུས་ཀྱི་གནད་དོན་འགའ་ཞིག་སྐོར་གྱི་འགྲེལ་བཤད་ཁྱབ་བསྒྲགས་བྱས་པ་དེའི་ནང“རྟོག་བཟོའི་རྒྱུ་ནོར”ཉོ་ཚོང་བྱས་པ་ནི་དངུལ་འཁྲུད་ཀྱི་བྱ་ཐབས་གྲས་ཤིག་ཡིན་པ་གཏན་འཁེལ་གསལ་པོ་བྱས།   

  • ཚེས19ཉིན་ནི་ཀྲུང་གོའི་སྨན་པའི་དུས་ཆེན་ཐེངས་བདུན་པ་ཡིན། ཀྲུང་དབྱང་དྲིལ་སྒྲོག་པུ་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས2024ལོའི“ཆེས་མཛེས་པའི་སྨན་པ”ཡོངས་བསྒྲགས་བྱས། 

  • རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ན་ནིང་ལོ་མཇུག་བར་རྒྱལ་ཡོངས་ཀྱི་མི་འབོར་སྟོང་རེར་སྨན་པ་འདང་བའི་གྲངས་ཚད3.4ཟིན་ཡོད་པ་དང་། 2025ལོར་སླེབས་སྐབས་མི་འབོར་སྟོང་རེར་སྨན་པ་འདང་བའི་གྲངས་ཚད3.2ཟིན་པའི་དམིགས་ཚད་སྔ་སྣུར་དུ་ལེགས་གྲུབ་བྱུང་།     

  • རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་ཟླ་བདུན་པའི་བར་རྒྱལ་ཡོངས་ཀྱི་འགག་སྒོ་ནས་རྒྱལ་མཚམས་བརྒལ་ནས་འགྲོ་འོང་བྱེད་མཁན་མི་ཐེངས་དུང་ཕྱུར3.41ཟིན་པ་དེ་དུས་མཚུངས་ལས62.34%འཕར་ཡོད།  

  • ནོར་སྲིད་པུ་དང་འཕྲལ་སྡོམ་དོ་དམ་པུ་ཡིས་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་གེགས་སེལ་མ་དངུལ་སྒོར་དུང་ཕྱུར1.15སྔོན་གཏོང་བྱས་ནས་ནང་སོག་དང་ཧེ་ལུང་ཅང་སོགས་ཞིང་ཆེན(རང་སྐྱོང་ལྗོངས་)ལྔ་ཡིས་འཕྲལ་སྡོམ་ཉེན་སེལ་གེགས་སེལ་ལས་དོན་སྤེལ་རྒྱུར་རྒྱབ་སྐྱོར་བྱས།  

    སྤྱི་ཚོགས།

  • མ་འོངས་པའི་ཉིན་གསུམ་གྱི་རིང་ལ་སི་ཁྲོན་གཤོང་ས་དང་ཅང་ཧན། འབྲི་ཆུའི་ལྷོ་རྒྱུད་སོགས་ས་ཁུལ་དུ་ཉིན་རེའི་དྲོད་ཚད་མཐོ་ཤོས་ཡོངས་ཁྱབ་ཏུ35~37℃ལ་སླེབས་རྒྱུ་རེད། སི་ཁྲོན་དང་། ཁྲུང་ཆིང་། ཧུའུ་པེ། ཧུའུ་ནན་གྱི་བྱང་རྒྱུད་སོགས་ཀྱི་ས་ཁུལ་ལ་ལར40~42℃ལ་སླེབས་རྒྱུ་རེད།

  • རྒྱལ་ཁབ་འགོག་སྲུང་སྤྱི་ཁྱབ་ཀྱིས་ཚེས19ཉིན་གྱི་ཆུ་ཚོད12ཐོག་ལེའོ་ཉིང་དང་ཀོང་ཏུང་ལ་དམིགས་ནས་འབྲུབ་འགོག་རིམ་པ་བཞི་བའི་འཕྲལ་སྡོམ་དང་ལེན་བྱ་རྒྱུའི་གཏན་འབེབས་བྱས།

  • རྒྱལ་ཁབ་རིག་དངོས་ཅུས་ངོ་སྤྲོད་བྱས་པར་གཞིགས་ན། ལོ70ལྷག་ཙམ་རིང་ལ་འབད་བརྩོན་བྱས་པ་བརྒྱུད། ཀྲུང་གོའི་བྲག་ཕུག་ཏུ་བཏབ་པའི་དགོན་པ་གལ་ཆེན་གྱི་ཉེན་ཁ་ཚབས་ཆེན་མེད་པར་བཟོས་ཡོད།

  • 2017ལོར་མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པ་བྱེད་མགོ་བརྩམས་པ་ནས་བཟུང་ཚན་རིག་རྟོག་ཞིབ་རུ་ཁག་གིས་སྐྱེ་དངོས་རིགས་གསར་པ3000ལྷག་ཙམ་ཤེས་རྟོགས་ཐུབ་ཡོད།

  • ཚེས19ཉིན། ཀྲུང་གོའི་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱི་དེ་སྔའི་ཀྲུའུ་ཞི་གཞོན་པ་ལི་ཡུས་དབྱིས་ལྐོག་རྔན་བླངས་པའི་གྱོད་གཞིའི་འདྲི་གཅོད་དང་པོའི་བཅད་ཁྲ་ཡོངས་བསྒྲགས་ངང་ཁྱབ་བསྒྲགས་བྱས་པ་དང་། ལི་ཡུས་དབྱིས་ལ་ལྐོག་རྔན་བླངས་པའི་ནག་ཉེས་ཡོད་པས་དུས་བཙོན་ལོ་བཅུ་གཅིག་གི་ཁྲིམས་ཆད་བཅད།

  • ཉིན20ཙམ་ལ་ཕྱོགས་མང་པོའི་འཚོལ་སྐྱོབ་བྱས་པ་བརྒྱུད། ཧུའུ་ནན་ཞིང་ཆེན་ཙི་ཞིང་གྲོང་ཁྱེར་གྱི་རྒྱ་མཚོའི་རླུང་འཚུབ་ཀྱི་གནོད་འཚེ་ཕོག་པའི་ས་ཁུལ་དུ་མི50རྐྱེན་ལམ་དུ་ཤོར་བ་དང་མི15གར་སོང་ཆ་མེད་དུ་གྱུར་པ་གཏན་འཁེལ་བྱས།

  • རང་རྒྱལ་གྱི་ཚན་རིག་མཁས་ཅན་གྱིས་གློ་བ་ཚི་སྣ་ཅན་དུ་འགྱུར་བའི་ཞིབ་འཇུག་ཁྱབ་ཁོངས་སུ་གྲུབ་འབྲས་གསར་པ་བླངས་པ་སྟེ། གློ་བ་ཚི་སྣ་ཅན་དུ་འགྱུར་བའི་ནད་རིགས་སྨན་བཅོས་བྱེད་ཐུབ་པར་རེ་བ་ཡོད་པའི་འབེན་གསར་པ་རྙེད།

3.gif

  • ཧོ་ནན་ཡུས་ཀྲོའུ་ཡི་སྐྱེས་པ་ཞིག་གློ་བུར་དུ་ནད་ཀྱི་རྐྱེན་པས་ས་ལ་འགྱེལ་བ་ན། ལམ་དུ་འགྲོ་བཞིན་པའི་སྨན་པ་ཞུས་མེ་ལི་ཡིས་མྱུར་དུ་པུས་མོ་སར་བཙུགས་ནས120སླེབས་རག་བར་དུ་མི་དེ་སྐྱོབ་ཐབས་བྱས།

    སྲིད་ཇུས།

  • ཀྲེ་ཅང་གིས་ཐོ་འགོད་བྱས་ནས་ལོ་ཕྱེད་ཡན་འགོར་བའི་ལས་ཤོར་མི་སྣ་དང་མཐར་ཕྱིན་ལོ་འཁོར་ནང་གི་མཐར་ཕྱིན་སློབ་མ་སོགས་གཙོ་གནད་ཚོགས་སྤྱིས་ཁེར་གཉེར་བྱས་ཚེ། གཏན་འབེབས་ལྟར་ཁྲལ་བསྡུའི་གཟིགས་སྐྱོང་ལོངས་སུ་སྤྱད་ཆོག་ཅེས་ཁ་གསལ་བཏོན། 

  • ཀོང་ཏུང་གིས་བསམ་འཆར་བསྡུ་ལེན་མ་ཟིན་ཁྱབ་བསྒྲགས་བྱས་པ་སྟེ། གཞུང་བཙུགས་སློབ་གྲྭའི་སློབ་ཡོན་དང་སྡོད་ཁང་གྲོན་དངུལ་སློབ་སྐབས་ལྟར་བསྡུ་རྒྱུ་དང་དམངས་གཉེར་སློབ་གྲྭའི་སློབ་ཡོན་དང་སྡོད་ཁང་གྲོན་དངུལ་སློབ་སྐབས་སམ་ཡང་ན་སློབ་ལོ་ལྟར་བསྡུ་ཆོག་པ་ལས་སློབ་སྐབས་སམ་སློབ་ལོ་བརྒལ་ནས་བསྡུ་མི་ཆོག་ཅེས་བཏོན།  

  • ཡུན་ནན་གྱིས་འཚོ་བ་རང་བདག་བྱེད་མི་ཐུབ་པའམ་ཡང་ན་རང་ཚུགས་ངང་འཚོ་བ་སྐྱེལ་མི་ཐུབ་པའི་དྭ་ཕྲུག་དར་མར་དམིགས་ཏེ། ཞིང་ཆེན་དམངས་སྲིད་ཐིང་གིས་ཞིབ་ཕྲའི་གནས་ཚུལ་ལ་གཞིགས་ནས་དེ་མཚུངས་ཀྱི་སྤྱི་ཚོགས་ཕན་བདེའི་སྒྲིག་གཞིར་བཀོད་སྒྲིག་བྱས་ཏེ་སྲིད་ཇུས་གཞིར་བཟུང་འཚོ་བའི་འགན་ལེན་སྤྲོད་རྒྱུ་ཡིན་ཞེས་ཁ་གསལ་བཏོན། 

    དེ་རིང་གི་གནམ་གཤིས།

4.jpg

  • ཨན་ཧུའེ་ཡི་ཤར་རྒྱུད། ཅང་སུའུ་ཡི་དབུས་རྒྱུད། ཧྲན་ཏུང་གི་ཤར་རྒྱུད། ཧོ་པེ་ཡི་དབུས་རྒྱུད་དང་བྱང་ཤར་རྒྱུད། པེ་ཅིང་གི་བྱང་ཤར་རྒྱུད་དང་ནུབ་རྒྱུད་ཀྱི་རི་རྒྱུད། ཐེན་ཅིན་གྱི་དབུས་བྱང་རྒྱུད། ནང་སོག་གི་ཤར་ལྷོའི་རྒྱུད། ལིའོ་ཉིན་གྱི་ནུབ་རྒྱུད། ཅི་ལིན་གྱི་ནུབ་བྱང་རྒྱུད། ཧེ་ལུང་ཅང་གི་ལྷོ་ནུབ་རྒྱུད་བཅས་དང་དེ་བཞིན་ཀྲེ་ཅང་གི་ནུབ་རྒྱུད། ཅང་ཞིའི་བྱང་ཤར་རྒྱུད། ཧྥུ་ཅན། ཀོང་ཏུང་གི་དབུས་ཤར་རྒྱུད་དང་ལྷོ་རྒྱུད། ཀོང་ཞིའི་ཤར་ལྷོའི་རྒྱུད། ཡུན་ནན་གྱི་ནུབ་རྒྱུད་དང་ལྷོ་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་བ་ཆེན་པོ་ནས་དྲག་ཆར་འབབ་རྒྱུ་རེད། ཀོང་ཏུང་ཤར་རྒྱུད་ཀྱི་མཚོ་རྒྱུད་དང་། ཧྥུ་ཅན་ཤར་ལྷོའི་རྒྱུད་ཀྱི་མཚོ་རྒྱུད། ཅང་སུའུ་ཡི་བྱང་ཤར་རྒྱུད། ཧོ་པེའི་བྱང་ཤར་རྒྱུད། ལིའོ་ཉིན་གྱི་ནུབ་རྒྱུད་སོགས་ཀྱི་ས་ཁུལ་ལ་ལར་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།