དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-08-21 07:24:53   |   320

སྒྲིག་སྒྱུར། མཁའ་འགྲོ་མཚོ།   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

༡.jpg

  • ཚེས20ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་སྐབས་33པའི་དབྱར་ཁའི་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པའི་ཁོངས་མི་ཡོངས་ལ་མཇལ་འཕྲད་གནང་།

༢.jpg

  • ཟླ8ཚེས20ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་སུ་འཚམས་འདྲི་གནང་བར་ཕེབས་པའི་ཧྥི་ཅིའི(斐济)ཙུང་ལི་ལན་པུའུ་ཁ(兰布卡)དང་མཇལ་འཛོམས་གནང་། 

༣.jpg

  • ཟླ8ཚེས20ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱལ་ཁབ་ཁག་གི་གྲོས་ཚོགས་མནའ་འབྲེལ་ནང་ཞུགས་ནས་ལོ40འཁོར་བའི་དྲན་གསོའི་བྱེད་སྒོ་དང་། སྐབས་དྲུག་པའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གྲོས་མིའི་དཔྱད་གླེང་འཛིན་གྲྭའི་ཕྱི་ཕྱོགས་གྲོས་ཚོགས་ཀྱི་མགོ་ཁྲིད་པར་ཐུན་མོང་ཐོག་མཇལ་འཛོམས་གནང་། 

  • ཉེ་ཆར། ཀྲུང་དབྱང་གཞུང་དོན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་གཞུང་དོན་ཁང་གིས《ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་རྒྱུའི་གཏན་འབེབས་འགའ་ཞིག》པར་འགྲེམས་བྱས། 

  • ཉེ་ཆར། མི་ཤུགས་དང་སྤྱི་ཚོགས་འགན་སྲུང་པུས《མིང་བཏགས་ཞིབ་དཔྱད་ལྟ་སྐུལ་དོ་དམ་གྱི་གནས་སྐབས་ལག་བསྟར་བྱ་ཐབས》ཁྱབ་བསྒྲགས་བྱས་པ་དང་། དེ་ནི་རྒྱལ་ཁབ་རིམ་པའི་ཐོག་ནས་བཏོན་པའི་མིང་བཏགས་ཞིབ་དཔྱད་ལྟ་སྐུལ་དོ་དམ་གྱི་ཡིག་ཆ་ཐོག་མ་རེད། 

  • ཕ་རི་སིའི་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པ་དེ་རིང་ནས་ཁག་གཉིས་སུ་དབྱེ་ནས་ཕ་རི་སིར་འགྲོ་རྒྱུ་ཡིན་པ་རེད། 

  • རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ན་ནིང་གི་ཟླ12ཚེས1ཉིན་ནས་བཟུང་གཏན་སྡོད་ལག་ཁྱེར་གསར་པའི“སྐར་ལྔའི་བྱང་བུ”རེ་ཞུ་བྱེད་མཁན་གྱི་རྒྱལ་སྤྱིའི་ཤེས་ལྡན་མི་སྣའི་གྲངས་འབོར་དུས་མཚུངས་ལས30%འཕར་ཡོད་པ་རེད། 

  • ཚེས20ཉིན། བོད་ལྗོངས་ལྷོ་ཁར་གནས་པའི་ཧྭ་གློག་ཁང་བོད་ལྗོངས་ཚེ་ཕུང་འོད་གསོག་གློག་ཁང་གི་དུས་ཐེངས་གཉིས་པའི་འཛུགས་སྐྲུན་དངོས་སུ་བྱེད་མགོ་ཚུགས། གློག་ཁང་གནས་ཡུལ་གྱི་མཚོ་འཕགས་ནི་སྨི5228ཟིན་ནས་གོ་ལ་ཧྲིལ་པོའི་འོད་གསོག་གློག་ཁང་གི་མཐོ་ཚད་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད། 

༤.jpg

  • ཚེས20ཉིན་བར་ཀྲུང་གོ་དང་ཡོ་རོབ་དབར་གྱི་དུས་གཏན་མེ་འཁོར་གྱི“ཤར་ལམ”མན་ཀྲོའུ་ལི(满洲里)དང་། སུའེ་ཧྥུན་ཧོ།(绥芬河) ཐུང་ཅང(同江)བཅས་ཀྱི་ལྕགས་ལམ་འགག་སྒོ་ཤར་གཏོང་ཐུབ་ཚུན་རིམ་རྩིས་བྱས་ན་མེ་འཁོར30000ལས་བརྒལ་ཡོད། 

སྤྱི་ཚོགས།

  • འབྱུང་འགྱུར་གྱི་ཉིན་གསུམ་གྱི་རིང་། སི་ཁྲོན་གཤོང་ས་དང་། ཅང་ཧན། འབྲི་ཆུའི་ལྷོ་རྒྱུད་ཀྱི་བྱང་རྒྱུད་སོགས་ས་ཁུལ་དུ་དྲོད་ཚད་མཐོན་པོ་རྒྱུན་མཐུད་བྱེད་པ་དང་། སི་ཁྲོན་དང་། ཁྲུང་ཆིན། ཧུའུ་པེ། ཧུའུ་ནན་གྱི་བྱང་རྒྱུད་སོགས་ས་ཁུལ་དུ་དྲོད་ཚད40~42℃ལ་སླེབས་རྒྱུ་རེད། 

  • ཉེ་ཆར་སློབ་གསོ་པུ་ཡིས་བརྡ་ཐོ་པར་འགྲེམས་བྱས་ཏེ། ད་ལོའི་ཟླ9པར“རྒྱལ་ཁབ་ཀྱི་ཕུལ་བྱུང་འཆར་གཞིའི”ཚོད་ལྟ་ཁག་གཉིས་པ་སྤེལ་མགོ་ཚུགས་ནས་སློབ་གྲྭ་འབྲིང་ཆུང་ལ་ཞིབ་འཇུག་སློབ་མའི་རིམ་པའི་བྱང་ཚད་མཐོ་བའི་ཚན་རིག་རིགས་ཀྱི་སློབ་ཚན་དགེ་རྒན་ཁག་གཅིག་གཙོ་གནད་ཐོག་གསོ་སྐྱོང་བྱ་རྒྱུ་ཡིན་པ་རེད། 

  • ཚེས20ཉིན། རྒྱལ་ཁབ་གནོད་འཚེ་སྔོན་འགོག་གེགས་སེལ་ཨུ་ལྷན་གཞུང་དོན་ཁང་སོགས་སྡེ་ཚན་མང་པོས་ལེའོ་ཉིང་ཞིང་ཆེན་ལ་བལ་ཐུལ་དང་ཁྱིམ་ཚང་གི་འཕྲལ་སྡོམ་ཁུག་མ་སོགས་ཀྲུང་དབྱང་གི་གེགས་སེལ་དངོས་ཟོག7000མགྱོགས་མྱུར་ངང་གཏོང་སྤྲོད་བྱས་པ་རེད། 

  • ཚེས20ཉིན། དུས་ཐེངས་གསར་པའི་དངུལ་བུན་ཁྲོམ་རའི་གོང་ཚད་ཞུ་བའི་སྐྱེད་ཀ(LPR)བཏོན་པ་དང་། དུས་ཡུན་ལོ་གཅིག་དང་དུས་ཡུན་ལོ5ཡན་གྱིLPRཚང་མར་ལེགས་སྒྲིག་བྱས་མེད། དུས་ཡུན་ལོ་གཅིག་གིLPRསྔར་བཞིན3.35%ཟིན་ཡོད་པ་རེད། 

  • རང་རྒྱལ་གྱི་ཚན་རིག་མཁས་ཅན་གྱིས་མཚོ་བོད་ས་མཐོར་རྒྱུན་མཐུད་ངང་སྐྱེ་འཚར་ཡོང་བའི་ལྟེ་བའི་སྒུལ་ཤུགས་འབྱུང་ཁུངས་ནི་ལྷོ་ནས་བྱང་ཕྱོགས་སུ་འཕྱུར་བའི“ས་རིམ་བར་མའི་རླུང”ལས་བྱུང་བ་ཤེས་རྟོགས་བྱུང་བ་རེད། 

༥.jpg

  • ཚེས20ཉིན། ཁྲུང་ཆིང་དང་ཧུའུ་ནན་ལམ་གཉིས་མྱུར་བགྲོད་གཞུང་ལམ་ཕེང་ཧྲུའེ་ཕུག་ལམ་གྱི་ལམ་གཉིས་སྔོག་འདོན་རིམ་རྩིས་བྱས་ན་སྨི20000ལས་བརྒལ་ནས་ལམ་ཐིག་ཧྲིལ་པོར་རླངས་འཁོར་ཤར་གཏོང་ཐུབ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད། 

༦.jpg

  • སྦྲུམ་མ་ཞིག་ཧའེ་ཁོའུ(海口)ནས་པེ་ཅིང་དུ་འཕུར་བའི་གནམ་གྲུའི་ཐོག་བསམ་ཡུལ་ལས་འདས་པའི་སྒོ་ནས་ཕྲུ་གུ་བཙའ་བས། ཟླ་ཁ་མ་གང་བའི་ཕྲུ་གུའི་གནས་ཚུལ་ཉེན་ཁ་ཆེ། ཕྲུ་གུ་གསར་སྐྱེས་བྱིས་ནད་ཚན་ཁག་གི་སྨན་གཡོག་ཁྲེན་ཧྲན་ཧྲན་གྱིས་བར་སྣང་སྨི་ཁྲི་ཡི་ཐོལ་བྲེལ་མྱུར་ངང་རོགས་སྐྱོབ་བྱས་ནས་མྱུར་སྐྱོབ་གྱི་རྩ་ཆེའི་དུས་ཚོད་བརྩོན་ལེན་བྱས་པ་རེད། 

སྲིད་ཇུས།

  • ཧེ་ལུང་ཅང་གིས་བསམ་འཆར་པར་འགྲེམས་བྱས་ནས2024ལོར་ཉུང་མཐར་ཡང་བྱིས་པའི་མཛའ་གྲོགས་སྡེ་ཁུལ100བསྐྲུན་དགོས་པ་བཏོན། 

  • ཅང་སུའུ་ཡིས་སྤྱི་པའི་ཁྱབ་ཁོངས་སུ་སྤྱི་སྤྱོད་དང་། གླ་གཏོང་། གྲོང་ཁྱེར་གྱི་ཟོག་འགྲེམས་སྡེབ་སྐྱེལ། ཁོར་ཡུག་འཕྲོད་བསྟེན་ཡང་གྲས་སོགས་རླངས་འཁོར་གསར་དུ་འཕར་བའམ་གསར་བརྗེས་བྱེད་པའི་ཁྲོད་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་བསྡུར་ཚད80%ལས་དམའ་མི་རུང་པ་ཁ་གསལ་བཏོན། 

  • ཞ་མོན་གྱིས་སྲིད་ཇུས་བཏོན་ནས་ཟླ10ཚེས1ཉིན་ནས་བཟུང་ཆ་རྐྱེན་འཛོམས་པའི་ཁང་པ་ཉོ་མཁན་གྱིས་གཞིས་ཆགས་རྒྱུའི་རེ་ཞུ་བྱེད་ཆོག་གི་ཡོད་པ་རེད། 

 དེ་རིང་གི་གནམ་གཤིས། 

༧.jpg

  • ནང་སོག་ཤར་རྒྱུད་ཀྱི་ལྷོ་ཕྱོགས་ས་ཁུལ་དང་། ལེའོ་ཉིང་གི་དབུས་ཤར་རྒྱུད། ཅི་ལིན་གྱི་ནུབ་རྒྱུད། ཧོ་པེའི་དབུས་རྒྱུད། ཧྲན་ཏུང་ཕྱེད་གླིང་གི་ལྷོ་རྒྱུད། ཅང་སུའུ་ཡི་ཤར་རྒྱུད་དང་ལྷོ་རྒྱུད། ཨན་ཧུའེ་ཡི་ཤར་ལྷོ་རྒྱུད། ཀྲེ་ཅང་གི་ནུབ་རྒྱུད། ཅང་ཞིའི་ཤར་རྒྱུད་དང་ལྷོ་རྒྱུད། ཧྥུ་ཅན། ཀོང་ཏུང་། ཀོང་ཞིའི་ཤར་རྒྱུད་དང་ལྷོ་རྒྱུད། ཡུན་ནན་གྱི་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་བ་ཆར་པོ་ནས་དྲག་ཆར་འབབ་རྒྱུ་རེད། དེའི་ནང་ཀོང་ཏུང་གི་དབུས་ཤར་རྒྱུད་དང་། ཧྥུ་ཅན་གྱི་ལྷོ་རྒྱུད་དང་ནུབ་རྒྱུད། ལེའོ་ཉིང་གི་དབུས་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།