དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-08-22 07:25:31   |   312

སྒྲིག་སྒྱུར། མཁའ་འགྲོ་མཚོ།   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ཁྲོམ་རར་ཞུགས་འཐུས་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས། 

  •  རྒྱལ་ཁབ་དངུལ་རྩའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔར་ཚོང་ལས་དངུལ་ཁང་གིས་ས་ཁང་བདག་ཁོངས་ཀྱི“མིང་ཐོ་དཀར་པོའི”རྣམ་གྲངས5392ལ་ཞིབ་མཆན་བཀོད་པ་དང་། ཞིབ་མཆན་བཀོད་པའི་མ་དངུལ་བསྡུ་སྒྲིལ་གྱི་དངུལ་གྲངས་སྒོར་དུང་ཕྱུར་ཁྲི1.4ཙམ་ཟིན་ཡོད་པ་རེད། 

  • རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་རྒྱལ་ཁབ་ནུས་རྒྱུ་ཅུ་ཡིས་མཉམ་འབྲེལ་ཐོག་ཡིག་ཆ་བཀྲམ་སྟེ། 2027ལོར་སླེབས་སྐབས་ནུས་རྒྱུའི་གཙོ་གནད་ཁྱབ་ཁོངས་ཀྱི་སྒྲིག་ཆས་མ་འཇོག་གཞི་ཁྱོན2023ལོ་ལས25%ཡན་འཕར་རྒྱུའི་དམིགས་ཚད་བཏོན།

  • ཀྲུང་དབྱང་དྲ་རྒྱའི་ཆ་འཕྲིན་གཞུང་དོན་ཁང་དང་། བཟོ་ལས་དང་ཆ་འཕྲིན་པུ་ཡིས་མཉམ་འབྲེལ་ཐོག་ཇུས་གཞི་པར་འགྲེམས་བྱས་ཏེ། པེ་ཅིང་དང་། ཐེན་ཅིན། ཧྲང་ཧའེ། ཧྲེན་ཀྲེན། ཧང་ཀྲོའུ། ཧོ་ཧྥེ། ཝུའུ་ཞི། ཡན་ཐའེ་སོགས་གྲོང་ཁྱེར8དུIPv6རྒྱུག་ཚད་མཐོ་རུ་གཏོང་བའི་ཆེད་དོན་བྱ་སྤྱོད་བཀོད་སྒྲིག་བྱས།

  • ཚེས21ཉིན། ཆེས་མཐོའི་ཁྲིམས་ཁང་གིས《བཟའ་བཅའ་དང་སྨན་རྫས་ཀྱི་ཆད་གཅོད་རང་བཞིན་གྱི་སྐྱིན་ཚབ་རྩོད་གཞིའི་གྱོད་གཞིར་ཞིབ་གཅོད་བྱེད་པར་བཅའ་ཁྲིམས་སྤྱད་འཐུས་ཀྱི་གནད་དོན་འགའི་སྐོར་གྱི་འགྲེལ་བཤད》ཁྱབ་བསྒྲགས་བྱས་ཏེ། ལག་ལེན་ཁྲོད་ཀྱི་རྩོད་གཞིའི“རྫུན་མ་ཤེས་རྟོགས་རྫུན་མ་ཉོ་བའི”གྱོང་གསབ་ལེན་པ་སོགས་སྤྱི་ཚོགས་ཀྱི་གླེང་མང་བའི་གནད་དོན་ལ་དམིགས་ནས་ལན་སློག་པ་རེད། 

1.jpg

  • ཚེས21ཉིན་ཕ་རི་སིའི་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པ་ལམ་ལ་ཆས། 

2.jpg

  • ཚེས22ཉིན། ཀྲུང་གོ་སྦྲག་སྲིད་ཀྱིས《བློ་མཐུན་ཏེང་ཞའོ་ཕིན་སྐུ་འཁྲུངས་ནས་ལོ120འཁོར་བར་དྲན་གསོ་ཞུ་བའི》དྲན་གསོའི་སྦྲག་བྱང་ཆ་ཚང1འགྲེམས་སྤེལ་བྱ་རྒྱུའི་གཏན་འཁེལ་བྱས། 

  • ཚོང་དོན་པུས2024ལོའི་ཟླ8ཚེས21ཉིན་ནས་བཟུང་ཡོ་རོབ་མནའ་འབྲེལ་ནས་ཐོན་པའི་ནང་འདྲེན་འབྲེལ་ཡོད་འོ་བཟོས་ཐོན་རྫས་ལ་གྱོད་དོན་ཐོ་འགོད་བརྟག་དཔྱད་བྱ་རྒྱུའི་གཏན་འབེབས་བྱས། 

སྤྱི་ཚོགས།

3.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་དྲོད་ཚད་མཐོ་བའི་ཉེན་བརྡ་སེར་པོ་ཁྱབ་བསྒྲགས་བྱས་ཏེ། དེ་རིང་ཉིན་མོ་སི་ཁྲོན་གཤོང་ས་དང་། ཁྲུང་ཆིང་། ཀུའེ་ཀྲོའུ་ཡི་བྱང་རྒྱུད། ཧུའུ་ནན། ཧུའུ་པེ། ཅང་ཞིའི་ནུབ་རྒྱུད། ཨན་ཧུའེ་ཡི་ས་ཆ་མང་ཆེ་བ། ཀྲེ་ཅང་གི་བྱང་རྒྱུད། ཧོ་ནན་གྱི་ལྷོ་རྒྱུད་དང་བྱང་ཤར་རྒྱུད། ཧོ་པེ་ཡི་ལྷོ་རྒྱུད། ཧྲའན་ཞིའི་ལྷོ་རྒྱུད། ཞིན་ཅང་ལྷོ་རྒྱུད་ཀྱི་གཤོང་ས་སོགས་ས་ཁུལ་དུ་དྲོད་ཚད35℃ཡན་གྱི་གནམ་གཤིས་ཡོད་རྒྱུ་རེད།

  • ཚེས21ཉིན། རྒྱལ་ཁབ་གནོད་འཚེ་སྔོན་འགོག་དང་གེགས་སེལ་ཨུ་ལྷན་གྱིས་ལེའོ་ཉིང་གི་ཆུ་ལོག་གནོད་འཚེ་ལ་དམིགས་ནས་རྒྱལ་ཁབ་ཀྱི་རིམ་པ་བཞི་པའི་གེགས་སེལ་འཕྲལ་སྡོམ་དང་ལེན་བྱེད་མགོ་ཚུགས།

  • ལེའོ་ཉིང་ཧུའུ་ལུའུ་ཏའོ(葫芦岛)གྲོང་ཁྱེར་དུ་རྒྱུན་མཐུད་རང་བཞིན་གྱི་ཆར་པ་དྲག་པོ་བབས་ནས་ཚེས21ཉིན་གྱི་ཆུ་ཚོད6པའི་བར་དཀའ་ངལ་ཚུད་པའི་མང་ཚོགས185སྐྱོབ་ཐུབ་པ་དང་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི1རང་སྲོག་བློས་གཏོང་ཐུབ་པ་རེད། 

4.jpg

  • ཚེས21ཉིན། ཀྲུང་གོ་ཚོང་ལས་འཕུར་སྐྱོད་སྤྱི་གཉེརARJ21གནམ་གྲུ་དུས་ཡུན་ཟླ་བ་གཅིག་ལྷག་ཙམ་གྱི“མཚོ་བོད་ས་མཐོར་སྐོར”གྱི་འཕེལ་རིམ་གསལ་སྟོན་འཕུར་སྐྱོད་བྱེད་མགོ་ཚུགས་ནས་གནམ་གྲུའི་ས་མཐོའི་འཁོར་སྐྱོད་ནུས་པ་སྔར་བས་ར་སྤྲོད་ཐུབ་རྒྱུ་ཡིན་པ་རེད། 

  •  ཀྲེ་ཅང་ཞིང་ཆེན་ཆུ་རྐྱལ་ལུས་རྩལ་དོ་དམ་ལྟེ་གནས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། སུན་དབྱང(孙杨)གིས་ཀྲེ་ཅང་རུ་ཁག་གི་ཚབ་ཞུས་ནས་ཨན་ཧུའེ་ཧོ་ཧྥེ་རུ་འཚོག་ཉེར་ཡོད་པའི2024ལོའི་རྒྱལ་ཡོངས་དབྱར་ཁའི་ཆུ་རྐྱལ་སྐྱེས་འབུལ་འགྲན་བསྡུར་ནང་ཞུགས་རྒྱུ་ཡིན་པ་རེད། 

  • ཉེ་ཆར་འབར་མའི་བྱང་རྒྱུད་ཝ་པང་ས་ཁུལ་དུ་རྒྱལ་མཚམས་སྒྲོལ་བའི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་རྒྱག་མཁན་ཉེས་གསོག་དོགས་ཅན307རང་རྒྱལ་ལ་རྩིས་སྤྲོད་བྱས་པ་རེད། 

5.jpg

  • ཨན་ཧུའེ་ཧོང་ཧྲན་གྱི་བུད་མེད་ཅིག་གཟབ་ནན་མ་བྱས་པར་ཆུ་ནང་དུ་ལྷུང་བ་དང་། ལམ་འགྲོ་བ་ཁྲེན་ལིན་ཁུན་དང་ཅང་ཧུང་ཝུའེ་སོགས་སློབ་ཆེན་སློབ་མ་ལྔ་ཡིས་གནས་ཚུལ་ཐོས་ནས་མི་དམངས་ཉེན་རྟོག་པ་དང་མཉམ་དུ་ཆུ་ནང་དུ་ལྷུང་བའི་བུད་མེད་དེ་བསྐྱབས་པ་དང་འབྲེལ་དུས་ཐོག་ཏུ་སྨན་ཁང་དུ་བསྐྱལ་བ་རེད། 

 སྲིད་ཇུས།

  • པེ་ཅིང་གིས་མཛུབ་ཁྲིད་ཁྱབ་བསྒྲགས་བྱས་ཏེ། སྡོད་ཁང་གློག་སྐས་སྤྱོད་པའི་སྡེ་ཚན་གྱི་གློག་སྐས་བདེ་འཇགས་མི་སྣས་ཉིན་ལྟར་སྐོར་ཞིབ་བྱས་ནས་ཉེན་ཁ་མེད་པའི་སྙན་ཞུ་ལག་བསྟར་བྱེད་དགོས་པའི་བླང་བྱ་ཁ་གསལ་བཏོན། 

  • ཧུའུ་ནན་གྱིས་བརྡ་ཐོ་པར་འགྲེམས་བྱས་ཏེ། གསར་སྐྱེས་ཕྲུ་གུ་འགན་བཅོལ་ནང་ཞུགས་པ་དང་། ས་ཆ་གཞན་དུ་བུ་བཙའི་སྨན་བཅོས་འགྲོ་གྲོན་ཐད་ཀར་སྡོམ་རྩིས་རྒྱག་པ་སོགས་ཀྱི་བརྒྱུད་རིམ་ལེགས་སུ་བཏང་ནས་ལས་ཆོད་ཆེ་བའི་སྒོ་ནས་ལས་དོན་གཅིག་སྒྲུབ་དགོས་པ་གཏན་ལ་ཕབ།

  • ཧའེ་ནན་གྱིས་ཁེ་ལས་ཀྱིས2024ལོའི་ཟླ1ཚེས1ཉིན་ནས2025ལོའི་ཟླ12ཚེས་31ཉིན་བར་ཆ་རྐྱེན་དང་མཐུན་པའི་མཐོ་སློབ་སློབ་ཐོན་སློབ་མ་དང་། དེ་བཞིན་ཐོ་འགོད་ལས་ཤོར་གཞོན་ནུ་བསྡུ་སྤྱོད་བྱས་ནས། མི་རེར་ཁ་གསབ་སྒོར1000སྤྲོད་རྒྱུའི་ཚད་གཞི་ལྟར་ཐེངས་གཅིག་ལས་གནས་མང་དུ་གཏོང་བའི་ཁ་གསབ་སྒོར་མོ་སྤྲོད་རྒྱུ་ཡིན་པ་གཏན་ལ་ཕབ། 

དེ་རིང་གི་གནམ་གཤིས། 

6.jpg

  • ཧེ་ལུང་ཅང་གི་དབུས་རྒྱུད་དང་། ཅི་ལིན་གྱི་དབུས་ཤར་རྒྱུད། ལེའོ་ཉིང་གི་ཤར་རྒྱུད། ཅང་ཞིའི་ལྷོ་རྒྱུད། ཧྥུ་ཅན་གྱི་དབུས་བྱང་རྒྱུད་དང་ལྷོ་ནུབ་རྒྱུད། ཀོང་ཏུང་གི་དབུས་བྱང་རྒྱུད། ཀོང་ཞིའི་དབུས་ནུབ་རྒྱུད། ཡུན་ནན་གྱི་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་བ་ཆེན་པོ་ནས་དྲག་ཆར་འབབ་རྒྱུ་རེད། དེའི་ནང་ཀོང་ཏུང་དབུས་རྒྱུད་ཀྱི་ས་ཆ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།