དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-08-23 07:30:48   |   313

སྒྲིག་སྒྱུར། མཁའ་འགྲོ་མཚོ།   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

1.jpg

  • ཀྲུང་གུང་ཀྲུང་དབྱང་གིས་བློ་མཐུན་ཏེང་ཞའོ་ཕིང་སྐུ་འཁྲུངས་ནས་ལོ120འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་སྟེ། ངེས་པར་དུ་མུ་མཐུད་དུ་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་བེད་སྤྱོད་གཏིང་ཟབ་བྱས་ཏེ་ཁོང་གིས་གསར་གཏོད་བྱས་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་མུ་མཐུད་དུ་མདུན་དུ་སྐུད་འདེད་གཏོང་དགོས་བ་ནན་བཤད་གནང་།

  • ཚོང་དོན་པུའི་གྲངས་གཞི་ལས་མངོན་པར། ཟླ་དང་པོ་ནས་བདུན་པའི་བར་རང་རྒྱལ་གྱིས་ཕྱི་ཕྱོགས་ལ་དངུལ་རྩ་མིན་པའི་རིགས་ཀྱི་ཐད་ཀར་མ་འཇོག་ཨ་སྒོར་དུང་ཕྱུར835.5བཏང་བ་དང་། དུས་མཚུངས་ལས16.2%འཕར། 

  • རྒྱལ་ཁབ་ནུས་རྒྱུ་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ7པར་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་སྟོང་ཝ་ཆུ་ཚོད་དུང་ཕྱུར9396ཟིན་པ་དང་། དུས་མཚུངས་ལས5.7%འཕར། 

  • ཚེས22ཉིན། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་སྒོར་དུང་ཕྱུར2བྲེལ་མྱུར་ངང་བཏང་སྟེ། ལེའོ་ཉིང་དང་ཅི་ལིན་གྱི་དྲག་ཆར་དང་ཆུ་ལོག་གི་གནོད་འཚེ་བྱུང་རྗེས་ཀྱི་འཕྲལ་སྡོམ་སླར་གསོ་བྱ་རྒྱུར་རྒྱབ་སྐྱོར་བྱས་པ་རེད། 

  • རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའི་གྲངས་གཞི་ལས་མངོན་པར། ཟླ4པ་ནས་ཟླ7པའི་བར་རྒྱལ་ཡོངས་ཁེ་ལས་ཀྱིས་འཕྲུལ་ཆས་སྒྲིག་ཆས་རིགས་ཉོ་སྒྲུབ་བྱས་པའི་དངུལ་གྲངས་དུས་མཚུངས་ལས6.4%འཕར་ཡོད་པ་རེད། 

  • བཟོ་ལས་དང་ཆ་འཕྲིན་པུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔའི་བར་རྒྱལ་ཡོངས་སུ་མི་མེད་གནམ་གྲུ་ཡོ་བྱད་ཐོན་སྐྱེད་ཆ་འཕྲིན་མ་ལག་ནང་བཅུག་པའི་ཞིང་ལས་འདེབས་འཛུགས་ཀྱི་མི་མེད་གནམ་གྲུ་ཁྲི9ཙམ་ཡོད་པ་རེད། 

  • ཚེས22ཉིན། སྐྱེ་ཁམས་ཁོར་ཡུག་པུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་གིས་ས་གནས་ཁག་གཅིག་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་དོན་འཁྱོལ་ནུས་ལྡན་དེ་ཙམ་བྱུང་མེད་པ་བསྟན།

  • ཚེས22ཉིན། ཨ་རིའི“ཡུའེ་ཧན་ཞུན”རྟགས་ཅན་གྱི་འཕུར་མདེལ་མཐར་སྐྲོད་དམག་གྲུ་ཐའེ་དབན་མཚོ་འགག་ཏུ་བསྐྱོད་པ་དང་འབྲེལ་ཡོངས་བསྒྲགས་ངང་འུད་སྒྲོག་བྱས། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ཤར་རྒྱུད་གཡུལ་ཁུལ་གྱིས་མཚོ་ཐོག་མཁའ་དམག་སྒྲིག་འཛུགས་བྱས་ནས་ཨ་རིའི་དམག་གྲུ་འཕུར་སྐྱོད་བྱེད་པའི་བྱ་སྤྱོད་ཧྲིལ་པོར་ལྟ་སྐུལ་དང་ཉེན་ཟོན་བྱས་ཏེ་བཅས་ཁྲིམས་དང་སྒྲིག་སྲོལ་ལྟར་ཐག་གཅོད་བྱ་རྒྱུ་རེད། 

2.jpg

  • ཚེས22ཉིན། རང་རྒྱལ་གྱིས་ཝུན་ཁྲང་དབྱིངས་སྐྱོད་འཕེན་གཏོང་ར་བ་ནས་རྒྱང་སྐྱོད་ཨང་བདུན་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་དེ་ཀྲུང་ཞིན4Aསྲུང་སྐར་མཁའ་དབྱིངས་སུ་བདེ་བླག་ངང་འཕེན་གཏོང་བྱས་པ་དང་སྲུང་སྐར་སྔོན་བཀོད་འཁོར་ལམ་དུ་བདེ་བླག་ངང་སླེབས་པ་རེད། 

3.png

  • རང་རྒྱལ་གྱི་ཚན་ཞིབ་ཚོགས་པས་ཟླ་བའི་ལྷ་མོ་ཨང་ལྔ་པའི་ཟླ་བའི་ས་རྒྱུ་ལས་ཟླ་བའི་ས་རྒྱུ་སྤྱད་དེ་ཆུ་འབོར་ཆེན་ཐོན་སྐྱེད་བྱེད་པའི་བྱ་ཐབས་གསར་པ་རྙེད་པ་དང་། ཟླ་བའི་ས་རྒྱུ་ཏུན1ལས་ཆུ་སྟོང་ཁེ50ལྷག་ཙམ་ཐོན་ཐུབ་པ་རེད། 

སྤྱི་ཚོགས།

4.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་དྲོད་ཚད་མཐོ་བའི་ཉེན་བརྡ་སེར་པོ་ཁྱབ་བསྒྲགས་བྱས་ཏེ། སྔོན་དཔག་བྱས་ན་དེ་རིང་ཉིན་མོ་སི་ཁྲོན་གཤོང་ས་དང་། ཁྲུང་ཆིང་། ཧུའུ་པེ། ཧུའུ་ནན་སོགས་ས་ཆ་མང་པོར་དྲོད་ཚད35℃ཡན་གྱི་གནམ་གཤིས་བྱུང་རྒྱུ་རེད། 

  • ཚེས22ཉིན། ཀྲུང་གོ་ཟོག་འགྲེམ་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོའི་ལོ་མཇུག་བར་རྒྱལ་ཡོངས་ཀྱི་ཟོག་འགྲེམ་གླིང་ཁུལ་གྱི་གྲངས་ཀའི་སྡོམ་འབོར2769ཡོད་པ་དེ2022ལོ་ལས8.5%འཕར་ཡོད་པ་རེད། 

  • 2024ལོའི་ལོ་སྟོད་དུ་རྒྱལ་ཡོངས་སློབ་ཆེན་གྱི་དབྱིན་ཡིག་རིམ་པ་བཞི་པ་དང་དྲུག་པའི་རྒྱུགས་ལེན(CET)གྱི་གྲུབ་འབྲས་འདྲི་རྩད་ཞབས་ཞུ་དེ་རིང་ནས་བཟུང་མགོ་བརྩམས། 

微信图片_20240823073715.png

  • ཚན་ཞིབ་མི་སྣས་ཨན་ཧུའེ་སློབ་ཆེན་གྱི་སློབ་རའི་ནང་དུ་སྨར་སྲིན་ཆེ་གྲས་ཀྱི་སྐྱེ་དངོས་རིགས་གསར་པ་སྟེ་ཨན་ཏ་པིང་པེ་སྲིན(安大柄杯菌)རྙེད་པ་རེད། 

  • པེ་ཅིང་ཉེན་རྟོག་ཕྱོགས་ཀྱིས་གནས་སྐོར་མཛེས་ལྗོངས་ཁུལ་གྱི་སྒོ་འཛིན་ཁྲིམས་འགལ་གྱིས་བཙན་བཟུང་དང་ལོག་འཚོང་བྱེད་པའི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་བཏང་། དབྱར་ཁའི་གུང་གསེང་རིང་ཁྱོན་མི62ཉེས་དོན་བཀག་ཉར་བྱས་པ་དང་མི117སྲིད་འཛིན་བཀག་ཉར་བྱས་པ་རེད། 

640.gif

  • ཧའེ་ནན་གྱི་སྐྱེས་པ་ཞིག་རྒྱ་མཚོར་ཉ་འཛིན་པར་འགྲོ་སྐབས་གཟབ་ནན་མ་བྱས་པར་ཆུ་ནང་དུ་ལྷུང་། ལྦུ་སོབ་པང་ལེབ་ཆེ་གྲས་ཤིག་ལ་བརྟེན་ནས་མཚོ་ཐོག་ནས་ཆུ་ཚོད10ཙམ་གཡེང་སྐབས། “དབྱིན་ཙི་ཅིང”གྲུ་གཟིངས་ཀྱི་གྲུ་དཔོན་ཧོང་དབན་ལི་ཡིས་དུས་ཐོག་ཏུ་ཤེས་རྟོགས་བྱུང་ནས་གྲུ་པ་ཚོ་དང་མཉམ་དུ་སྐྱེས་པ་བསྐྱབས་པ་རེད། 

སྲིད་ཇུས།

  • ཀོང་ཞི་ཡིས་ཇུས་གཞི་པར་འགྲེམས་བྱས་ནས་མངར་ཆའི་བུར་ཤིང་ཐོན་སྐྱེད་འཕྲུལ་ཆས་ཅན་དུ་འགྱུར་བའི་ལས་ཀར་མུའུ་རེར་ཁ་གསབ་མཐོ་ཤོས་སྒོར་170སྤྲོད་རྒྱུ་ཡིན་པ་གཏན་ལ་ཕབ། 

  • ཧའེ་ནན་གྱིས་ཁེ་ལས་ཆུང་གྲས་ཀྱིས་རེ་ཞུ་བྱེད་ཆོག་པའི་ལས་གཏོད་ཁག་ཐེག་དངུལ་བུན་སྒོར་ཁྲི400བར་མཐོ་རུ་གཏོང་རྒྱུ་ཁ་གསལ་བཏོན། 

  • ཉིང་ཞ་ཡིས་ཡིག་ཆ་བཏང་ནས་མི་སྒེར་གྱི་འཛད་སྤྱོད་པའི་རླངས་འཁོར་བརྗེ་སྒྱུར་དང་། གློག་སྒུལ་རྐང་འཁོར་རྙིང་པ་གསར་པ་བརྗེ་བ་སོགས་རྙིང་གསར་བརྗེ་སྒྱུར་གྱི་ཁ་གསབ་རྒྱབ་སྐྱོར་ཁྱབ་ཁོངས་ནང་བཅུག་རྒྱུ་གཏན་ལ་ཕབ། 

དེ་རིང་གི་གནམ་གཤིས། 

7.jpg

  • ཞིན་ཅང་ལྷོ་རྒྱུད་ཀྱི་ནུབ་རྒྱུད་དང་། བོད་ལྗོངས་ཀྱི་ནུབ་རྒྱུད་དང་ཤར་རྒྱུད། མཚོ་སྔོན་གྱི་ནུབ་རྒྱུད། པེ་ཅིང་གི་ཤར་རྒྱུད། ཧོ་པེ་ཡི་བྱང་ཤར་རྒྱུད། ལིའོ་ཉིང་གི་ནུབ་རྒྱུད། ཧེ་ལུང་ཅང་གི་ཤར་རྒྱུད། ཅི་ལིན་གྱི་ཤར་རྒྱུད། ཡུན་ནན་གྱི་ལྷོ་རྒྱུད། ཀོང་ཞི་ཡི་ནུབ་རྒྱུད། ཤར་ལྷོའི་རྒྱུད་ཀྱི་མཚོ་ཁུལ། ཀོང་ཏུང་གི་ནུབ་རྒྱུད་དང་ཤར་རྒྱུད། ཧྥུ་ཅན་གྱི་ལྷོ་རྒྱུད། ཀྲེ་ཅང་གི་ཤར་རྒྱུད། ཐའེ་ཝན་གླིང་ཕྲན་གྱི་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་བ་འབྲིང་བ་ནས་ཆར་བ་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།