དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-08-26 07:18:37   |   308

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།  བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཚོང་དོན་པུ་སོགས་སྡེ་ཚན་བཞིས་ཁྱིམ་སྤྱོད་གློག་ཆས་རྙིང་པ་གསར་བརྗེའི་ལས་དོན་སྔར་བས་ལེགས་པོར་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ་པར་འགྲེམས་བྱས་ནས། ས་གནས་ཁག་གིས་ཁ་གསབ་བྱེད་པའི“8+N”རིགས་ཀྱི་ཁྱིམ་སྤྱོད་གློག་ཆས་སྣ་ཁ་རང་བདག་ངང་གཏན་འཁེལ་བྱ་རྒྱུ་དང་། ཐོན་རྫས་རེར་ཁ་གསབ་མཐོ་ཤོས་སྒོར2000བྱ་རྒྱུ་ཁ་གསལ་བཟོས་ཡོད། 

  • ཀྲུང་དབྱང་དྲ་རྒྱ་ཆ་འཕྲིན་གཞུང་ལས་ཁང་སོགས་སྡེ་ཚན་བཅུ་ཡིས་མཉམ་འབྲེལ་ཐོག《གྲངས་གཞི་ཅན་དང་ལྗང་མདོག་ཅན་གྱི་མཐུན་སྦྱོར་ཕྱོགས་སྒྱུར་འཕེལ་རྒྱས་ལག་བསྟར་ཕྱོགས་སྟོན》པར་འགྲེམས་བྱས་པ་རེད།

  • 2024ལོའི་འཛམ་གླིང་གི་འཕྲུལ་ཆས་མིའི་ཚོགས་ཆེན་པེ་ཅིང་དུ་འཚོགས་པ་དང་། གོ་ལ་ཧྲིལ་པོར་ཐོག་མར་ཐོན་པའི་ཐོན་རྫས་གསར་པ60ལྷག་ཙམ་དངོས་མང་བཤམས་སྟོན་ཚོགས་འདུའི་ཡུལ་དངོས་སུ་གཅིག་སྡུད་ཐོག་ཁྱབ་བསྒྲགས་བྱས་པའི་ནང་ནས་ཐོན་རྫས12ནི་ལྟེ་བའི་ལྷུ་ལག་གི་ཐོན་རྫས་གསར་པ་རེད།

01.JPG 

  • ཚེས25ཉིན། ཧྲེང་ཀྲུའུ་ཨང་རྟགས་བཅོ་བརྒྱད་པའི་འགྲུལ་སྐྱེལ་ཚོགས་ཆུང་འཁོར་ལམ་དུ་བསྡད་ནས་ཟླ་བ་བཞི་ལོན་པ་དང་། མིག་སྔར་འཇིག་རྟེན་འཕུར་སྐྱོད་པ་གསུམ་པོའི་ལུས་སེམས་གནས་ཚུལ་ལེགས་ཤིང་། བར་སྣང་ཚན་རིག་ཚོད་ལྟ་དང་ཚོད་ལྟ་ཁག་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།

02.JPG

  • 2024ལོའི་སྐབས་དང་པོའིU17བུད་མེད་ཕའེ་ཆིའུ་སྤོ་ལོའི་འཛམ་གླིང་འགྲན་བསྡུར་ཚེས24ཉིན་ཕེ་རུ་ནས་མཇུག་འགྲིལ་བ་དང་། ཀྲུང་གོའི་བུད་མེད་ཕའེ་ཆིའུ་སྤོ་ལོའི་རུ་ཁག་གིས3:0ཡིས་འཇར་པན་གྱི་བུད་མེད་ཕའེ་ཆིའུ་སྤོ་ལོའི་རུ་ཁག་ལས་རྒྱལ་ནས་ཨང་དང་པོ་བླངས་པ་རེད།

03.JPG

  • ཚེས25ཉིན། སུན་དབྱང་གིས2024ལོའི་རྒྱལ་ཡོངས་དབྱར་དུས་ཆུ་རྐྱལ་འགྲན་བསྡུར་གྱི་སྐྱེས་པའི་སྨི400ཡི་རང་མོས་ཆུ་རྐྱལ་རྒྱལ་ཕམ་ཐག་གཅོད་འགྲན་བསྡུར་ནང་ཨང་དང་པོ་བླངས་པ་དང་། འདི་ནི་ཁོ་ཕྱིར་འགྲན་བསྡུར་ལ་ཞུགས་རྗེས་ཀྱི་འགྲན་བསྡུར་ཐོག་མ་ཡིན། 

  • ཚེས25ཉིན། ཧྥི་ལི་ཕིན་གྱི་གྲུ་གཟིངས་ཨང3002ཁྲིམས་འགལ་ངང་ཀྲུང་གོའི་ནན་ཧྲ་གླིང་ཚོམ་ཞན་པིན་ཆུ་འོག་བྲག་རྡོའི་ཉེ་འགྲམ་གྱི་མཚོ་ཁོངས་སུ་འཛུལ་པས་ཀྲུང་གོའི་མཚོ་ཐོག་ཉེན་རྟོག་པས་ཧྥི་ལི་ཕིན་གྱི་གྱོད་མགོ་སློང་མཁན་གྲུ་གཟིངས་ལ་ཁྲིམས་དང་གཏན་འབེབས་ལྟར་དོ་དམ་ཚོད་འཛིན་གྱི་བྱ་ཐབས་སྤྱད།

  • ཨེ་ཅིབ་མཁའ་དམག་གི་གདན་ཞུས་ལྟར་ཟླ8པའི་ཟླ་མཇུག་ནས་ཟླ9པའི་ཟླ་སྟོད་བར་ཀྲུང་གོའི་མཁའ་དམག་གི་བརྒྱད་གཅིག་འཕུར་སྐྱོད་འཁྲབ་སྟོན་རུ་ཁག་ཨེ་ཅིབ་ཀྱི་མཁའ་འགྲུལ་འགྲེམས་སྟོན་ནང་ཞུགས་རྒྱུ་རེད། 

  • ད་ལོའི་ཟླ8ཚེས24ཉིན་ནི་འཇར་པིན་སྲིད་གཞུང་གིས་ཕུའུ་ཏའོ་གླིང་ཕྲན་གྱི་ཉིང་རྡུལ་སྦགས་བཙོག་ཆུ་རྒྱ་མཚོར་འབུད་འགོ་ཚུགས་ནས་ལོ་གཅིག་འགོར་བའི་ལོ་ཡིན་ཞིང་། ལོ་གཅིག་གི་རིང་ཉིང་རྡུལ་སྦགས་བཙོག་ཆུ་ཏུན་ཁྲི6.3ཙམ་རྒྱ་མཚོར་ཕྱིར་འབུད་བྱས་ཡོད། 

  • ཚེས25ཉིན། ལེ་པ་ནོན་གྱི་གཙོ་འགན་འཁུར་མཁན་ཏང་གིས་དབྱི་སི་རལ་ལ་གཞི་ཁྱོན་ཆེན་པོས་དྲག་རྒོལ་བྱེད་རྒྱུ་ཁྱབ་སྒྲོག་བྱས་པ་དང་། དབྱི་སི་རལ་གྱི་རྒྱལ་སྲུང་པུ་ཀྲང་ཅ་ལན་ཐེས་དབྱི་སི་རལ་གྱི་མངའ་ཁོངས་ཡོངས་ཆུ་ཚོད48ཀྱི་ཛ་དྲག་གི་རྣམ་པར་ཞུགས་རྒྱུ་ཁྱབ་སྒྲོག་བྱས་པ་རེད། 

སྤྱི་ཚོགས།

04.JPG

  • སི་ཁྲོན་གཤོང་ས་དང་ཅང་ཧན་སོགས་ས་ཁུལ་དུ་དྲོད་ཚད་མཐོ་བའི་གནམ་གཤིས་རྒྱུན་མཐུད་བྱས་ཏེ། ས་ཁུལ་ཁ་ཤས་ཀྱི་དྲོད་ཚད་ཏུའུ40ནས42སླེབས་རྒྱུ་ཡིན་པ་དང་། ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་མུ་མཐུད་དུ་དྲོད་ཚད་མཐོ་བའི་ལི་མདོག་གི་ཉེན་བརྡ་ཁྱབ་སྒྲོག་བྱས་པ་རེད། 

  • རྒྱལ་ཁབ་འགོག་སྲུང་སྤྱི་ཁྱབ་ཀྱིས་པེ་ཅིང་དང་ཐེན་ཅིན། ཧོ་པེ། ཧྲན་ཞི་བཅས་ལ་དམིགས་ནས་འབྲུབ་འགོག་རིམ་པ་བཞིའི་འཕྲལ་སྡོམ་ཁ་གཏད་འཇལ་མགོ་བརྩམས། 

  • རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཟས་རིགས་བདེ་འཇགས་གཞུང་ལས་ཁང་གིས་སྨྱན་སྦྱོར་ཐོག་བཏོན་པའི“ལྕགས་ཀྲིན་རླངས་འཁོར་གྱིས་བཟའ་བྱའི་རྩི་ཤིང་སྣུམ་སྐྱེལ་འདྲེན་བྱེད་པའི་གནད་དོན”ལ་བརྟག་དཔྱད་ཐག་གཅོད་གནས་ཚུལ་སྐོར་བརྡ་ཁྱབ་བཏང་།

05.JPG

  • ཚེས25ཉིན། རང་རྒྱལ་ནས་ཐོན་པའི་ཡན་ལག་ལམ་ཐིག་གི་འགྲུལ་སྐྱེལ་གནམ་གྲུARJ21འཛམ་གླིང་གི་རྒྱ་མཚོའི་ངོས་ལས་མཐོ་ཚད་མཐོ་ཤོས་ཀྱི་དམངས་སྤྱོད་གནམ་ཐང་ཏའོ་ཁྲེང་ཡ་ཏིང་གནམ་ཐང་ནས་དཔེ་སྟོན་འཕུར་སྐྱོད་བྱས་པ་རེད། 

  • ཚེས22ཉིན། གོ་ལ་ཧྲིལ་པོའི་མཚོ་ཐོག་ཐཱན་འཛིན་བཟུང་དང་གསོག་ཉར་ལས་སྒོའི་གྲུ་གཟིངས་ཐོག་མ་དེ“བྱང་སྣེའི་འོད་གདོང་ལེན”གྲུ་གཟིངས་བདེ་བླག་ངང་རྒྱ་མཚོར་བསྐྱོད་པའི་ཚོད་ལྟའི་གྲུ་གཟིངས་ཐེངས་དང་པོ་ལེགས་གྲུབ་བྱུང་བ་རེད།

06.JPG 

  • ཀྲུང་གུང་ལེའོ་ཉིང་ཞིང་ཆེན་ཨུ་ལྷན་གྱིས་འབྲུབ་འགོག་ཆུ་ལོག་འགོག་པའི་གེགས་སེལ་ཁྲོད་སྟབས་མ་ལེགས་པར་རང་སྲོག་བློས་བཏང་བའི་བློ་མཐུན་ལི་ཆིང་ཞུའེ་ལ“ལེའོ་ཉིང་ཞིང་ཆེན་གྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་”ཞེས་པའི་མཚན་སྙན་སྤྲད་པ་རེད། 

  • ཉེ་ཆར། ཁྲུང་ཆིང་གིས་སི་ཁྲོན་དང་ཁྲུང་ཆིང་དབར་ཕན་ཚུན་ཁས་ལེན་བྱེད་པའི་གནས་སྡོད་ལག་ཁྱེར་ཐོག་མ་བཀྲམ་པ་དང་། ལག་ཁྱེར་ཡོད་མཁན་གྱིས་སྤྱི་པའི་བོགས་གཏོང་ཁང་པ་རེ་ཞུ་བྱེད་པ་དང་སྤྱི་ཚོགས་འགན་བཅོལ་ནང་ཞུགས་པ་སོགས་གྲོང་ཁྱེར་གྱི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུར་སྟབས་བདེ་བཟོས་ཡོད་པ་རེད།

07.JPG 

  • སི་ཁྲོན་གླང་ཆེན་འགྱིང་རི་ནགས་ལས་དོ་དམ་སུའོ་ཡི་ལས་དོན་མི་སྣས་ཉེ་ཆར་རྒྱུན་གཏན་གྱི་སྐོར་གཡེང་ལྟ་ཞིབ་ཚད་ལེན་བྱེད་སྐབས། ལོ50ལྷག་ཙམ་རིང་མཐོང་རྒྱུ་མེད་པའི་ཉེན་ཆེའི་སྐམ་ཆུ་གཉིས་འཚོའི་སྲོག་ཆགས་སྟེ་རྩེ་ཁྲ་ནགས་སྦལ་རྙེད་པ་རེད།

08.JPG

  • ཚེས24ཉིན། ཨུ་རུ་སུར་ཐོག་མར་སྐྱེས་པའི་དོམ་ཁྲ“ཁ་ཆིའུ་ཧྲ”མོ་སི་ཁོའི་སྲོག་ཆགས་གླིང་གར་ལོ་གཅིག་གི་སྐྱེས་སྐར་ཐོན་པ་རེད། 

  • ཧུའུ་ནན་ཉེན་རྟོག་ཕྱོགས་ཀྱིས་གློག་འཕྲིན་གཡོ་འཕྲུལ་ཚོགས་པ་ཆེན་པོ་ཞིག་མེད་པར་བཟོས་ནས་ཉེས་གསོག་དོགས་ཅན62འཛིན་བཟུང་བྱས་པ་དང་། ཞིང་ཆེན18དང་གྲོང་ཁྱེར86དང་འབྲེལ་བ་ཡོད་པ་དང་། གྱོད་གཞི་དང་འབྲེལ་བའི་དངུལ་གྲངས་སྒོར་ཁྲི400ལྷག་ཙམ་ཡོད་པ་རེད། 

སྲིད་ཇུས།

  • ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས《དྲ་སྦྲེལ་བརྡ་ཁྱབ་དབྱེ་འབྱེད་ཐུབ་པའི་ཁྲིམས་འཛིན་ཕྱོགས་སྟོན》ཁྱབ་བསྒྲགས་བྱས་ནས་དྲ་སྦྲེལ་ལས་སྟེགས་ཀྱིས་ལས་སྟེགས་སྤྱོད་མཁན་གྱིས་ཁྲིམས་ལྟར“བརྡ་ཁྱབ”འགོད་རྒྱུར་འགོག་རྐྱེན་བཟོ་མི་ཆོག་པ་གཏན་འབེབས་བྱས་ཡོད། 

  • པེ་ཅིང་གིས་དུས་ཆེན་དང་ངལ་གསོའི་དུས་ཆེན་སྐབས་ཀྱི་སྤྱི་སྤྱོད་རླངས་འཁོར་གྱི་ཆེད་སྤྱོད་འགྲོ་ལམ་བེད་སྤྱོད་ཆོག་པའི་ཁྱབ་ཁོངས་ལེགས་སྒྲིག་བྱས་ནས། ཟླ8ཚེས31ཉིན་ནས་བཟུང་འགྲོ་ལམ་ཁག་གཅིག་ཕུད་གྲོང་ཁྱེར་ཡོངས་ཀྱི་སྤྱི་སྤྱོད་རླངས་འཁོར་གྱི་ཆེད་སྤྱོད་འགྲོ་ལམ་ཚང་མ་སྤྱི་པའི་ངལ་གསོའི་ཉིན་མོ་དང་། ཁྲིམས་གཏན་འཁེལ་བའི་དུས་ཆེན་དང་ངལ་གསོའི་དུས་ཆེན་སྐབས་སུ་སྤྱི་ཚོགས་ཀྱི་རླངས་འཁོར་གྱིས་བེད་སྤྱོད་ཆོག་པ་རེད། 

  • ཧང་ཀྲོའུ་ཡིས་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ཀྱི་སྙོམས་སྒྲིག་སྲིད་ཇུས་ལེགས་སུ་བཏང་ནས། རླངས་འཁོར་གསར་བརྗེས་ཀྱི་ཐོབ་ཐང་ཚོད་འཛིན་མེད་པར་གཏོང་བ་དང་། “ཡུན་རིང་རེ་ཞུ་བྱས་ཀྱང་མི་ཐོབ་པའི”རིགས་ཀྱི་དམིགས་ཚད་རེ་ཞུའི་ཆ་རྐྱེན་ཇེ་ལྷོད་དུ་གཏོང་བ་སོགས་ཀྱི་བྱ་ཐབས་བཏོན། 

དེ་རིང་གི་གནམ་གཤིས།

09.JPG

  • པེ་ཅིང་གི་དབུས་ལྷོ་རྒྱུད་དང་། ཐེན་ཅིན་དང་ཧོ་ནན་གྱི་བྱང་རྒྱུད། ཧྲན་ཏུང་གི་ནུབ་བྱང་རྒྱུད་སོགས་ས་ཁུལ་དུ་ཆར་ཆེན་པོ་ནས་དྲག་ཆར་འབབ་རྒྱུ་དང་། དེའི་ནང་། ཧོ་པེའི་དབུས་ལྷོ་རྒྱུད་དང་། ཧྲན་ཏུང་གི་ནུབ་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་ཅིང་། ས་ཆ་ཁ་ཤས་སུ་དྲག་ཆར་ཧ་ཅང་ཆེན་པོ་འབབ་རྒྱུ། ནང་སོག་གི་དབུས་རྒྱུད་དང་། ཧོ་པེའི་དབུས་ལྷོ་རྒྱུད། ཧྲན་ཏུང་གི་བྱང་རྒྱུད་དང་ཤར་རྒྱུད། ཧོ་ནན་གྱི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་རིམ་པ4ནས6གི་རླུང་གཡུག་རྒྱུ་རེད།


མཉམ་སྤྱོད།