དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-08-27 07:26:55   |   267

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཉེ་ཆར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་བཏང་ནས་དུས་རབས་གསར་པའི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》དཔར་འགྲེམས་བྱས།   

  • རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་རྒྱལ་ཁབ་ནུས་རྒྱུ་ཅུས་ཡིག་ཆ་བཏོན་ནས2027ལོར་སླེབས་སྐབས་ནུས་རྒྱུའི་ཁྱབ་ཁོངས་ཀྱི་སྒྲིག་ཆས་ལ་མ་འཇོག་བྱེད་པའི་གཞི་ཁྱོན2023ལོ་ལས25%ཡན་འཕར་རྒྱུ་ཡིན་ཞེས་བཏོན།

  • རྒྱལ་ཁབ་ལྕགས་ལམ་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ8པའི་ཚེས25ཉིན་བར་རྒྱལ་ཡོངས་ལྕགས་ལམ་གྱི་དབྱར་དུས་སྐྱེལ་འདྲེན་གྱིས་རིམ་རྩིས་བྱས་ན་འགྲུལ་པ་མི་ཐེངས་དུང་ཕྱུར8.02སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས6.2%འཕར་ཡོད།    

  • ནོར་སྲིད་པུས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལྟར་ན།  ད་ལོའི་ཟླ་དང་པོ་ནས་བདུན་པའི་བར་རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར135663ཟིན་ཡོད།    

  • མིག་སྔར་རྒྱལ་ཡོངས་ཀྱི་གྲོང་ཚོའི་འཕྲོད་བསྟེན་ཁང72%ལྷག་ཙམ་སྨན་བཅོས་འགན་བཅོལ་གཏོང་སྤྲོད་ཁྱབ་ཁོངས་ནང་བཅུག་ཡོད།  

  • ཚོང་དོན་པུས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔར་རང་རྒྱལ་གྱི་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་ཁ་གྲངས229ལ་སླེབས་ཡོད།

  • འགྲིམ་འགྲུལ་སྐྱེལ་འདྲེན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ6པའི་ཟླ་མཇུག་བར་རྒྱལ་ཡོངས་སུ་དྲ་རྒྱའི་ཟོག་འདྲེན་ཁེ་ལས(ཡན་ལག་སྤྱི་གཉེར་ཚུད་ཡོད་)ཁྱོན3286ཡོད།    

    1.jpg

  • ཚེས26ཉིན། སྐབས17པའི་དབྱར་ཁའི་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པས་ཁྱབ་བསྒྲགས་བྱས་པ་ལྟར་ན། མགོ་རྩོམ་མཛད་སྒོའི་སྟེང་ཀྲུང་གོའི་འཐུས་མི་ཚོགས་པའི་དར་ཆ་འཁྱེར་མཁན་བུད་མེད་རྐུབ་སྟེགས་འཁོར་ལོའི་གྲི་རྩེད་ལུས་རྩལ་པ་ཀུའུ་ཧའེ་ཡན་དང་སྐྱེས་པའི་ལྗིད་འདེགས་ལུས་རྩལ་པ་ཆི་ཡུང་ཁའེ་གཉིས་ཡིན།

  • ཟླ8པའི་ཚེས་26ཉིན། ཀྲུང་གོ་སྲིད་གཞུང་གི་ཆོག་མཆན་མ་ཐོབ་པར་ཧྥི་ལི་ཕིན་གྱིས་མཚོ་ཐོག་ཉེན་རྟོག་གྲུ་གཟིངས་ཨང4409དང4411བཏང་ནས་ཁྲིམས་འགལ་ངང་ཀྲུང་གོའི་ནན་ཧྲ་གླིང་ཚོམ་ཞན་པིན་བྲག་རྡོའི་ཉེ་འགྲམ་མཚོ་ཁོངས་སུ་འཛུལ་ཏེ། རྒྱུན་གཏན་མཚོ་འགྲུལ་བྱེད་བཞིན་པའི་ཀྲུང་གོ་ཕྱོགས་ཀྱི་མཚོ་ཐོག་ཉེན་རྟོག་གྲུ་གཟིངས་དང་ཉེ་བར་བཅར་ཏེ་དོན་དངོས་དང་མི་མཐུན་པའི་དྲིལ་སྒྲོག་དང་འུད་སྒྲོག་བྱས་པར། ཀྲུང་གོའི་མཚོ་ཐོག་ཉེན་རྟོག་པས་ཧྥི་ལི་ཕིན་གྱི་གྲུ་གཟིངས་ལ་ཁྲིམས་ཀྱི་གཏན་འབེབས་ལྟར་དོ་དམ་ཚོད་འཛིན་གྱི་བྱ་ཐབས་སྤྱད།

    སྤྱི་ཚོགས།

2.png

  • ཀྲུང་དབྱང་གནམ་གཤིས་ཁང་གིས་དྲོད་ཚད་མཐོ་བའི་ཉེན་བརྡ་སེར་པོ་ཁྱབ་བསྒྲགས་བྱས་པ་སྟེ། དེ་རིང་ཉིན་དཀར་ཧྲའན་ཞི་དང་། སི་ཁྲོན། ཁྲུང་ཆིང་། ཀུའེ་ཀུའུ། ཧུའུ་ནན། ཀྲེ་ཅང་། ཧྥུ་ཅན་སོགས་གྱི་ས་ཁུལ་ཁ་ཤས་ཀྱི་དྲོད་ཚད་མཐོ་ཤོས་ཧྲེ་ཧྲི་ཏུའུ37~39ལ་སླེབས་རྒྱུ་དང་།    ས་ཁུལ་ཁ་ཤས་ཀྱི་དྲོད་ཚད་ཧྲེ་ཧྲི་ཏུའུ40ཡན་ལ་སླེབས་རྒྱུ་རེད།

  • ཀྲུང་གོ་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱི་གྲངས་གཞི་ལས་མངོན་པ་ལྟར་ན། ལོ་སྟོད་དུ་རྒྱལ་ཡོངས་ཀྱི་གྲང་མཛོད་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར207.18བཏང་བ་དེ་དུས་མཚུངས་ལས11.39%འཕར་ཡོད།

  • སྐབས19པའི་སྐྱེས་པ་དང་སྐབས10པའི་བུད་མེད་འཛམ་གླིང་མེ་ཟོན་རོགས་སྐྱོབ་གཟེངས་རྟགས་འགྲན་བསྡུར་དེ་ཟླ9པའི་ཚེས5ནས་ཚེས11ཉིན་བར་ཧེ་ལུང་ཅང་ཧའར་པིན་དུ་འཚོག་རྒྱུ་རེད། འདི་ནི་རང་རྒྱལ་དུ་གཉེར་བའི་རྒྱལ་སྤྱིའི་མེ་ཟོན་རོགས་སྐྱོབ་ཀྱི་ལུས་རྩལ་འགྲན་སྡུར་ཐེངས་དང་པོ་ཡིན།    

  • 2018ལོའི་ཟླ10པར་ཀང་ཀྲུའུ་ཨོ་ཟམ་ཆེན་ཤར་གཏོང་བྱས་པ་ནས2024ལོའི་ཟླ7པའི་བར། ཀང་ཀྲུའུ་ཨོ་ཟམ་ཆེན་གྱི་ཀྲུའུ་ཧའེ་འགག་སྒོ་བརྒྱུད་ཕྱིར་གཏོང་ནང་འདྲེན་བྱས་པའི་དངོས་ཟོག་གི་རིན་ཐང་སྡོམ་འབོར་མི་དམངས་ཤོག་སྒོར་དུང་ཕྱུར9021.9ཟིན་ཡོད།

  • ཉིན་ཤས་གོང་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལྟར་ལྐོག་རྔན་བླངས་པའི་དོགས་པ་ཡོད་པར་བརྟེན་རྒྱལ་ཁབ་གསར་སྤེལ་དངུལ་ཁང་གི་དེ་སྔའི་ཏང་ཨུའི་ཨུ་ཡོན་ནམ་ཧང་ཀྲང་གཞོན་པ་ལི་ཅི་ཕིང་འཛིན་བཟུང་བྱ་རྒྱུའི་གཏན་འབེབས་བྱས།

3.jpg

  •   ཚེས26ཉིན་ཀྲུང་གོ་མཚོ་སྣུམ་སྤྱི་གཉེར་གྱིས་རང་རྒྱལ་གྱི་མཚོ་ཐོག་གནོན་ཤུགས་ཆེ་ཤོས་ཀྱི་རང་བྱུང་སོལ་རླངས་གསར་སྤེལ་ཁྲོན་པ“མཚོ་གཏིང་ཨང་དང་པོའི”དུས་ཐེངས་གཉིས་པའི་རྣམ་གྲངསA12ཁྲོན་པ་ཡི་ཕྱིར་གཏོང་ལས་ཀ་ལེགས་འགྲུབ་བྱུང་བ་དང་། ཚད་ལེན་ཚོད་ལྟའི་ཐོན་ཚད་སྔོན་དཔག་ལས་བརྒལ་ཡོད་ཅེས་ཁྱབ་བསྒྲགས་བྱས།

4.jpg

  • ཧྲན་ཞི་ཞི་ཞང་གི་ན་གཞོན་མི་དམངས་ཉེན་རྟོག་པ་ཧྲི་ལི་ཧའེ་མི་དམངས་ལ་སྲུང་སྐྱོབ་བྱ་ཆེད་སྐུ་གཤེགས་པ་དང་། ལོ་ན33ལས་སླེབས་མེད། ཉེ་ཆར། ཁོང་ཉིད་སྔོན་གཤེགས་དཔའ་བོར་དཔྱད་འདེམས་བྱ་རྒྱུ་རེད།

    སྲིད་ཇུས།

  • རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུ་སོགས་སྡེ་ཚན་གྱིས2024ལོའི་གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་གྲོན་དངུལ་འཇལ་བའི་ཚད་གཞི་གསར་ཤོས་ཁྱབ་བསྒྲགས་བྱས་པ་སྟེ། ནོར་སྲིད་ཁ་གསབ་དང་མི་སྒེར་གྱི་གྲོན་དངུལ་འཇལ་བའི་ཚད་གཞི་ལོ་གོང་མ་ལས་སོ་སོར་སྒོར30དང20མང་དུ་ཕྱིན་པ་དང་། མི་རེར་ལོ་རེར་སྒོར670དང400ལས་མི་ཉུང་བ་བྱེད་དགོས།    

  • ཧོ་ནན་གྱིས་ཐོན་ལས་ཞིབ་འཇུག་ཁང་གི་དཔྱད་ཞིབ་བྱ་དགའ་དང་ཁ་གསབ་ལག་བསྟར་ཞིབ་སྲོལ་ཁ་གསལ་བཟོས་ནས་ཕུལ་བྱུང་རིམ་པ་ཐོབ་པའི་ཐོན་ལས་ཞིབ་འཇུག་ཁང་ལ་བྱ་དགའ་དང་ཁ་གསབ་མ་དངུལ་སྒོར་ཁྲི200ལས་མི་བརྒལ་བའི་རྒྱབ་སྐྱོར་བྱ་རྒྱུ་ཁ་གསལ་བཏོན།

  • ཧུའུ་ནན་ཁྲང་ཧྲ་ཡིས་ཡིག་ཆ་བཏང་སྟེ། སྡོང་དམངས་ཀྱིས་ཁང་པ་གསར་པ་ཉོ་རྩིས་ཡོད་པར་ཉོ་སའི་ཆུས་དང་རྫོང་དུ་སྡོད་ཁང་མེད་ཚེ་སྡོད་ཁང་དང་པོ་ལྟར་ངོས་འཛིན་བྱས་ཏེ་ཚོང་ལས་རང་བཞིན་གྱི་མི་སྒེར་གྱི་སྡོད་ཁང་དངུལ་བུན་གཉེར་ཆོག་ཅེས་ཁ་གསལ་བཏོན།

    དེ་རིང་གི་གནམ་གཤིས།   

5.jpg  

  • ཧྲན་ཏུང་གི་དབུས་ཤར་རྒྱུད་དང་། ཅང་སུའུ་ཡི་བྱང་རྒྱུད་དང་ཤར་རྒྱུད་མཚོ་རྒྱུད་ས་ཁུལ། ཨན་ཧུའེ་ཡི་བྱང་རྒྱུད། ཧྲང་ཧའེ།  ཀྲེ་ཅང་གི་བྱང་རྒྱུད། དེ་བཞིན་ཧོ་ནན་གྱི་ལྷོ་རྒྱུད། ཡུན་ནན་གྱི་ལྷོ་རྒྱུད་སོགས་ས་ཁུལ་དུ་ཆར་བ་ཆེན་པོ་ནས་དྲག་ཆར་འབབ་རྒྱུ་རེད། དེའི་ནང་ཧྲན་ཏུང་གི་དབུས་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།