དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-08-28 07:07:18   |   351

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཟླ་དང་པོ་ནས་བདུན་པའི་བར་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་སྡོམ་འབོར་སྒོར་དུང་ཕྱུར40991.7ཟིན་པ་དེ་དུས་མཚུངས་ལས3.6%འཕར་ཡོད།    

  • ཟླ་དང་པོ་ནས་བདུན་པའི་བར་གཞུང་ཁོངས་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་སྡོམ་འབོར་སྒོར་དུང་ཕྱུར472872.7ཟིན་པ་དེ་དུས་མཚུངས་ལས1.6%འཕར་ཡོད།    

  • སྡོམ་རྩིས་གསར་ཤོས་ལ་གཞིགས་ན། 2014ལོ་ནས་བཟུང་ཞིང་ལས་སྤོ་སྒྱུར་མི་འབོར་ཁྱོན་དུང་ཕྱུར1.5བརྟན་པོའི་ངང་གྲོང་ཁྱེར་དུ་གཞིས་ཆགས་ཡོད། 

  • ཟླ7པར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་ཁྱོན་སྡོམ20151ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི28260ལ་སྐྱོན་བརྗོད་སློབ་གསོ་དང་ཐག་གཅོད་བྱས།    

  • རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་བདུན་པའི་བར་བཟོ་བའི་ལས་རིགས(制造业)ཀྱི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས5.3%འཕར་ཡོད།    

1.jpg

  • ད་ལོའི་སྟོན་དུས་སློབ་མགོ་བརྩམས་པ་ནས་བཟུང་རྒྱལ་ཡོངས་ཀྱི་སློབ་ཆུང་དང་དམའ་འབྲིང་དུ་གསར་དུ་བཟོ་བཅོས་བརྒྱབ་པའི་ཀུན་སྤྱོད་དང་ཁྲིམས་ལུགས།  སྐད་ཡིག ལོ་རྒྱུས་བཅས་ཀྱི་གཅིག་གྱུར་རྩོམ་སྒྲིག་སློབ་དེབ་སྤྱོད་རྒྱུ་ཡིན་པ་དང་། ཐོག་མར་གསར་ཞུགས་ལོ་རིམ་ནང་སྤྱོད་རྒྱུ་དང་ལོ་གསུམ་ནང་འོས་འགན་སློབ་གསོའི་དུས་མཚམས་ཀྱི་ལོ་རིམ་ཚང་མར་ཁྱབ་རྒྱུ་རེད།    

  • ཁ་ན་ཏས་ཀྲུང་གོའི་གློག་སྒུལ་རླངས་འཁོར་ལ་ཚོད་འཛིན་བྱེད་པའི་བྱ་ཐབས་སྤྱོད་རྩིས་ཡོད་པའི་ཐད་ཚོང་དོན་པུས་དགོས་ངེས་ཀྱི་བྱ་ཐབས་མཐའ་དག་སྤྱད་དེ་ཀྲུང་གོའི་ཁེ་ལས་ཀྱི་ལུགས་མཐུན་ཁེ་དབང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་ལན་བཏབ།    

  • ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ལྷོ་རྒྱུད་གཡུལ་ཁུལ་གྱིས་སྐམ་དམག་དང་མཁའ་དམག་དཔུང་སྡེ་སྒྲིག་འཛུགས་བྱས་ནས་ཟླ8པའི་ཚེས27ཉིན་ནས་བཟུང་ཀྲུང་གོ་དང་འབར་མའི་མཐའ་མཚམས་ཀྱི་རང་ཕྱོགས་སུ་མཉམ་འབྲེལ་དངོས་དམག་དངོས་མདེལ་གྱི་དམག་སྦྱོང་བྱ་རྒྱུ་རེད།

  • ཚེས26ཉིན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་སྤྲེའུ་འབྲུམ་རིམས་ནད་ལ་དམིགས་པའི་གོ་ལ་ཧྲིལ་པོའི་འཐབ་ཇུས་འགོག་ཟོན་དང་ཁ་གཏད་གཅོག་པའི་འཆར་གཞི་ལག་ལེན་བསྟར་མགོ་ཚུགས་པ་དང་། གོ་ལ་ཧྲིལ་པོ་དང་། ས་ཁུལ།    རྒྱལ་ཁབ་བཅས་ཀྱི་མཐུན་སྦྱོར་བརྒྱུད་རིམས་ནད་མཆེད་རྒྱུ་བཀག་འགོག་ཧུར་ཐག་བྱས།    

    སྤྱི་ཚོགས།

  • མི་ཤུགས་དང་སྤྱི་ཚོགས་འགན་སྲུང་པུའི་གྲངས་གཞི་ལས་མངོན་པ་ལྟར་ན།    2024ལོའི་ཉིན་བརྒྱའི་ལས་མི་འཚོལ་བའི་བྱ་སྤྱོད་སྤེལ་ཚུན། མི་སྤྱོད་ལས་ཁུངས་ཁྲི62.6གིས་ལས་གནས་ཁྲི1048.9ཁྱབ་བསྒྲགས་བྱས་པའི་ནང་མཐར་ཕྱིན་སློབ་མར་དམིགས་ནས་མཁོ་འདོན་བྱས་པའི་ལས་གནས་ཀྱིས་ཁྲི373ཟིན་ཡོད། 

  • ཉིན་ཤས་གོང་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་བསྟན་དོན། གློག་རྡུལ་ཁ་ལོ་བའི་ལག་ཁྱེར་དུང་ཕྱུར2.5སྤྲད་ཟིན་ཞིང་། པེ་ཅིང་སོགས་གྲོང་ཁྱེར60རུ་འཕྲུལ་སྒུལ་འཁོར་རིགས་གཏོང་བའི་ལག་ཁྱེར་གློག་རྡུལ་ཅན་དུ་སྒྱུར་བ་ཚོད་ལྟ་བྱས་ཏེ་ཁྱབ་གདལ་བཏང་ཡོད་ཟེར།   

  • ད་ལོའི་ཟླ་དང་པོ་ནས་བདུན་པའི་བར་ལས་བཟོའི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཐོའི་ཁྱིམ་ཚང་མཉམ་རོགས་དངུལ་གྲངས་སྒོར་དུང་ཕྱུར227ཟིན་ཡོད།    

  • ཉིན་ཤས་གོང་ཆེས་མཐོའི་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་ལྐོག་རྔན་བླངས་པའི་དོགས་པར་བརྟེན་ཅང་ཞི་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའུ་ཁོངས་མིའམ་ཀྲུའུ་ཞི་གཞོན་པ་ཧུའུ་ཆང་འཛིན་བཟུང་བྱ་རྒྱུའི་གཏན་འབེབས་བྱས།    

  •    སི་ཁྲོན་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི་གཞོན་པའམ་ཀྲུའུ་ཞི་གཞོན་པ་ཚུའེ་པའོ་ཧྭར་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པ་དང་། མིག་སྔར་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད།

  •   ཧའེ་ཁོའུ་འགག་སྒོ་ལས་ཁུངས་ཀྱིས་སྡོམ་རྩིས་བྱས་པ་ལྟར་ན། ད་ལོའི་དབྱར་ཁའི་གུང་གསེང་སྐབས་ཧའེ་ནན་གླིང་ཕྲན་དུ་ཁྲལ་རྩ་ཆག་བཏང་བའི་ཉོ་སྒྲུབ་དངུལ་གྲངས་དུང་ཕྱུར35ལས་བརྒལ་ཡོད།

  • ཧང་ཀྲོའུ་ཉེན་རྟོག་ཕྱོགས་ཀྱིས་བརྡ་ཁྱབ་ཁྱབ་བསྒྲགས་བྱས་པར་གཞིགས་ན།    ཏུང་ག་གེ་མོ(དྲ་མིང་ལ“ཐེ་ཐུའུ”ཟེར།)སོགས་ལ་བསྙད་འདོགས་རྒྱུ་འཕྲོག་ནག་ཉེས་ཀྱི་དོགས་པ་ཡོད་པས་ཁྲིམས་ལྟར་གྱོད་དོན་ཐོ་འགོད་བྱས།

2.png

  • ཉིན་ཤས་གོང་ན་གོར་མོ་ནས་ཁུར་ལེའི་བར་གྱི་ལྕགས་ལམ་གྱི་ཐའེ་ཐེ་མ་མཚེའི་འབབ་ཚུགས་སོགས་མེ་འཁོར་འབབ་ཚུགས་བཞི་དུས་གཅིག་ཏུ་ཤར་གཏོང་བྱས། དེ་ཡིས་ན་གོར་མོ་ནས་ཁུར་ལེའི་བར་གྱི་ལྕགས་ལམ་གྱི་ཞིན་ཅང་ལམ་དུམ་གྱི་གསར་དུ་བསྐྲུན་པའི་མེ་འཁོར་འབབ་ཚུགས28ཚང་མ་བེད་སྤྱོད་གཏོང་མགོ་ཚུགས་པ་དང་དངོས་ཟོག་སྐྱེལ་འདྲེན་ནུས་པ་ལྡབ་འགྱུར་གྱིས་ཆེ་རུ་སོང་བ་མཚོན།

    སྲིད་ཇུས།

  • ནོར་སྲིད་པུ་སོགས་སྡེ་ཚན་ལྔ་ཡིས་མཉམ་འབྲེལ་ཐོག་ཡིག་ཆ་བཏང་ནས་གྲོང་ཁྱེར་ནང་ཁུལ་གྱི་དཔྱ་ཁྲལ་རྩ་ཆག་གཏོང་བའི་ཚོང་ཁང་གི་སྲིད་ཇུས་འཐུས་ཚང་དུ་བཏང་སྟེ། ཀོང་ཀྲོའུ་དང་ཁྲེང་ཏུའུ། ཧྲེན་ཀྲེན། ཐེན་ཅིན། ཝུའུ་ཧན། ཞི་ཨན། ཁྲང་ཧྲ། ཧྥུ་ཀྲོའུ་སོགས་གྲོང་ཁྱེར8དུ་གྲོང་ཁྱེར་ནང་ཁུལ་གྱི་དཔྱ་ཁྲལ་རྩ་ཆག་གཏོང་བའི་ཚོང་ཁང་རེ་འཛུགས་རྒྱུ་རེད།   

  • ཐེན་ཅིན་གྱིས་དམངས་སྲིད་སྡེ་ཚན་གྱིས་སྒྲིག་འཛུགས་བྱས་པའི་རྒན་པའི་ནུས་པའི་དཔྱད་དཔོག་རིམ་པ4པ(ནུས་པ་རྦད་དེ་ཤོར་བ)ཡིན་པ་ངོས་འཛིན་བྱས་ཚེ་རྒན་གསོའི་ནད་གཡོག་ཁ་གསབ་མི་རེར་ཟླ་རེར་སྒོར400སྤྲོད་རྒྱུ་ཡིན་པ་ཁ་གསལ་བཟོས།    

  • ཧའེ་ནན་ཧའེ་ཁོའུ་ཡིས་ཤེས་ལྡན་མི་སྣའི་གཞིས་ཆགས་སྲིད་ཇུས་ལེགས་སུ་གཏོང་རྒྱུའི་ཡིག་ཆ་བཏང་ནས་ཧའེ་ཁོའུ་རུ་ཁེ་ལས་བཙུགས་པ་དང་འབྲེལ་བསྟུད་མར་གཉེར་སྐྱོང་ལོ་གསུམ་ཡན་བྱས་ཤིང་། ཟིན་ཐོ་མི་ལེགས་པ་མེད་པའི་སྤྱི་གཉེར་གྱི་ཁྲིམས་ལུགས་སུ་གཏན་འཁེལ་བྱས་པའི་འཐུས་མི་ཐད་ཀར་གཞིས་ཆགས་ཆོག  

    དེ་རིང་གི་གནམ་གཤིས།     

3.jpg

  • ཨན་ཧུའེ་ཡི་བྱང་རྒྱུད་དང་། ཅང་སུའུ་ཡི་བྱང་ཤར་རྒྱུད་དང་ལྷོ་རྒྱུད། ཀྲེ་ཅང་གི་ས་ཆ་མང་ཆེ་བ། ཧྥུ་ཅན་གྱི་ས་ཆ་མང་ཆེ་བ། ཅང་ཞིའི་ལྷོ་རྒྱུད། ཧུའུ་ནན་གྱི་ལྷོ་རྒྱུད།    ཡུན་ནན་གྱི་ནུབ་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་ཙམ་ནས་ཆེ་བའི་བར་འབབ་རྒྱུ་རེད། དེའི་ནང་ཀྲེ་ཅང་གི་བྱང་ཤར་རྒྱུད་དང་ཧྥུ་ཅན་གྱི་ཤར་རྒྱུད་མཚོ་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་དྲག་ཆར་རམ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།