དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-08-29 07:19:43   |   249

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • འགྲིམ་འགྲུལ་སྐྱེལ་འདྲེན་པུའི་གྲངས་གཞི་ལས་མངོན་པ་ལྟར་ན། དབྱར་ཁའི་སྐྱེལ་འདྲེན་བྱེད་མགོ་ཚུགས་ཚུན་སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་ལས་བརྒལ་བའི་མི་སྣ་རིམ་རྩིས་བྱས་ན་མི་ཐེངས་དུང་ཕྱུར102.18ཙམ་ཟིན་པ་དེ་དུས་མཚུངས་ལས3.7%འཕར་ཡོད།        

  • རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གསོག་འཇོག་ཅུས་ཁྱབ་བསྒྲགས་བྱས་པར་གཞིགས་ན། མིག་སྔར་རྒྱལ་ཡོངས་སུ་རིམ་རྩིས་བྱས་ན་དབྱར་འབྲུ་ཏུན་ཁྲི6000ལྷག་ཙམ་ཉོ་སྒྲུབ་བྱས་པ་དེ་དུས་མཚུངས་ལས་ཏུན་ཁྲི400ཙམ་འཕར་ཡོད།    

  • 2024ལོའི་ཀྲུང་གོའི་རྒྱལ་སྤྱིའི་གྲངས་གཞི་ཆེན་པོའི་ཐོན་ལས་དངོས་མང་སྟོན་ཚོགས་ཐོག་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལྟར་ན། 2023ལོར་ཀྲུང་གོའི་གྲངས་འཛིན་དཔལ་འབྱོར་གྱི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི53.9ཟིན་པ་དེ་ལོ་གོང་མ་ལས་སྒོར་དུང་ཕྱུར་ཁྲི3.7འཕར་ཡོད།    

  • ཀྲུང་གོ་ས་ཁམས་ཆ་འཕྲིན་ཐོན་ལས་མཐུན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་སྙན་ཞུ་ལས་མངོན་པ་ལྟར་ན། 2023ལོར་རང་རྒྱལ་གྱི་ས་ཁམས་ཆ་འཕྲིན་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྡོམ་འབོར་སྒོར་དུང་ཕྱུར8111ཟིན་པ་དེ་དུས་མཚུངས་ལས4.2%འཕར་ཡོད།     

  • བཟོ་ལས་དང་ཆ་འཕྲིན་པུས་གནས་ཚུལ་སྤེལ་བར་གཞིགས་ན། སྔོན་དཔག་བྱས་ན2025ལོར་སླེབས་སྐབས་རང་རྒྱལ་གྱིས་ཟོག་སྦྲེལ་དྲ་རྒྱའི་ཁྱབ་ཁོངས་ཀྱི་རྒྱལ་ཁབ་ཀྱི་ཚད་གཞི་དང་ལས་རིགས་ཀྱི་ཚད་གཞི30ཡན་གསར་དུ་བཟོ་རྒྱུ་རེད།   

1.jpg

  • ཚེས28ཉིན་ཀྲུང་གོ་ཚོང་ལས་མཁའ་འགྲུལ་སྤྱི་གཉེར་གྱིས་ཀྲུང་གོ་མཁའ་འགྲུལ་སྤྱི་གཉེར་དང་ལྷོ་ཕྱོགས་མཁའ་འགྲུལ་སྤྱི་གཉེར་ལ་གནམ་གྲུC919རྩིས་སྤྲོད་བྱས། དེས་གནམ་གྲུC919སྤྱོད་མཁན་མང་པོས་གཉེར་སྐྱོང་བྱེད་པའི་དུས་མཚམས་གསར་པ་ཞིག་ལ་སླེབས་པ་མཚོན།  

9996.jpg  

  • པེ་ཅིང་གི་དུས་ཚོད་ཚེས29ཉིན་གྱི་ཐོ་རེངས་ལ། ཕ་རི་སིའི་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་ཚོགས་མགོ་བརྩམས།

  • འཛམ་གླིང་ཤེས་བྱའི་ཐོན་དབང་རྩ་འཛུགས་ཀྱི་སྙན་ཞུའི་ནང་། ཀྲུང་གོའི་གོ་ལ་ཧྲིལ་པོའི་ཚན་རྩལ་གསར་གཏོད་ཁྱུ་ཚོགས་རྩེ་གྲ་བརྒྱའི་གྲངས་འབོར་ལོ་གཉིས་ལ་བསྟུད་མར་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད་ཅེས་འཁོད་ཡོད།   

    སྤྱི་ཚོགས།

  • ཉིན་བསྟུད་མར་དྲོད་ཚད་མཐོ་བའི་དབང་གིས་ཁྲུང་ཆིང་གི་ཆུས་དང་རྫོང་ཁག་གཅིག་གིས་སློབ་མགོ་ཚུགས་པའི་དུས་ཚོད་ཕྱིར་སྣུར་བྱས་ཏེ། ཟླ9པའི་ཚེས9ཉིན(གཟའ་ཟླ་བ།)བར་ལེགས་སྒྲིག་བྱས།

  • གོ་ལ་ཧྲིལ་པོའི་རྒྱུན་མཐུད་འགྲིམ་འགྲུལ་མཐོ་རིམ་གླེང་སྟེགས(2024)ཟླ9པའི་ཚེས25ནས་ཚེས26ཉིན་བར་པེ་ཅིང་དུ་འཚོག་རྒྱུ་རེད།    

3.jpg

  • ཚེས28ཉིན་ཞིན་ཅང་གི་བྱེ་ཐང་ལས་བརྒལ་བའི་ལྕགས་ལམ་སྟོང་ཕུའུ750ཡི་མཐོ་གནོན་ཚད་བརྒལ་གློག་སྐྱེལ་སྒྱུར་ལས་གྲྭ་ཐོག་མ་དེ་ལམ་ཐིག་ཧྲིལ་པོ་ཤར་གཏོང་ཐུབ་ཡོད།

  • ཉིན་ཤས་གོང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་ལྐོག་རྔན་བླངས་པའི་དོགས་པ་ཡོད་པའི་ཐོག་ནས་ཀྲུང་གོ་རྡོ་སྣུམ་རང་བྱུང་སོལ་རླངས་ཚོགས་པ་ཚད་ཡོད་སྤྱི་གཉེར་གྱི་དེ་སྔའི་ཏང་ཙུའུ་ཧྲུའུ་ཅིའམ་ཏུང་ཧྲི་ཀྲང་ཝང་དབྱི་ལིན་འཛིན་བཟུང་བྱ་རྒྱུའི་གཏན་འབེབས་བྱས།   

  • ཚེས28ཉིན་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའི་དེ་སྔའི་ཏང་ཙུའི་ཁོངས་མི་དང་ཅུ་ཀྲང་གཞོན་པ། ཀྲུང་གོ་རྐང་རྩེད་སྤོ་ལོ་མཐུན་ཚོགས་ཀྱི་དེ་སྔའི་ཏང་ཨུའི་ཧྲུའུ་ཅིའམ་ཀྲུའུ་ཞི་གཞོན་པ་ཏུའུ་ཀྲའོ་ཚའེ་ཡིས་ལྐོག་རྔན་བླངས་པའི་གྱོད་གཞིའི་འདྲི་གཅོད་དང་པོའི་ཁྲིམས་ར་འཚོགས།

  • ཧྲང་ཧའེ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་རེན་ཏུང་ཡུན་ཧུའུ་ཡིས་ལྐོག་རྔན་བླངས་པའི་གྱོད་གཞི་ཡི་བཅད་ཁྲ་ཡོངས་བསྒྲགས་སུ་ཁྱབ་བསྒྲགས་བྱས་པ་དང་ཏུང་ཡུན་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད།

  • ཧའེ་ཐུང་དངུལ་འཛིན་མ་རྐང་ཚད་ཡོད་སྤྱི་གཉེར་གྱི་དེ་སྔའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཅང་ཁྲེང་ཅུན་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པ་དང་ཉེ་ཆར་ཕྱི་རྒྱལ་དུ་འཛིན་བཟུང་བྱས་པ་མ་ཟད་རྒྱལ་ནང་དུ་ཕྱིར་སྐྱེལ། མིག་སྔར་ཧྲང་ཧའེ་གྲོང་ཁྱེར་སྒྲིག་ཨུ་དང་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད།  

  • རང་རྒྱལ་གྱི་ཚན་ཞིབ་ཚོགས་པས་ཚེ་ཚད་སྙོམས་སྒྲིག་བྱེད་པའི་གཞི་རྒྱུ་གསར་པ་ཤེས་རྟོགས་བྱུང་བ་དང་འབྲེལ་ཡོད་ཞིབ་འཇུག་གྲུབ་འབྲས་ཉེ་ཆར་རྒྱལ་སྤྱིའི་རིག་གཞུང་དུས་དེབ《རང་བྱུང་འཕྲིན་གཏོང་》ཐོག་བཀོད་ཡོད།    

4.jpg

  • རང་རྒྱལ་གྱིས་རྡོ་སོལ་ཞིང་ཁ་ཆེ་གྲས་ཀྱི་ས་རྡིབ་ཏུ་ཆུ་འབྲས་བཏབ་པ་ལེགས་འགྲུབ་བྱུང་། རྣམ་གྲངས་དེའི་ཁག་དང་པོའི་ཚོད་འདེབས་བྱས་པ་ཉིན་ཤས་གོང་བརྔ་བསྡུ་ལེགས་གྲུབ་ཟིན།   

    སྲིད་ཇུས།

  • པེ་ཅིང་གིས་ཇུས་གཞི་ཁྱབ་བསྒྲགས་བྱས་པར་གཞིགས་ན། མི་སྒེར་གྱི་རླངས་འཁོར་བེད་མེད་དུ་བཏང་ནས་ནུས་རྒྱུ་གསར་པའི་རླངས་འཁོར་ཉོ་སྒྲུབ་བྱས་པའི་ཁ་གསབ་དེ་སྔའི་སྒོར་ཁྲི1ནས་སྒོར་ཁྲི2བར་མཐོ་རུ་བཏང་ཡོད།    

  • ཅང་སུའུ་ཡིས་ཇུས་གཞིར་དཔར་འགྲེམས་བྱས་ནས་ཆུས་དང་གྲོང་ཁྱེར་ཁག་གིས་རྫོང(གྲོང་ཁྱེར་དང་ཆུས)2སོ་སོར་གཏན་འཁེལ་བྱས་ཏེ། 2024ལོའི་སྟོན་དུས་སློབ་དུས་སུ་སློབ་ཆུང་ལ་ཉིན་ལྟར་ལུས་རྩལ་སློབ་ཚན་ཐེངས་རེ་ཁྱོན་ཡོངས་ནས་ཁྱབ་གདལ་གཏོང་རྒྱུ་ཁ་གསལ་བཟོས།    

  • ལེའོ་ཉིང་གྲོང་ཁྱེར་གྱིས་བསམ་འཆར་བསྡུ་རུབ་ཀྱི་མ་ཟིན་ཁྱབ་བསྒྲགས་བྱས་ཏེ། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་པར་མི་སྒེར་གྱིས་སྤྲོད་པའི་གྲོན་དངུལ་ཆ་ཚང་རོགས་སྐྱོར་བྱ་རྩིས་ཡོད།    

    དེ་རིང་གི་གནམ་གཤིས།    

5.jpg

  • ནང་སོག་གི་བྱང་ཤར་རྒྱུད་དང་། ཧེ་ལུང་ཅང་གི་ནུབ་རྒྱུད། ཞིན་ཅང་གི་དབྱི་ལི་ལུང་གཞུང་། འབྲི་ཆུའི་ལྷོ་རྒྱུད་དང་ཤར་རྒྱུད། སི་ཁྲོན་གཤོངས་སའི་ནུབ་བྱང་རྒྱུད། ཧྭ་ནན་གྱི་ལྷོ་རྒྱུད། ཐའེ་ཝན་གླིང་ཕྲན་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་བ་འབྲིང་ཙམ་ནས་ཆེ་བའི་བར་འབབ་རྒྱུ་རེད། དེའི་ནང་ཀོང་ཏུང་དབུས་ཤར་རྒྱུད་ཀྱི་མཚོ་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་རྒྱུ་རེད།


མཉམ་སྤྱོད།