དེ་རིང་ནི2024ལོའི་ཟླ09པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-09-03 07:26:18   |   291

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།  བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

a466b58182ae34791d9845036b9e457.jpg

ཟླ9ཚེས2ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཕེབས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་ལ་ཞུགས་པ་དང་འབྲེལ་རྒྱལ་དོན་འཚམས་འདྲི་གནང་མཁན་ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལ་མ་ཧྥུ་ས་དང་གྲོས་མོལ་གནང་།  

7e84eed352b5e0f9973f166dbb2411a.jpg

ཟླ9ཚེས2ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཕེབས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་ལ་ཞུགས་པའི་ཁོང་ཀོ(ཅིན)ཙུང་ཐུང་ཆི་སའེ་ཁེ་ཏི་དང་མཇལ་འཛོམས་གནང་།

f0bee6dd939935e040e0b4c35a89782.jpg  

ཟླ9ཚེས2ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཕེབས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་ལ་ཞུགས་པའི་མ་ལིའི་ཙུང་ཐུང་ཀེ་དབྱི་ཐ་དང་མཇལ་འཛོམས་གནང་།  

c56df6519ed18ba85d1b6c6686235fd.jpg

ཟླ9ཚེས2ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཕེབས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་ལ་ཞུགས་པའི་ཁོ་མོ་ལུའོ་ཡི་ཙུང་ཐུང་ཨ་ཀྲ་ལི་དང་མཇལ་འཛོམས་གནང་།  

0ba48f3d6db60cc2679703262098c74.jpg

ཟླ9ཚེས2ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཕེབས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་ལ་ཞུགས་པའི་ཐོ་ཀོའི་ཙུང་ཐུང་ཧྥུ་ལེ་དང་མཇལ་འཛོམས་གནང་།  

95632f620d4144a97032830eef9e7af.jpg

ཟླ9ཚེས2ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཕེབས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་ལ་ཞུགས་པའི་ཅི་པོའུ་ཐིའི་ཙུང་ཐུང་ཀའེ་ལའེ་དང་མཇལ་འཛོམས་གནང་།

70dbd9fa0b0dacb1358379b9da11f82.jpg

ཟླ9ཚེས2ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཕེབས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་ལ་ཞུགས་པའི་སེ་ཧྲེའར་གྱི་ཙུང་ཐུང་ལ་མུའུ་ཁ་ལ་ཝང་དང་མཇལ་འཛོམས་གནང་།  

388262437b8c01c4c74f59b510b2872.jpg

ཟླ9ཚེས2ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཕེབས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་ལ་ཞུགས་པའི་ཨེ་རི་ཐི་ཡའི་ཙུང་ཐུང་དབྱི་ས་ཡ་སི་དང་མཇལ་འཛོམས་གནང་།

9740379bae06774f641c62da8612bad.jpg

ཟླ9ཚེས2ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཕེབས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་ལ་ཞུགས་པའི་ཀི་ནེ་ཡའི་ཙུང་ཐུང་ཏུན་པུའུ་ཡ་དང་མཇལ་འཛོམས་གནང་།  

ཀྲུང་གོའི་འགག་སྒོ་ལས་ཁུངས་ཀྱིས་བསྡོམས་རྩིས་བྱས་པར་གཞིགས་ན། ད་ལོའི་ཟླ་བདུན་པའི་བར་ཀྲུང་གོས་ཨ་ཧྥེ་རི་ཁར་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་ཁྲི1.19བཏང་བ་དེ5.5%འཕར་ནས། གཞི་ཁྱོན་ལོ་རྒྱུས་ཀྱི་དུས་མཚུངས་ལས་ཟིན་ཐོ་གསར་པ་བཏོད་ཡོད།  

ནོར་སྲིད་པུས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པ་ལྟར་ན། ད་ལོ་ཀྲུང་དབྱང་རིམ་པའི་ཚན་རྩལ་གཏོང་སྒོའི་སྔོན་རྩིས་བཀོད་སྒྲིག་སྒོར་དུང་ཕྱུར3708.28ཡིན་པ་དེ་ལོ་གོང་མ་ལས10%འཕར་ཡོད།  

རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། 《ཁྲོམ་རར་ཞུགས་འཐུས་ཀྱི་ལྡོག་ཕྱོགས་གསལ་ཐོ》གསར་པ་བཟོ་བཅོས་རྒྱག་རྒྱུར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བཞིན་ཡོད་པས། “ཁྲོམ་རར་ཞུགས་འཐུས་ཀྱི་ལྡོག་ཕྱོགས་གསལ་ཐོའི”དོན་ཚན་སྔར་བས་ཉུང་དུ་གཏོང་རྒྱུ་ཡིན་པ་རེད།  

ཀྲུང་གོ་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པར་གཞིགས་ན། ཟླ8པར་ཀྲུང་གོའི་ཟོག་འགྲེམས་ལས་རིགས་ཀྱི་དར་རྒྱས་སྟོན་གྲངས51.5%ཡིན་ལ། རྒྱ་སྐྱེད་ཁྱབ་ཁོངས་ནང་ཅུང་འཕར་ཡོད་པ་དང་། ཟོག་འགྲེམས་ལས་རིགས་ཀྱི་དར་རྒྱས་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་ཡོད།  

སྤྱི་ཚོགས། 

ཆུ་བེད་པུས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱི་འབྲུབ་དུས་གཙོ་བོ་མཇུག་གྲིལ་བ་དང་མིག་སྔར་རྒྱལ་ཡོངས་ཀྱི་འབྲུབ་དུས་སྤྱིའི་ཆ་ནས་བརྟན་པོ་ཡོད་པ་དང་། དུས་མཇུག་གི་རྒྱ་མཚོའི་རླུང་འཚུབ་ཀྱིས་རང་རྒྱལ་ལ་མུ་མཐུད་ཤུགས་རྐྱེན་ཐེབས་སྲིད།  

ཚོང་དོན་པུས་གསལ་བསྒྲགས་བྱས་དོན། ཉེ་ཆར་ཁྲིམས་འགལ་པས《དམངས་ཕན་གྲོན་དངུལ་རྙིང་པ་གསར་པ་བརྗེ་བའི་ཁ་གསབ་སྤྲོད་རྒྱུའི་སྐོར་གྱི་གཞུང་དཔང་བརྡ་ཐོ》རྫུན་བཟོ་བྱས་ནས་ཁྱབ་བསྒྲགས་བྱས་པ་དང་། འགྲོ་གྲོན་བསྡུ་ལེན་བྱས་པས་རྒྱ་ཆེའི་འཛད་སྤྱོད་པ་མགོ་སྐོར་མི་ཐེབས་པའི་རེ་བ་བཏོན་ཡོད།  

ཚེས2ཉིན་ནི་པེ་ཅིང་ཉོ་ཚོང་སུའོ་བཙུགས་ནས་ལོ་གསུམ་འཁོར་བའི་ཉིན་རེད།  གྲངས་གཞི་ལས་མངོན་པར། ལོ་གསུམ་རིང་པེ་ཅིང་ཉོ་ཚོང་སུའོ་ཡི་ཁྲོམ་ར་འཁོར་སྐྱོད་སྤྱིར་ན་བརྟན་པོ་ཡོད་པ་དང་ཡོངས་བསྒྲགས་འགྲེམས་སྤེལ་མ་དངུལ་སྒོར་དུང་ཕྱུར530ལས་བརྒལ་ཡོད་པ་རེད།  

742cc90072053d17d94b41f27a910b6.jpg

ཚེས1ཉིན“ཀླུ་མོ་རྟགས་ཅན(蛟龙号)”གྱི་མི་བཞུགས་ཆུར་འཛུལ་ཡོ་བྱད་ཞི་བདེ་རྒྱ་མཚོ་ཆེན་པོའི་ནུབ་རྒྱུད་དུ་སྨི5572ཟབ་ཚད་དུ་འཛུལ་ནས། མཚོ་གཏིང་གི་སྒྲོ་རྒྱུག་སོབ་དཀག་ཚོད་ལྟ་བདེ་བླག་ངང་ལེགས་གྲུབ་བྱུང་བ་རེད།  

རྒྱལ་ཁབ་རང་བྱུང་རྟེན་མཛོད་ཁང་པེ་ཅིང་གི་ལྷོ་དབུས་འཁོར་མདའ་རུ་འཛུགས་རྒྱུ་ཡིན་པ་དང་། སྔོན་དཔག་བྱས་ན་ཟླ9པའི་ཟླ་མཇུག་ཏུ་འཛུགས་སྐྲུན་བྱེད་མགོ་རྩོམ་རྒྱུ་རེད། 

ཧྲང་ཧའེ་ཡིས་མེ་ཟོན་བདེ་འཇགས་ཀྱི་དངོས་སྦྱོང་སློབ་ཚན་དེ་སློབ་འབྲིང་སློབ་མའི་སློབ་མགོ་རྩོམ་པའི་སློབ་ཚན་དང་པོའི”ནང་བཅུག་པ་དང་འབྲེལ་ངེས་པར་དུ་སྦྱོང་དགོས་པའི་སློབ་ཚན་དུ་བརྩིས་ནས་སློབ་སྐར་རྩིས་རྒྱག་གི་ཡོད་པ་རེད།  

སྤྱི་བདེ་པུས་བརྡ་ཁྱབ་ཁྱབ་གདལ་རྣམ་པའི་དྲ་རྒྱའི་ནག་ཐལ་ཐོན་རྫས་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་དཔེ་མཚོན་གྱོད་དཔེ8ཁྱབ་བསྒྲགས་བྱས།

48591f6dd4b90004d4e3120080d8934.jpg

ཚེས2ཉིན། ཀྲུང་གོའི་སྤོ་ལོ་རྒྱག་མཁན་ཀྲེང་ཆིན་ཝུན་གྱིས་ཨ་རིའི་ཝང་ཆིའུ་སྤོ་ལོའི་ཡོངས་བསྒྲགས་འགྲན་བསྡུར་གྱི་སྐྱེས་མའི་རྐྱང་འགྲན་གྱི་རེས་སྐོར་བཞི་པའི་འགྲན་བསྡུར་ནང་ཁ་རེ་ཤེ་ཡའི་བདམས་ཐོན་པ་ཝུའེ་ཅི་ཆི་ལས་རྣམ་པར་རྒྱལ་ནས། ལོ་གཉིས་བསྟུད་མར་ཨ་རིའི་ཝང་ཆིའུ་སྤོ་ལོའི་སྐྱེད་མའི་རྐྱང་འགྲན་ལས་རྩེ་གྲ་བརྒྱད་ཀྱི་ནང་ཚུད་ཡོད།

71ce431002a637c495688776a3e3154.jpg

སི་ཁྲོན་ཅིན་ཁྲོན་རྫོང་ཨུས་ཀེ་ཨེར་ཡུལ་ཚོ་ཏེ་ཧྲེང་སྡེ་བའི་སྡེ་སྡོད་སྡེ་བའི་ཧྲུའུ་ཅི་དང་པོ་ཧོ་ཞའོ་ཆིང་ལ“ཕུལ་བྱུང་གུང་ཁྲན་ཏང་ཡོན”གྱི་མཚན་སྙན་རྗེས་སུ་གནང་།  ཟླ8ཚེས22ཉིན་ཧོ་ཞའོ་ཆིང་གིས་ལས་ཀ་བྱེད་པའི་ལམ་བར་དུ་རླངས་འཁོར་བསྐོར་ནས་ཆུ་ནང་དུ་ལྷུངས་ཏེ་སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར།  

སྲིད་ཇུས།

ཐེན་ཅིན་གྱིས་བྱིས་པ་དང་གཞོན་ནུ་ལོ་ཆུང་གི་རྒྱང་སྒྲིབ་རྒྱགས་པའི་ཕྱོགས་བསྡུས་འགོག་སྡོམ་ལོ་གསུམ་གྱི་ཚོད་ལྟའི་བྱ་སྤྱོད་སྤེལ་མགོ་བརྩམས་ནས། སློབ་གྲྭའི་མཐོང་ཚོར་མཛའ་མཐུན་ཁོར་ཡུག་བསྐྲུན་པ་དང་། སློབ་ཁྲིད་ཁྲོད་གློག་རྡུལ་ཐོན་རྫས་སྤྱོད་པའི་དུས་ཡུན་དེ་རྩ་དོན་ཐོག་སློབ་ཁྲིད་དུས་ཡུན་བསྡོམས་འབོར་གྱི30%ལས་མི་བརྒལ་བ་བྱེད་དགོས་པའི་རེ་བ་བཏོན་པ་རེད།  

ཧྲན་ཞིས་འབྲུ་རིགས་ཉོ་ཚོང་གི་ཁྲིམས་འགལ་སྒྲིག་འགལ་བྱ་སྤྱོད་ཐེར་འདོན་བྱ་རྒྱུའི་ཡིག་ཆ་བཏང་ནས་བྱ་དགའ་ཆེས་མཐོ་ཤོས་སྒོར་ཁྲི15སྤྲོད་པ་རེད།  

ཀོང་ཀྲོའུ་ཡིས་གློག་སྒུལ་ལྕགས་རྟ་དོ་དམ་ཚད་ལྡན་དུ་བཏང་བ་དང་། གློག་སྒུལ་ལྕགས་རྟ་འགྲིམ་འགྲུལ་ཁྲིམས་འགལ་ཐེངས་གསུམ་ཡན་བྱས་ན་ལྕགས་རྟ་བཀག་ཉར་བྱ་རྒྱུ་རེད།  

དེ་རིང་གི་གནམ་གཤིས།  

cbf0496255891323f2712b1a7b21c16.jpg

ནང་སོག་དབུས་རྒྱུད་དང་ཞིན་ཅང་ལྷོ་རྒྱུད་གཤོང་སའི་ལྷོ་རྒྱུད། བོད་ལྗོངས་ཀྱི་ཤར་ལྷོ་རྒྱུད། མཚོ་སྔོན་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་ཙམ་ནས་ཆར་ཆེན་འབབ་པ་དང་། དེའི་ནང་ནང་སོག་ཧོ་ཐའོ་ས་ཁུལ་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་རྒྱུ་རེད། 


མཉམ་སྤྱོད།