དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-09-02 07:25:05   |   250

སྒྲིག་སྒྱུར། མཁའ་འགྲོ་མཚོ།   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ཟླ9ཚེས1ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ། རྒྱལ་གླུའི་ཚད་ལྡན་དཀྲོལ་གཏོང་དབྱངས་ཡིག་དང་གཞུང་ཕྱོགས་ཀྱི་སྒྲ་ཕབ་པར་གཞི་ཁྱབ་བསྒྲགས་བྱས་པ་རེད།

  • ཟླ7ཚེས1ནས་ཟླ8ཚེས31ཉིན་བར་སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་ལས་བརྒལ་བའི་མི་སྣ་འགྲོ་འོང་བྱེད་ཚད་རིམ་རྩིས་བྱས་ན་མི་ཐེངས་དུང་ཕྱུར109.17ཙམ་ཟིན་པ་དང་། དེ་ན་ནིང་གི་དུས་མཚུངས་ལས3.8%འཕར་ཡོད།

  • མིག་སྔར་རང་རྒྱལ་གྱིས་རིམ་རྩིས་བྱས་ན་ཆེད་ཞིབ་ཁྱད་གསར་བཞི་ཅན་གྱི་ཁེ་ལས་ཆུང་འབྲིང་ཁྲི14ལས་བརྒལ་བ་གསོ་སྐྱོང་བྱས་ཡོད་པ་དང་། དེ་ནང་ཆེད་ཞིབ་ཁྱབ་གསར་ཅན་ཡིན་པའི“ཞའོ་ཅུས་རེན”ལྟ་བུའི་ཁེ་ལས་ཁྲི1.2ཟིན་ཡོད།

  • རྒྱལ་ཁབ་གྲངས་གཞི་ཅུ་ཡི་གྲངས་གཞི་ལས་མངོན་པར། རང་རྒྱལ་གྱི“ཤར་གྲངས་ནུབ་རྩིས”ཀྱི་རྒྱལ་ཁབ་ཆེ་གྲས་བརྒྱད་ཀྱི་ལྟེ་བའི་ལྷུ་ཚིགས་ལ་སྐུལ་ཁྲིད་མ་འཇོག་སྒོར་དུང་ཕྱུར2000ལས་བརྒལ་བ་དང་། ད་སྔ་གྲངས་གཞིའི་ལྟེ་བའི་འཕྲུལ་འཁོར་གྱི་སྤྱིའི་གཞི་ཁྱོན་ཚད་ལྡན་འཕྲུལ་འཁོར་ཁྲི195ལས་བརྒལ་ནས་གཅིག་སྡུད་དང་སྐུལ་ཁྲིད་ཀྱི་ཕན་འབྲས་སྔར་བས་མངོན་གསལ་དོད་དུ་ཕྱིན་ཡོད་པ་རེད།

  • ད་ལོ་ནས་བཟུང་རང་རྒྱལ་གྱི་སྒུལ་ཤུགས་གློག་རྫས་ཐོན་ལས་རྒྱུན་མཐུད་ངང་འཕར་བའི་རྣམ་པ་ཐོན་ཞིང་། གྲངས་གཞི་གསར་ཤོས་ལས་མངོན་པར། ཟླ་དང་པོ་ནས་བདུན་པའི་བར་སྒུལ་ཤུགས་གློག་རྫས་ཕྱིར་ཚོང་བྱེད་ཚད་དུས་མཚུངས་ལས་25.3%འཕར་ཡོད།

  • ད་ལོའི་ལོ་སྟོད་དུ་རྒྱལ་ཁབ་ལྕགས་ལམ་ཚོགས་པའི་ལས་གཉེར་ཡོང་འབབ་སྡོམ་འབོར་སྒོར་དུང་ཕྱུར5794ཟིན་པ་དང་། ཁེ་གཙང་སྒོར་དུང་ཕྱུར17ཟིན་ནས་ལྕགས་ལམ་གཉེར་སྐྱོང་སྤུས་ཚད་དང་ཕན་འབྲས་བརྟན་པོའི་ངང་མཐོ་རུ་ཕྱིན་ཡོད་པ་རེད།

  • རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོའི་ལོ་མཇུག་བར་རང་རྒྱལ་གྱིས་རིམ་རྩིས་བྱས་ན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་སྨན་བཅོས་རུ་མི་ཐེངས་ཁྲི2.5མངགས་པ་དང་ནད་པ་མི་ཐེངས་དུང་ཕྱུར2.3ལ་སྨན་བཅོས་བྱས་ཡོད།

  • ཟླ8ཚེས31ཉིན། ཕ་རི་སིའི་དབང་པོ་སྐྱོན་ཅན་གྱི་ཨའོ་རྩལ་འགྲན་ཚོགས་མགོ་ཚུགས་རྗེས་ཀྱི་འགྲན་བསྡུར་ཉིན་མོ་གསུམ་པར་སླེབས་ཤིང་། ཀྲུང་གོའི་འཐུས་མི་ཚོགས་པས་ཉིན་གཅིག་ལ་གསེར་གྱི་རྟགས་མ8བླངས་པ་རེད།

  • མིག་སྔར་འཇར་པན་ཏུང་ཅིང་གི་ཧྲང་ཡེ་སྲོག་ཆགས་གླིང་དུ་འཚོ་བ་སྐྱེལ་བཞིན་པའི་དོམ་ཁྲ“པི་ལི”དང་དོམ་ཁྲ“ལྷ་མོ”ཟླ9ཚེས29ཉིན་ཀྲུང་གོར་ཕྱིར་ལོག་བྱ་རྒྱུ་ཡིན་པ་རེད།

སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་མུ་མཐུད་དུ་དྲོད་ཚད་མཐོ་བའི་སྔོན་བརྡ་སེར་པོ་བཏང་སྟེ། དེ་རིང་ཉིན་མོར་ཧྲའན་ཞི་སོགས་ཞིང་ཆེན་དང་གྲོང་ཁྱེར9ཡི་ས་ཁུལ་ཁག་གཅིག་གི་དྲོད་ཚད37℃ལས་བརྒལ་རྒྱུ་དང་། ཁྲུང་ཆིང་དང་ཅང་ཞིའི་ས་ཁུལ་གྱི་དྲོད་ཚད40℃ལ་སླེབས་རྒྱུ་རེད།

12.jpg

  • ཚེས1ཉིན་གྱི་ཆུ་ཚོད12པར་ཀྲུང་གོའི་བྱང་གི་འཕྲེད་ཐིག་ཏུའུ35ཡི་བྱང་རྒྱུད་ཀྱི་པོ་ཧའེ་རྒྱ་མཚོ་དང་། ཧོང་ཧའེ་རྒྱ་མཚོའི་མཚོ་ཁོངས་དུས་ཡུན་ཟླ་བ་བཞིའི་རྒྱ་མཚོའི་ཉ་འཛིན་མཚམས་འཇོག་པའི་དུས་ཚོད་མཇུག་འགྲིལ་བ་དང་། ཉ་གྲུ་ཁྲི5ལྷག་ཙམ་འགྲན་རྩོད་ཀྱིས་རྒྱ་མཚོར་བསྐྱོད་དེ་རེས་སྐོར་གསར་པའི་མཚོ་བཅད་ཉ་གསོའི་ལས་ཀ་བྱེད་མགོ་བརྩམས་པ་རེད།

  • རྒྱལ་ཁབ་གློག་བརྙན་ཅུ་ཡི་སྡོམ་རྩིས་བྱས་པར་གཞིགས་ན། 2024ལོའི་དབྱར་གསེང་སྐབས(2024ལོའི་ཟླ6ཚེས1ཉིན་ནས་ཟླ8ཚེས31ཉིན་བར)རྒྱལ་ཡོངས་ཀྱི་གློག་བརྙན་སྤ་སེ་བཙོང་ཚད་སྒོར་དུང་ཕྱུར116.43ཟིན་པ་དང་། གློག་བརྙན་ལྟ་མཁན་མི་ཐེངས་དུང་ཕྱུར2.85ཟིན་ཡོད།

21.jpg

  • ཚེས1ཉིན“རི་ཆུ་རྟགས་ཅན”(山河号)གྱི་ཕུབ་བཟོ་འཕྲུལ་འཁོར་དེ་རྒྱལ་ནང་གི་ཚངས་ཐིག་ཆེ་ཤོས་ཀྱི་ཆུ་འོག་གི་ཕུག་ལམ་སྟེ། ཅི་ནན་གྲོང་ཁྱེར་ཧོང་ཀང་ལམ་ཁྲོན་ཧོང་ཕུག་ལམ་བརྒྱུད་ནས་བདེ་བླག་ངང་ཐོན་མགོ་ཚུགས་ཡོད།

  • ཀྲེ་ཅང་ཉིང་པོ་ནས་གནའ་ཤུལ་གསར་པ་ཞིག་རྙེད་པ་དང་། གནའ་ཤུལ་དེ་ནི་ཡའོ་པེ་བདེ་ཐང(姚北平原)ས་ཁུལ་གྱི་ཆེ་འབྲིང་ཅན་གྱི་མིའི་རིགས་འདུས་སྡོད་བྱེད་ས་ཡིན་པ་དང་། ལོ་རབས་ནི་ཧྲང་ཀྲོའུ་ནས་མིང་ཆིང་དུས་སྐབས་བར་རྒྱུན་མཐུད་བྱས་ཡོད།

  • ཏ་ལེན་མཚོ་དོན་ཅུ་ཡིས་མཚོ་འགྲུལ་གྱི་ཐ་ཚིག་བསྒྲགས་ནས་ཚེས16ཉིན་གྱི་ཆུ་ཚོད16ནས་ཚེས8ཉིན་གྱི་ཆུ་ཚོད16བར་པོ་ཧའེ་མཚོ་འགག་ནས་ཧོང་ཧའེ་རྒྱ་མཚོའི་བྱང་རྒྱུད་ཀྱི་མཚོ་ཁོངས་ཁག་གཅིག་ཏུ་དམག་དོན་ལས་འགན་སྒྲུབ་ནས་བསྐྱོད་རྒྱུ་གཏན་འགོག་བྱས་པའི་ཉེན་བརྡ་བཏང་བ་རེད།

640 (1).gif

  • ཨན་ཧུའེ་ཡི་བྱིས་པ་ཞིག་གིས་སེམས་ཆུང་མ་བྱས་པར་གློག་སྒུལ་གསུམ་འཁོར་གཞུང་ལམ་དུ་བཏང་བ་དང་། ཉེན་ཁ་ཆེ་བའི་འགག་རྩའི་དུས་སུ་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་ཚའོ་དབྱང་གིས་སྐབས་ཤིག་རིང་མདུན་དུ་བསྐྱོད་དེ་རླངས་འཁོར་བདེ་བླག་ངང་འཐེན་ནས་བྱིས་པ་བསྐྱབས་པ་རེད།

སྲིད་ཇུས།

  • ཚེས1ཉིན་ཁྱབ་བསྒྲགས་བྱས་པའི་ལྕགས་ལམ་གྱི་འགྲུལ་པ་སྐྱེལ་འདྲེན་སྒྲིག་སྲོལ་གསར་པར་གཞིགས་ན། འགྲུལ་སྐྱེལ་སྒྲིག་སྲོལ་གསར་པས་མེ་འཁོར་སྤ་སེ་བསྒྱུར་བའི་ཁྱབ་ཁོངས་རྒྱ་ཆེར་བཏང་ནས་འགྲུལ་པས་རླངས་འཁོར་མ་བཏང་གོང་དང་རླངས་འཁོར་བཏང་རྗེས་ཉིན་དེར་སྔོན་འཚོང་དུས་ཚོད་ནང་གི་སྤ་སེ་བསྒྱུར་ཆོག་པ་ཁ་གསལ་བཟོས་ཡོད།

  • ཧྲང་ཧའེ་ཡིས་སྲིད་ཇུས་གསར་པ་ཁྱབ་བསྒྲགས་བྱས་ཏེ། རིམ་པ་མང་བ་དང་། མཐོ་རིམ་ཆུང་བ། མཐོ་རིམ་ཁང་པ་བཅས་ཀྱི་ཚོང་སྒྱུར་སྡོད་ཁང་འབྲིང་ཆུང་གི་འཛུགས་སྐྲུན་རྒྱ་ཁྱོན་གྱི་ཚད་གཞི་སོ་སོར་ཤོ་སྨི100དང་། ཤོ་སྨི110 ཤོ་སྨི120བཅས་སུ་ལེགས་སྒྲིག་བྱས་ཡོད།

  • ཧོ་པེས་སྨན་བཅོས་འགན་བཅོལ་གྱི་རྩིས་རྒྱག་ཁྱབ་ཁོངས་ནང་འཇུག་རྒྱུའི་རེ་ཞུ་བྱས་པའི་གྲོང་གསེབ་གཞི་གཅིག་ཅན་གྱི་གྲོང་ཚོའི་འཕྲོད་བསྟེན་ཁང་ལ་ངེས་པར་དུ་འཚོལ་བསྡུ་སྨན་རྫས་རིགས20ལས་མི་ཉུང་བ་བཀོད་སྒྲིག་བྱེད་དགོས་པ་དང་། གཙོ་བོ་ནང་གི་ཟགས་ཐོན་དང་དེ་བཞིན་བརྗེ་ཚབ་རིགས་དང་། སྙིང་ཀླད་ཁྲག་རྩའི་ནད། འཇུ་བྱེད་མ་ལག་གི་ནད། དབུགས་ལམ་མ་ལག་གི་ནད་སོགས་རྒྱུན་མཐོང་ནད་དང་གཅོང་ནད་ཀྱི་སྨན་སྤྱོད་དགོས་པ་ཁ་གསལ་བཏོན་ཡོད།

དེ་རིང་གི་གནམ་གཤིས།

31.jpg

  • ཞིན་ཅང་བྱང་རྒྱུད་ཀྱི་ནུབ་རྒྱུད་དང་། ཧྲའན་ཞིའི་བྱང་ཤར་རྒྱུད། ཧྲན་ཞིའི་ལྷོ་རྒྱུད། ཧོ་ནན་གྱི་དབུས་ནུབ་རྒྱུད། སི་ཁྲོན་གྱི་ལྷོ་ནུབ་རྒྱུད་དང་དེ་བཞིན་གཤོངས་སའི་ནུབ་རྒྱུད་དང་ལྷོ་རྒྱུད། ཀུའེ་ཀྲོའུ་ཡི་ལྷོ་ནུབ་རྒྱུད། ཡུན་ནན་གྱི་བྱང་རྒྱུད་དང་ལྷོ་ནུབ་རྒྱུད། ཀོང་ཞི་ཡི་ལྷོ་ནུབ་རྒྱུད། ཧའེ་ནན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་རྒྱུ་དང་། དེའི་ནང་ཧྲན་ཞིའི་ལྷོ་རྒྱུད་སོགས་ས་ཁུལ་ཁག་ཏུ་དྲག་ཆར་འབབ་རྒྱུ་རེད།


མཉམ་སྤྱོད།