དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-09-09 07:34:03   |   446

སྒྲིག་སྒྱུར།   སངས་དོན།    ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།    བཤེར་འབེབས།   རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཀྲུང་གུང་ཀྲུང་དབྱང་གི་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི་བློ་མཐུན་ཞི་ཅིན་ཕིང་གི《སློབ་གསོའི་སྐོར་གླེང་པ》ཞེས་པ་ཉེ་ཆར་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་པ་རེད། 

  • ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉིན་ཤས་གོང་བཀའ་རྒྱར་མིང་རྟགས་བཀོད་ནས《དམག་དཔུང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག》ཁྱབ་བསྒྲགས་བྱས་པ་དང་། 2024ལོའི་ཟླ10པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

  • ཟླ9བའི་ཚེས8ཉིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྐབས་བཅུ་བདུན་པའི་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པར་རྟེན་འབྲེལ་གློག་འཕྲིན་བཏང་། 

01.jpg

  • 2024ལོའི་ཕ་རི་སིའི་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཐོག ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པར་གསེར་གྱི་རྟགས་མ94དང་། དངུལ་གྱི་རྟགས་མ76དང་། ཟངས་ཀྱི་རྟགས་མ50བཅས་ཁྱོན་སྡོམ་བྱ་དགའི་རྟགས་མ220ཡི་ཕུལ་བྱུང་གྲུབ་འབྲས་ཐོབ་ནས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་སྐབས་དྲུག་ལ་བསྟུད་མར་གསེར་གྱི་རྟགས་མའི་ཨང་རིམ་དང་བྱ་དགའི་རྟགས་མའི་ཨང་རིམ་གཉིས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད། 

  • དགེ་རྒན་དུས་ཆེན་ཐེངས40པར་རྟེན་འབྲེལ་ཞུ་བ་དང་རྒྱལ་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱེད་པའི་བྱེད་སྒོ་དེ་ཟླ9པའི་ཚེས8ཉིན་པེ་ཅིང་དུ་འཚོགས་པ་རེད། རྒྱལ་ཡོངས་ཀྱི་ལས་ཁུངས585དང་མི1790ལ་གཟེངས་བསྟོད་ཐོབ་པ་རེད། 

  • དངུལ་འཛིན་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་གཏན་འབེབས་ཡོངས་བསྒྲགས་བྱས་ནས་ལས་གནས་ལས་བྲལ་མཁན་དེ་མ་རྐང་ནང་ཞུགས་མི་ཆོག་པའི་དུས་བཀག་རིང་དུ་བཏང་ནས། ལས་གནས་ལས་བྲལ་མཁན་ལ་ལྟ་སྐུལ་དོ་དམ་ནན་པོ་བྱེད་པའི་ཁྱབ་ཁོངས་ཆེ་རུ་བཏང་ཡོད། 

02.jpg

  • རྒྱལ་ཁབ་ནུས་རྒྱུ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོའི་ལོ་མཇུག་བར། རང་རྒྱལ་གྱི་ནུས་རྒྱུ་གཙང་མའི་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་ཁྲི3.8ཙམ་ཟིན་ཡོད། དེས་གློག་གཏོང་ཚད་སྡོམ་འབོར་གྱི40%ཙམ་བཟུང་བ་དང་། 2013ལོ་ལས15%ཙམ་འཕར་ཡོད་པ་རེད། 

  • ཚོང་དོན་པུའུ་སོགས་སྡེ་ཁག་གསུམ་གྱིས་པེ་ཅིང་དང་ཐེན་ཅིན། ཧྲང་ཧའེ་སོགས་སུ་ཕྱི་རྒྱལ་ཚོང་པའི་མ་རྩ་ཁེར་འཇོག་བྱས་པའི་སྨན་ཁང་འཛུགས་ཆོག་པའི་བརྡ་ཐོ་བཏང་བ་རེད། 

  • ཚེས8ཉིན། ཨ་ཧྥེ་རི་ཁའི་མ་ཏ་ཀ་སི་ཁར(马达加斯加)ནས་ཐོན་པའི་འཁྱག་གཏོང་ལུག་ཤ་ཁག་གཅིག་ཧུའུ་ནན་ཧོང་ཤིན་ནང་འདྲེན་ཤ་རིགས་ཀྱི་གཏན་འཁེལ་ཞིབ་བཤེར་ར་བར་དབོར་བ་དེ་ནི་རང་རྒྱལ་གྱིས་ཨ་ཧྥེ་རི་ཁ་ནས་ནང་འདྲེན་བྱས་པའི་ལུག་ཤའི་ཐོན་རྫས་ཐོག་མ་དེ་ཡིན་པ་རེད། 

སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་བརྟག་དཔྱད་ཁང་གིས་སྔོན་བརྡ་བཏང་བ་ནི། དེ་རིང་། ཨན་ཧུའེ་དང་ཧུའུ་པེ། ཧུའུ་ནན། ཅང་ཞི། ཀྲེ་ཅང་། སི་ཁྲོན། ཁྲུང་ཆིན་སོགས་ས་ཁུལ་ཁ་ཤས་ཀྱི་ཆེས་མཐོའི་དྲོད་ཚད་ནི37~39℃ཡིན། 

  • རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཆམ་རིམས་རིམས་འགོག་སྨན་ཁབ་ནི་ཆམ་རིམས་མ་མཆེད་པའི་དུས་ཚིགས་གོང་། སྨན་ཁབ་རྒྱག་པའི་གོ་རིམ་ལྟར་སྔོན་འགོག་བྱས་ན་ཕན་འབྲས་དེ་བས་ལེགས་པ་དང་སྤྱིར་བཏང་དུ་ཟླ10པའི་ཟླ་མཇུག་གོང་སྨན་ཁབ་རྒྱག་དགོས་པའི་གྲོས་མགོ་བཏོན་ཡོད། 

  • ཀྲུང་གོའི་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱི་གྲངས་གཞི་ལས་མངོན་པ་ལྟར་ན། ད་ལོའི་ཟླ1པོ་ནས7པའི་བར་རྒྱལ་ཡོངས་ཀྱི་སྤྱི་ཚོགས་ཟོག་འགྲེམས་སྡོམ་འབོར་སྒོར་དུང་ཕྱུར་ཁྲི197.7ཟིན་པ་དང་། དུས་མཚུངས་ལས5.5%འཕར་ཡོད། 

  • ད་ལོའི་ནང་། པེ་ཅིང་ཏ་ཤིན་རྒྱལ་སྤྱིའི་གནམ་ཐང་གི་ས་འོག་ཏུ་སླར་ཡང་མེ་འཁོར་བབས་ཚུགས་ཤིག་འཛུགས་རྒྱུ་ཡིན་པ་རེད།  འདི་ནི་ཅིང་ཞུང་གྲོང་ཁྱེར་དབར(京雄城际)གྱི་ཏ་ཤིན་གནམ་ཐང་བབས་ཚུགས་དང“ཟུང་སྐར”དུ་འགྱུར་རྒྱུ་རེད། 

  • རང་རྒྱལ་གྱི་དམངས་སྲིད་སློབ་གསོའི་ཁྱབ་ཁོངས་ཀྱི་དངོས་གཞིའི་ཚན་ཁག་གི་མཐོ་སློབ་དང་པོ་སྟེ། དམངས་སྲིད་ལས་རིགས་སློབ་ཆེན་ཉིན་ཤས་གོང་པེ་ཅིང་དུ་བཙུགས་པ་རེད། སྟོན་དུས་ཀྱི་སློབ་དུས་ནས་བཟུང་། སློབ་གྲྭ་དེའི་གཉེན་སྒྲིག་ཞབས་ཞུ་དང་དོ་དམ་ཆེད་ལས་ཀྱིས་སྐབས་དང་པོའི་དངོས་གཞིའི་ཚན་ཁག་གི་སློབ་མ་བསྡུ་རྒྱུ་ཡིན་པ་དེའང་རང་རྒྱལ་གྱི་གཉེན་སྒྲིག་རིགས་ཀྱི་ལས་རིགས་དངོས་གཞིའི་ཚན་ཁག་དང་པོ་དེ་ཡིན་པ་རེད། 

  • ཉིན་ཤས་གོང་། སྤྱི་བདེ་པུས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་ཚོགས་པ་ལྔ་སོགས་མ་དངུལ་སྒྱུར་སྤྲོད་ལ་རྒྱབ་སྐྱོར་བྱས་པའི་ཉེས་གསོག་དོགས་ཅན་ཁམ་ཕུ་ཁྲེ(柬埔寨)ནས་རང་རྒྱལ་དུ་བཟུང་སྐྱེལ་བྱས་པ་རེད། 

  • རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། 2021ལོའི་ཟླ10པར་དོམ་ཁྲའི་རྒྱལ་ཁབ་སྤྱི་གླིང་དངོས་སུ་བཙུགས་ཚུན་ཏུ། དོམ་ཁྲའི་གྲངས་འབོར་འཕར་ནས་དོམ་ཁྲའི་རྗེས་ཤུལ1588ཟིན་ཐོ་རུ་བཀོད་ཡོད་པ་རེད། 

03.jpg

  • ཉེ་ཆར། ཨན་ཧུའེ་ཧོ་ཆིའུ་རྫོང་ཧོ་ཁོའུ་གྲོང་རྡལ་ཧྲི་སན་དབན་གྲོང་ཚོས་ཚད་གཞི་མཐོ་བའི་ཞིང་ཁ་བཅོས་སྒྲིག་བྱེད་རིང་། གནའ་བོའི་དངུལ་ལོར་འབོར་ཆེན་ཤེས་རྟོགས་བྱུང་ནས་ས་གནས་དེ་གའི་རིག་གནས་དོ་དམ་སུའོ་ཡི་ལས་དོན་མི་སྣས་མྱུར་སྐྱོབ་རང་བཞིན་གྱི་སྔོག་འདོན་བྱས་པ་རེད། 

04.jpg

  • ཉེ་ཆར། ཅང་སུའུ་ལན་ཡུན་ཀང་གྲོང་ཁྱེར་གྱི་གཞོན་ནུ་ཞིག་ཆུ་རྐྱལ་རྒྱག་སྐབས་གཟབ་གཟབ་མ་བྱས་པར་ཆུར་བྱིང་ཡོད། ཆུ་རྐྱལ་ལ་དགའ་པོ་བྱེད་མཁན་ཁྲེང་ཧེང་ཅེ་ཆུ་གཏིང་དུ་ཐེངས་གཉིས་འཛུལ་ཏེ་ཆུར་བྱིང་མཁན་བསྐྱབས་རྗེས་གློ་སྙིང་སླར་གསོ་བྱས་ཏེ་ཚེ་སྲོག་བསྐྱབས་པ་རེད། 

སྲིད་ཇུས།

  • ཧྲན་ཏུང་གིས་སློབ་གྲྭས་སློབ་མར་སློབ་ཚན་རྗེས་ཀྱི་ཞབས་ཞུ་ཐད་ཀར་མཁོ་འདོན་བྱས་ཚེ། ཞབས་ཞུའི་རང་བཞིན་གྱི་འགྲོ་གྲོན་བསྡུ་ཆོག་པ་དང་སློབ་མ་རེར་སློབ་ཚན་རེར་སྒོར3.5ལས་མི་བརྒལ་རྒྱུ་ཁ་གསལ་བཏོན་ཡོད་པ་རེད། 

  • ཧྥུའུ་ཅན་གྱིས་བརྡ་ཐོ་པར་འགྲེམས་བྱས་ནས་གསར་དུ་བསྐྲུན་པའི་བོགས་གཏོང་ཁང་པའི་རྣམ་གྲངས་དེ་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་བཞི་མ70ལས་མི་བརྒལ་བའི་དུད་ཁྱིམ་ཆུང་གྲས་གཙོ་བོར་བྱས་ཏེ། བསྡུར་ཚད20%ལས་མི་མཐོ་བ་མ་ཟད། རྒྱ་ཁྱོན་སྨི་ངོས་གྲུ་བཞི་མ90ལས་མི་བརྒལ་བའི་དུད་ཁྱིམ་ཆུང་གྲས་སྡེབ་སྒྲིག་བྱེད་ཆོག་ཅེས་ཁ་གསལ་བཏོན་ཡོད་པ་རེད། 

  • ཞུང་ཨན་ཁུལ་གསར་གྱིས་ཁུལ་གསར་དུ་སྡོད་ཁང་གི་སྤྱི་གསོག་མ་དངུལ་འཇལ་མཁན་གྱི་ཁང་པ་ཉོ་མཁན་ལས་བཟོས་ཁུལ་གསར་གྱི་ཁྱབ་ཁོངས་ནང་ཁྲོམ་ར་ཅན་གྱི་རྣམ་གྲངས་སྡོད་ཁང་ཉོ་སྐབས། རང་ཉིད་དང་དེ་བཞིན་བཟའ་ཟླའི་མིང་ཐོག་ནས་སྡོད་ཁང་གི་སྤྱི་གསོག་མ་དངུལ་བླངས་ནས་ཁང་པ་ཉོ་བའི་དངུལ་ཐོག་མ་སྤྲོད་ཆོག་པའི་བརྡ་ཐོ་བཏང་བ་རེད། 

དེ་རིང་གི་གནམ་གཤིས། 

05.jpg

  • ནང་སོག་གི་ནུབ་རྒྱུད་དང་། མཚོ་སྔོན་གྱི་ཤར་རྒྱུད། ཉིང་ཞའི་བྱང་རྒྱུད། ཧྲན་ཤིས་ནུབ་བྱང་རྒྱུད། ཧྭ་བྱང་གི་ས་ཁུལ་མང་ཆེ་བ། ལེའོ་ཉིང་གི་ནུབ་རྒྱུད། སི་ཁྲོན་གཤོངས་སའི་ནུབ་རྒྱུད། ཡུན་ནན་གྱི་ལྷོ་རྒྱུད། ཧྭ་ནན་གྱི་ས་ཁུལ་མང་ཆེ་བ་སོགས་སུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་རྒྱུ་རེད། དེའི་ནང་། ཧྲན་ཤིས་ཀྱི་བྱང་རྒྱུད་དང་ཡུན་ནན་གྱི་ཤར་ལྷོའི་རྒྱུད། ཀོང་ཤིས་ཀྱི་ནུབ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་དྲག་ཆར་ནས་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།