དེ་རིང་ནི2024ལོའི་ཟླ12པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-09-10 07:32:29   |   887

སྒྲིག་སྒྱུར།   སངས་དོན།     ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།    བཤེར་འབེབས།   རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

01.jpg

  • ཟླ9པའི་ཚེས9ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་གི་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཀྲུང་གོར་དངོས་སུ་འཚམས་འདྲི་གནང་བར་ཕེབས་པའི་ནོར་ཝེའི(挪威)དབུ་བཞུགས་བློན་ཆེན་སི་ཐེ་ལེ་དང་མཇལ་འཛོམས་གནང་།

02.jpg

  • ཟླ9པའི་ཚེས9ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་གི་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཀྲུང་གོར་དངོས་སུ་འཚམས་འདྲི་གནང་བར་ཕེབས་པའི་སི་ཕེན(西班牙)གྱི་དབུ་བཞུགས་བློན་ཆེན་སང་ཆེ་སི་དང་མཇལ་འཛོམས་གནང་། 

  • ཟླ9པའི་ཚེས9ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྲའོ་ཞན་གྱི་རྒྱལ་སྟོན་ལོ་ངོ76འཁོར་བར་ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་དོན་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་ལ་རྟེན་འབྲེལ་གློག་འཕྲིན་བཏང་བ་རེད། 

རྒྱལ་ཁབ་སྡོམ་རྩིས་ཅུས་གྲངས་གཞི་ཁྱབ་བསྒྲགས་བྱས་པར་གཞིགས་ན། 1979ལོ་ནས2023ལོའི་བར། རང་རྒྱལ་གྱི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་སྡོམ་འབོར་ལོ་རེར་ཆ་སྙོམས་ཀྱིས8.9%འཕར་བ་དང་། དུས་མཚུངས་ཀྱི་འཛམ་གླིང་དཔལ་འབྱོར་གྱི་འཕར་ཚད3%གྱི་ཆུ་ཚད་ལས་མཐོ་བ་ཡོད་པ་རེད། 

  • ཟླ8པར། རྒྱལ་ཡོངས་ཀྱི་གྲོང་མིའི་འཛད་སྤྱོད་རིན་གོང་གི་སྟོན་གྲངས(CPI)མུ་མཐུད་དུ་འཕར་བ་དང་། དུས་མཚུངས་ལས0.6%འཕར་ཡོད། 

  • རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་ཚོང་དོན་པུའུ་ཡིས《ཕྱི་རྒྱལ་ཚོང་པའི་མ་འཇོག་ཆོག་འཐུས་ཀྱི་དམིགས་བསལ་དོ་དམ་བྱ་ཐབས(བཀག་རྒྱ་གསལ་ཐོ)(2024ལོའི་པར་གཞི)》ཡོངས་བསྒྲགས་བྱས་ཏེ། བཟོ་སྐྲུན་ལས་རིགས་ཁྱབ་ཁོངས་ཀྱི་ཕྱི་ཕྱོགས་མ་དངུལ་ཆོག་འཐུས་ཀྱི་ཚོད་འཛིན་ཕྱོགས་ཡོངས་ནས་མེད་པ་བཟོ་རྒྱུ་རེད། 

  • ཚན་རྩལ་པུ་ནས་གནས་ཚུལ་སྤེལ་བ་ལྟར་ན། 2023ལོར། རང་རྒྱལ་གྱི་མཐོ་རིམ་སློབ་གྲྭས་ནང་བཤུག་གཏོང་བ་དང་ཆོག་འཐུས་སོགས་བྱེད་ཐབས་ཁག6ལ་བརྟེན་ནས་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་བྱེད་པའི་སྤྱིའི་གན་རྒྱའི་མ་དངུལ་སྒོར་དུང་ཕྱུར2054.4སླེབས་ཡོད་པ་རེད། 

  • ནོར་སྲིད་པུས་ཟླ9པའི་ཚེས23ཉིན་གྱི་གཟའ་འཁོར་དེར་ཧྥ་རན་སེའི་ཕ་རི་སིར་ཡོ་སྒོར(欧元)གྱི་བདག་དབང་བུན་འཛིན་འགྲེམས་སྤེལ་བྱ་རྒྱུ་ཡིན་པ་རེད། 

  • ཚེས9པའི་ཉིན། ཚོང་དོན་པུས་སྤྱི་བསྒྲགས་སྤེལ་ནས་དེ་སྔར་ཁ་ན་ཏ(加拿大)ནས་ཐོན་པའི་ལོག་དཀར་ལ་ཕམ་ཚོང་ལ་ངོ་རྒོལ་བྱེད་པའི་གྱོད་དོན་ཐོ་འགོད་ཀྱིས་བརྟག་དཔྱད་བྱས་པ་རེད། 

  • ཚེས9པའི་ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་ཞི་བདེ་དང་བདེ་འཇགས་ཀྱི་མཉམ་ལས་ནི་དུས་རབས་གསར་པར་དུས་དང་རྣམ་པ་ཀུན་ཏུ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་ཁྱབ་ཁོངས་གལ་ཆེན་ཞིག་ཡིན་པས།  ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་མཉམ་དུ་ས་འོག་འབར་མདེལ་མེད་པ་བཟོ་བའི(扫雷)མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཨ་ཧྥེ་རི་ཁ་གླིང་གིས་ས་འོག་འབར་མདེལ་གྱི་ཉེན་ཁ་ལས་སྔ་ཙམ་སྒྲོལ་རོགས་བྱེད་འདོད་ཡོད་ཅེས་གསུངས་པ་རེད། 

སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་བརྟག་དཔྱད་ཁང་གིས་དྲོད་ཚད་མཐོ་བའི་མདོག་སེར་པོའི་སྔོན་བརྡ་བཏང་བ་སྟེ། དེ་རིང་། ཨན་ཧུའེ། ཧུའུ་པེ། ཧུའུ་ནན། ཅང་ཞི། ཀྲེ་ཅང་། སི་ཁྲོན། ཁྲུང་ཆིན་སོགས་ས་ཁུལ་ཁ་ཤས་ཀྱི་ཆེས་མཐོའི་དྲོད་ཚད་ནི་37~39℃ཡིན་པ་དང་། ཁྲུང་ཆིན་བྱང་ཤར་རྒྱུད་ཀྱི་ས་ཁུལ་ཁ་ཤས་སུ་ཏུའུ40ཡན་ལ་སླེབས་རྒྱུ་རེད། 

  • རང་རྒྱལ་གྱིས་སྐོར་ཁག་ལྔ་པའི་བྱིས་པའི་སྨན་རྫས་ཞིབ་འཇུག་གསར་སྤེལ་བྱ་རྒྱུར་སྐུལ་ལྕག་བྱེད་པའི་གསལ་ཐོ་ཁྱབ་བསྒྲགས་བྱས་ཤིང་། དེ་དག་ལུས་ཡོངས་སུ་གཉན་ཁ་འགོག་པའི་སྨན་དང་དབུགས་ལམ་མ་ལག་གི་སྨན་སྤྱོད། སྐྲན་འགོག་སྨན་རིགས། རིམས་འགོག་སྙོམས་སྒྲིག་སྨན་སོགས་སྨན་བཅོས་ཁྱབ་ཁོངས་སུ་ཁྱབ་ཡོད་པ་རེད། 

  • རྒྱ་མཚོའི་རླུང་འཚུབ “མོ་ཅེའི(摩羯)”ཤུགས་རྐྱེན་རིམ་བཞིན་ཆུང་དུ་ཕྱིན་པ་དང་ཆབས་ཅིག་ཧའེ་ནན་སན་ཡའི་གནས་སྐོར་མཛེས་ལྗོངས་ཁུལ་དང་རིག་གནས་དང་ལུས་རྩལ་རོལ་རྩེད་ཁང་ཚང་མ་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱུ་སླར་གསོ་བྱུང་ཡོད་པ་རེད། 

03.png

  • ཉེ་ཆར། རྒྱལ་ནང་གི་ཆན་ཧྥུའུ750ཡི་གློག་སྒྱུར་ས་ཚིགས་ཀྱི་སྲིད་ཞེང་རྒྱུད་གཅིག་གི་སྐུད་མེད་ཆེད་སྤྱོད་དྲ་བ་ཐོག་མ་ཀན་སུའུ་ཆན་ཧྥུའུ750ཡི་ཤིས་ཀྲོའུ་གློག་སྒྱུར་ས་ཚིགས་དངོས་སུ་བསྐྲུན་ནས་སྤྱོད་མགོ་བརྩམས་པ་རེད། 

04.jpg

  • ད་ལོ་ནི་གོང་མ་ཆིན་ཧྲི་ཧོང་གི་དུར་རྫས་རྫ་བཟོས་གྱད་རྟ་སྔོག་འདོན་བྱས་ནས་ལོ50འཁོར་བའི་ལོ་ཡིན་ཞིང་། “ས་འོག་རྒྱལ་ཁབ-གོང་མ་ཆིན་ཧྲི་ཧོང་གི་བང་སོ་གནའ་རྫས་རྟོག་ཞིབ་ཤེས་རྟོགས་འགྲེམས་སྟོན”དེ་ཧྲན་ཤིས་ཤིས་ཨན་དུ་མགོ་བརྩམས་པ་དང་། དེ་ནི་གོང་མ་ཆིན་ཧྲི་ཧོང་གི་བང་སོ་གནའ་རྫས་རྟོག་ཞིབ་ཤེས་རྟོགས་ཐུབ་ནས་སྤྱི་དམངས་ལ་གཅིག་སྡུད་ཐོག་འགྲེམས་སྟོན་བྱེད་ཐེངས་དང་པོ་དེ་ཡིན་པ་རེད། 

  • ཚེས9ཉིན། འཛམ་གླིང་མེ་ཟོན་རོགས་སྐྱོབ་ལེགས་སྐྱེས་འགྲན་བསྡུར་གྱི་སྐྱེས་པའི་མེ་ཟོན་སྨི4×100ཡི་མཐུད་རྒྱུག་འགྲན་བསྡུར་ནང་། ལི་ཀྲི་ཝུའེ་དང་དབྱང་ཙེ་ཁྲོན། དབྱང་ཏིང་ཧའོ། དབན་ཧྥུའུ་བཅས་ལས་གྲུབ་པའི་ཀྲུང་གོའི་རུ་ཁག་ལ་རྣམ་གྲངས་དེའི་གསེར་གྱི་རྟགས་མ་ཐེངས་དང་པོ་ཐོབ་པ་རེད། 

  • དྲ་ཐོག་ཏུ“ལོ16ལ་སླེབས་པའི་ལོ་ཆུང་གིས་སྐྲ་བཞར་བ་དང་སུ་ལུ་བཟོ་བར་སྒོར4000ལེན་ཐབས་བྱས་པའི”སྐོར་བཀོད་ཡོད། ཀྲེ་ཅང་ཧང་ཀྲོའུ་ཡུས་ཧང་ཆུས་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་སྐྲ་བཞར་ཁང་ལ་འཛད་སྤྱོད་མགོ་སྐོར་བཏང་བའི་དོགས་པ་ཡོད་པས་གྱོད་དོན་ཐོ་འགོད་ཀྱིས་བརྟག་དཔྱད་བྱས་ཡོད་ཅེས་བརྡ་ཁྱབ་བཏང་བ་རེད། 

05.png

  • ཡུན་ནན་ཉེན་རྟོག་ཕྱོགས་ཀྱིས་ཨན་ཧུའེ་ཉེན་རྟོག་ཕྱོགས་དང་མཉམ་དུ་རྒྱལ་མཚམས་སྒྲོལ་ནས་དུག་རྫས་ལྐོག་ཚོང་གི་གྱོད་གཞི་ཞིག་རྩད་ཆོད་པ་དང་། དུག་རྫས་མ་ཧྥེའི་སྤྱི་རྒྱ9.937གཞུང་བཞེས་བཏང་བ་རེད། 

06.gif

  • ཅང་སུའུ་སུའུ་ཆན(宿迁)གྱི་བགྲེས་སོང་ཞིག་སློབ་ཆུང་ཞིག་གི་སྒོ་འགྲམ་དུ་གློ་བུར་དུ་ནད་ཀྱིས་མནར་ནས་འགྱེལ་བ་དང་། ཕྲུ་གུ་སློབ་གྲྭར་བཏང་མ་ཐག་པའི་ཆིན་མེའོ་ནད་སྐྱོང་བྱེད་མྱོང་ཡོད་པས་ཁོང་གིས་འཕྲལ་མར་མདུན་དུ་བསྐྱོད་དེ་རོགས་སྐྱོར་བྱས་ནས་སྐར་མ་ཁ་ཤས་སོང་རྗེས་བགྲེས་སོང་དེའི་འདུ་ཤེས་སླར་གསོ་བྱུང་ཡོད། 

སྲིད་ཇུས།

  • ཡུན་ནན་གྱིས་གྲོང་ཁྱེར་རིམ་པའི་གཞུང་བཙུགས་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིར་ཞིང་ཆེན་ཕྱི་ནང་གི་མཐོ་རིམ་གོ་མིང་ཡན་གྱི་ལས་འཁྱུར་བྱས་པའི་སྨན་བཅོས་འཕྲོད་བསྟེན་ཤེས་ལྡན་མི་སྣ་ནང་འདྲེན་བྱ་རྒྱུའི་ལྕག་སྐུལ་བྱ་རྒྱུ་ཡིན་ཞེས་བཏོན་ཡོད་པ་རེད། 

  • ཧའེ་ནན་གྱིས་སྲིད་ཇུས་བཏོན་ནས་འགན་ལེན་རང་བཞིན་གྱི་སྡོད་ཁང་ཉོ་སྒྲུབ་བྱས་ཏེ་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་མི་སྒེར་གྱི་སྡོད་ཁང་དངུལ་བུན་གཡར་རེ་ཞུས་པའི་ཐོག་མའི་དངུལ་གྱི་བསྡུར་གྲངས་དམའ་ཤོས་དེ་གཅིག་གྱུར་ཐོག་15%བར་ལེགས་སྒྲིག་བྱས་ཡོད་པ་རེད། 

  • ཀོང་ཏུང་གིས་བརྡ་ཐོ་པར་འགྲེམས་བྱས་ནས“ཁམས་དམར་ལེན་ཐབས”སོགས་སྐྱེ་འཕེལ་རམ་འདེགས་རིགས་ཀྱི་སྨན་བཅོས་ཞབས་ཞུའི་རིན་གོང་རྣམ་གྲངས8ཀོང་ཏུང་ཞིང་ཆེན་གྱི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་ཁྱབ་ཁོངས་ནང་འཇུག་རྒྱུ་ཡིན་པ་རེད། 

དེ་རིང་གི་གནམ་གཤིས། 

07.jpg

  • བྱང་ཤར་ས་ཁུལ་གྱི་ཤར་རྒྱུད་དང་ལྷོ་རྒྱུད། ཧྭ་བྱང་གི་དབུས་ལྷོ་རྒྱུད། སི་ཁྲོན་གཤོང་སའི་ནུབ་རྒྱུད། ཡུན་ནན་ལྷོ་རྒྱུད། ཀོང་ཞིའི་ནུབ་རྒྱུད་དང་ལྷོ་རྒྱུད། ཧའེ་ནན་གླིང་ཕྲན། ཀྲེ་ཅང་གི་བྱང་ཤར་རྒྱུད། ཞིན་ཅང་གི་ལྷོ་ཁུལ་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་རྒྱུ་རེད། དེའི་ནང་། ཧོ་པེའི་དབུས་རྒྱུད་དང་བྱང་ཤར་རྒྱུད། ཐེན་ཅིན་ལྷོ་རྒྱུད། ཧྲན་ཤིས་ལྷོ་རྒྱུད། སི་ཁྲོན་གཤོང་སའི་ནུབ་རྒྱུད། ཡུན་ནན་ལྷོ་རྒྱུད། ཀོང་ཞིའི་ལྷོ་རྒྱུད། ཧའེ་ནན་གླིང་ཕྲན་གྱི་ནུབ་བྱང་རྒྱུད། ཀྲེ་ཅང་གི་བྱང་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་ནས་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།