དེ་རིང་ནི2024ལོའི་ཟླ09པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-09-11 07:35:52   |   231

སྒྲིག་སྒྱུར།   སངས་དོན།     ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།    བཤེར་འབེབས།   རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

01.png

  • རྒྱལ་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་དེ་ཚེས9ནས10ཉིན་བར་པེ་ཅིན་དུ་འཚོགས་པ་རེད།     ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི།    ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་གནང་བ་རེད།     

  • ཚེས10ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཅིག་པ་པེ་ཅིང་དུ་འཚོགས་ནས་རྒྱལ་སྲུང་སློབ་གསོའི་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུའི་འཆར་ཟིན་དང་སྡོམ་རྩིས་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུའི་འཆར་ཟིན་སོགས་ལ་གྲོས་ཞིབ་བྱས་པ་རེད།     

  • ཁྲིམས་བཀོད་ལས་འཁྱུར་ངལ་གསོའི་ལོ་ཚད་རིམ་བཞིན་ནར་འགྱངས་བྱ་རྒྱུའི་སྐོར་གྱི་གཏན་འབེབས་འཆར་ཟིན་གྱི་གྲོས་གཞི་དེ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་གྲོས་ཞིབ་གནང་རྒྱུར་འབུལ་རྒྱུ་ཡིན་པ་རེད།     

  • ཚེས10ཉིན། ལྷ་གྲུ་ཨང་བཅུ་དྲུག་པ་དང་ལྷ་གྲུ་ཨང་བཅུ་བདུན་པའི་འཇིག་རྟེན་འཕུར་སྐྱོད་པར་མཚན་སྙན་སྤྲོད་པའི་མཛད་སྒོ་པེ་ཅིང་དུ་འཚོགས་པ་རེད།     

  • ཀྲུང་དབྱང་དྲིལ་སྒྲོག་པུ་དང་སློབ་གསོ་པུས2024ལོའི“དགེ་རྒན་ཡག་ཤོས”མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས་པའི་ནང་མི10དང་ཚོགས་པ1ཚུད་ཡོད་པ་རེད།     

  • ཀྲུང་དབྱང་རྩ་འཛུགས་པུས་ཀྲུང་དབྱང་གི་ཚབ་ཞུས་ནས་དོ་དམ་བྱེད་པའི་ཏང་དངུལ་ཁྲོད་ནས་སྒོར་ཁྲི5355ཧའེ་ནན་དང་ཀོང་ཏུང་སོགས་ས་ཁུལ་གྱི་ཉེན་སེལ་གེགས་སེལ་ལས་དོན་ལ་རྒྱབ་སྐྱོར་བྱ་རྒྱུར་སྤྱད་པ་རེད།     

  • འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལྟར་ན།    མི་དམངས་ཤོག་སྒོར་བརྩིས་ན།    ད་ལོའི་ཟླ1པོ་ནས8པའི་བར། རང་རྒྱལ་གྱི་དངོས་ཟོག་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་སྡོམ་འབོར་སྒོར་དུང་ཕྱུར་ཁྲི་28.58ཡིན་པ་དང་། དུས་མཚུངས་ལས6%འཕར་ཡོད་པ་རེད།     

  • སྨན་བཅོས་འགན་བཅོལ་སྡེ་ཚན་གྱིས་ཁག་ཐེངས་གསར་པའི་རྒྱལ་ཁབ་ཀྱིས་སྒྲིག་འཛུགས་བྱས་པའི་སྨན་རྫས་དང་རིན་ཐང་མཐོ་བའི་སྨན་བཅོས་ཟད་གྲོན་རྒྱུ་ཆ་གཅིག་སྡུད་ཉོ་སྒྲུབ་བྱ་རྒྱུ་རེད། མི་ཐབས་ཀྱི་རྣ་འཁྱིལ་སོགས་རིན་ཐང་མཐོ་བའི་སྨན་བཅོས་ཟད་གྲོན་རྒྱུ་ཆ་གཅིག་སྡུད་ཉོ་སྒྲུབ་ཀྱི་ཁྱབ་ཁོངས་ནང་བཅུག་ཡོད་པ་རེད།     

  • རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུ་དང་སྤྱི་བདེ་པུས་མཉམ་འབྲེལ་ཐོག་རྐང་རྩེད་སྤོ་ལོའི་ལས་རིགས་མཉམ་འགྲན་གྱི“རྒྱན་འགྱེད་དང་རྫུན་བཟོ།    ཤན་འབྱེད་ངན་པ”བཅས་བཅོས་སྒྲིག་བྱས་ནས་མི44ཚེ་གང་བོར་རྐང་རྩེད་སྤོ་ལོའི་ལས་རིགས་ནང་ཞུགས་རྒྱུ་གཏན་འགོག་བྱས་པ་རེད། 

  • ཚེས10ཉིན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ལྷོ་རྒྱུད་འཐབ་ཁུལ་གྱི་སི་ལིང་ཡོན་ཝུའུ་ཡ་ནན་དང་ཨ་དམག་གི་རྒྱ་གར་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་སྤྱི་ཁྱབ་པུའི་སི་ལིང་ཕ་ཕ་ལུའོ་ཡིས་བརྙན་ལམ་ཐོག་ནས་ཕྱོགས་གཉིས་པོས་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་བ་རེད།     

  • ཉེ་ཆར། འཛམ་གླིང་ཤུགས་སྨན(反兴奋剂)ལ་ངོ་རྒོལ་བྱེད་མཁན་སྒྲིག་གཞིས་ཨ་རིའི་ཤུགས་སྨན་ལ་ངོ་རྒོལ་བྱེད་མཁན་སྒྲིག་གཞིར་ཡི་གེ་བཏང་ནས་ཕར་ཕྱོགས་ལ“ཁྱོན་ཡོངས་དང་མཐར་ཕྱིན”གྱི་བཅོས་སྒྲིག་བྱེད་དགོས་པའི་རེ་བ་ནན་པོ་བཏོན་པ་རེད།     

    སྤྱི་ཚོགས།

02.jpg

  • ཚེས10ཉིན། ཀྲུང་གོ་རྒྱལ་སྤྱིའི་མཁའ་འགྲུལ་གྱིC919རྟགས་ཅན་གྱི་གནམ་གྲུ་ཐོག་མ་དེ་འཕུར་ཐེངས་དང་པོ་ལེགས་འགྲུབ་བྱུང་བ་མ་ཟད། དངོས་སུ་འཕུར་སྐྱོད་བྱེད་མགོ་བརྩམས་པ་རེད།     

  • ད་ལོའི་ཟླ1པོ་ནས8པའི་བར་རྒྱལ་ཁབ་གསར་སྤེལ་དངུལ་ཁང་གིས་ཚན་རྩལ་གསར་གཏོད་དང་རྨང་གཞིའི་ཞིབ་འཇུག་གི་ཆེད་དོན་དངུལ་བུན་སྒོར་དུང་ཕྱུར400ལྷག་བཏང་ནས་རབས་གསར་པའི་ཆ་འཕྲིན་ལག་རྩལ་དང་མི་ཐབས་རིག་ནུས་སོགས་ཁྱབ་ཁོངས་ལ་གཙོ་གནད་ཐོག་རྒྱབ་སྐྱོར་བྱས་ཡོད་པ་རེད།     

03.gif

  • རང་རྒྱལ་གྱི་རླབས་འགོག་འཕྱོ་གཡེང་རྣམ་པའི་འོད་ཤུགས་སྟེགས་བུ་ཐོག་མ་སྟེ། “རྒྱ་མཚོ་སེར་པོ་ཨང་དང་པོའི”གཙོ་གཟུགས་ལེགས་འགྲུབ་བྱུང་ནས་ཧྲན་ཏུང་ཕྱེད་གླིང་གི་ལྷོ་རྒྱུད་རྒྱ་མཚོ་སེར་པོ་མཚོ་ཁོངས་སུ་འཛུགས་རྒྱུ་ཡིན་པ་རེད།     

  • རང་རྒྱལ་གྱི་ཐཱན་གྱི་ཚི་སྣའི་ལྗིད་འདེགས་ཀྱི་ལྕགས་ལམ་ཟོག་འདྲེན་རླངས་འཁོར་ཁག་དང་པོ་ཧེ་ལུང་ཅང་ཆི་ཆི་ཧར་དུ་ཐོན་སྐྱེད་བྱས།     ཟོག་འདྲེན་རླངས་འཁོར་གྱི་ལྗིད་ཚད་ལ་ཏུན18ཙམ་ལས་མེད་ལ།    ཐེག་ཚད་ཏུན82ལ་སླེབས་ཡོད།     

  • ཨེ་ཤེ་ཡའི་བར་སྣང་སྒུལ་ཤུགས་འཕྲུལ་འཁོར་ཆེ་ཤོས་ཀྱི་བར་སྣང་འདྲ་བཟོའི་ཚོད་ལྟའི་སྟེགས་བུ་དེ་ཧྲན་ཤིས་ཐུང་ཁྲོན(陕西铜川)དུ་བསྐྲུན་ནས་སྤྱོད་མགོ་ཚུགས། དེ་ནི་རང་རྒྱལ་གྱི་མི་ཞུགས་ཟླ་བའི་གོ་ལར་སྐྱོད་པའི་ལས་འགན་སྒྲུབ་རིང་། ཟླ་བའི་གོ་ལར་སླེབས་རྗེས་མྱུར་ཚད་འགོར་དུ་གཏོང་བའི་སྒུལ་བྱེད་འཕྲུལ་འཁོར་ཞིབ་བཟོ་བྱེད་པའི་ཐད་སྤྱོད་རྒྱུ་ཡིན་པ་རེད།     

  • ཚེས10ཉིན། རང་རྒྱལ་གྱི་ཆེས་བྱང་རྒྱུད་ཀྱི་གྲོང་ཁྱེར་ཧེ་ལུང་ཅང་མོ་ཧོ་རུ་གཅིག་སྡུད་ཐོག་དྲོད་རླངས་མཁོ་འདོན་བྱེད་མགོ་ཚུགས་པ་དེ་འཆར་གཞིའི་དུས་ཚོད་ལས་ཉིན15ཡིས་སྔ་བ་ཡོད་པ་རེད།     

  • ཚེས10ཉིན་བར། ལྷོ་ཆུ་བྱང་འདྲེན་གྱི་དབུས་རྒྱུད་ལས་གྲྭས་རིམ་རྩིས་བྱས་ན་ཐེན་ཅིན་གྲོང་ཁྱེར་དུ་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར100ལྷག་དྲངས་པ་དང་། མི་ཁྲི1300ལྷག་ལ་ཕན་པ་ཐོབ་ཡོད་པ་རེད།     

  • ཧའེ་ནན་གྱིས་རྒྱ་མཚོའི་རླུང་འཚུབ་ཀྱི་གེགས་སེལ་ཞལ་འདེབས་དང་ལེན་བྱེད་པའི་སྤྱི་བསྒྲགས་ཁྱབ་བསྒྲགས་བྱས་ཤིང་།    མིག་སྔར་གེགས་ཁུལ་དུ་སྡོང་བོ་གཅོད་འདྲུད་འཕྲུལ་ཆས་དང་གློག་འདོན་འཕྲུལ་འཁོར།    ཆུ་འཐེན་འཕྲུལ་འཁོར།  སོག་ལེ། སྒུལ་བདེའི་ནུས་གསོག་སྒྲིག་ཆས།    LEDགློག་སྒྲོན་སོགས་དངོས་རྫས་ཧ་ཅང་མཁོ་གལ་ཆེ་བ་རེད།     

  • 2024ལོའི་ཀོང་ཤིས་སྐོར་བའི་གཞུང་ལམ་རྐང་འཁོར་འཛམ་གླིང་སྐོར་སྐྱོད་འགྲན་བསྡུར་གྱི་ལམ་ཐིག་ཡོངས་བསྒྲགས་བྱས། ཟླ10པའི་ཚེས15ཉིན་ཧྥང་ཁྲེང་ཀང་གྲོང་ཁྱེར་དུ་མགོ་རྩོམ་རྒྱུ་དང་། འགྲན་བསྡུར་གྱི་སྤྱིའི་ལམ་ཐག་སྤྱི་ལེ1021.8ཡོད།      

སྲིད་ཇུས། 

  • རྒྱལ་ཁབ་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་གྱིས་གཏན་འབེབས་གསར་པ་ཁྱབ་བསྒྲགས་བྱས་ནས་སྨན་བཅོས་སྒྲིག་གཞིས་སྨན་བཅོས་བྱེད་པའི་བརྒྱུད་རིམ་གྱི་ཆ་འཕྲིན་སོགས་རིགས་ཆེ་གྲས4ཡི་རྣམ་གྲངས72(སྒོ་བསྟེན་དང་འཕྲལ་བཅོས)ཀྱི་སྨན་བཅོས་ཆ་འཕྲིན་དུས་ཐོག་ཏུ་ཕྱོགས་སྡོམ་དང་ཉར་ཚགས་བྱེད་དགོས་པ་ཁ་གསལ་བཏོན་ཡོད་པ་རེད།     

  • རྒྱལ་ཁབ་ཤེས་བྱའི་ཐོན་དབང་ཅུས་ཡིག་ཆ་བཀྲམས་ནས་ཤེས་བྱའི་ཐོན་དབང་གི་ལས་སྒོ་གཉེར་བའི་བརྒྱུད་རིམ་ལེགས་སུ་གཏོང་བ་དང་། གྲངས་གཞི་མཉམ་སྤྱོད་ཀྱི་ཞིབ་བཤེར་རྩིས་ལེན་ཐུབ་པའི་དོན་ཚན་ལ་དཔང་ཡིག་སྤྲོད་མི་དགོས་པ་བཏོན་ཡོད་པ་རེད།     

  • ཐེན་ཅིན་གྱིས་འཛད་སྤྱོད་ཐོན་རྫས་རྙིང་ཚབ་གསར་བརྗེ་བྱེད་པའི་ལག་བསྟར་ཇུས་གཞི་བཏོན་ནས་ཁྱིམ་སྤྱོད་གློག་ཆས་ཐོན་རྫས་རྙིང་ཚབ་གསར་བརྗེ་དང་ཁྱིམ་ཆས་སོགས་ཐོན་རྫས་སྒྱུར་བཀོད་གསར་བརྗེ་བྱེད་པའི་ཐད་རྩ་དོན་སྟེང་“གཏོང་སྤྲོད་མྱུར་འཕྲི”བྱེད་སྟངས་སྤྱོད་རྒྱུ་ཁ་གསལ་བཏོན་ཡོད་པ་རེད།     

དེ་རིང་གི་གནམ་གཤིས།     

04.jpg

  • ནང་སོག་གི་ཧོ་ཐའོ་ས་ཁུལ་དང་ཉིང་ཞའི་བྱང་རྒྱུད།    ཧྲན་ཤིས་ནུབ་བྱང་རྒྱུད།    སུའུ་ཝན་དབུས་ལྷོ་རྒྱུད།    ཅང་ཤིས་བྱང་ཤར་རྒྱུད།    ཀྲེ་ཅང་གི་དབུས་བྱང་རྒྱུད་སོགས་ས་ཁུལ་དུ་ཆར་པ་འབྲིང་ཙམ་ནས་ཆེ་བ་འབབ་རྒྱུ་རེད། དེའི་ནང་། ཨན་ཧུའེ་ལྷོ་རྒྱུད་དང་ཅང་སུའུ་ལྷོ་རྒྱུད།    ཧྲང་ཧའེ་ཤར་རྒྱུད།    ཀྲེ་ཅང་གི་བྱང་རྒྱུད།    ཀོང་ཤིས་ཀྱི་ལྷོ་ནུབ་རྒྱུད་སོགས་ས་ཁུལ་དུ་དྲག་ཆར་རམ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།     


མཉམ་སྤྱོད།