དེ་རིང་ནི2024ལོའི་ཟླ12པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-09-12 07:35:51   |   781

སྒྲིག་སྒྱུར།   སངས་དོན།    ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།   རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

01.jpg

  • ཚེས10ཉིན་གྱི་ཕྱི་དྲོ་ནས་ཚེས11ཉིན་གྱི་སྔ་དྲོ་བར། ཞི་ཅིན་ཕིང་གིས་སྔ་རྗེས་སུ་ཧྲན་ཤིས་ཞིང་ཆེན་པའོ་ཅི་གྲོང་ཁྱེར་དང་ཀན་སུའུ་ཞིང་ཆེན་ཐེན་ཧྲུའེ་གྲོང་ཁྱེར་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་བར་ཕེབས་པ་རེད།     

  • ཟླ9པའི་ཚེས11ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་བུད་མེད་གླེང་སྟེགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྤྲིངས་པ་རེད།     

  • ཟླ9པའི་ཚེས11ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨབ་ཏུའུ་ལེ་མ་ཅེ་ཏེ·ཐེ་པིན་ལ་གློག་འཕྲིན་བཏང་ནས་ཁོང་ཨར་ཅི་རི་ཡ(阿尔及利亚)དམངས་གཙོ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བདམས་ཐོན་བྱུང་བ་དང་། ལས་འགན་མུ་མཐུད་དུ་འཁུར་བར་རྟེན་འབྲེལ་ཞུས་པ་རེད།     

  • ཀྲུང་དབྱང་དམག་ཨུས་ཆོག་མཆན་ཐོབ་པ་བརྒྱུད།    དམག་ཨུའི་ཆབ་སྲིད་ལས་དོན་པུས《དུས་རབས་གསར་པའི་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་བྱ་རྒྱུའི་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་བདམས་བསྒྲིགས》རྩོམ་སྒྲིག་པར་སྐྲུན་བྱ་རྒྱུ་སྒྲིག་འཛུགས་བྱས་པ་དང་། ཉེ་ཆར་དངོས་སུ་པར་སྐྲུན་འགྲེམས་སྤེལ་བྱས་པ་རེད།

  • ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ལྟ་སྐུལ་དོ་དམ་དང་ཉེན་ཁ་འགོག་ཟོན་ལ་ཤུགས་སྣོན་བྱས་ཏེ།    འགན་བཅོལ་ལས་རིགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ》དཔར་ འགྲེམས་བྱས། 

  • རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན།    རྒྱལ་ཁབ་སྨན་བཅོས་རུ་ཁག44དེ་སྨན་བཅོས་ཞབས་ཞུའི་ནུས་པ་ཞན་པའི་ས་ཁུལ་དུ་སྐོར་སྐྱོད་སྨན་བཅོས་བྱེད་པར་བསྐྱོད་རྒྱུ་རེད།     

  • རྒྱལ་ཁབ་སྡོམ་རྩིས་ཅུས་སྙན་ཞུ་ཁྱབ་བསྒྲགས་བྱས་པར་གཞིགས་ན།    2023ལོའི་ལོ་མཇུག་ཏུ། རང་རྒྱལ་གྱི་སྡེབ་ཚོང་དང་སིལ་ཚོང་ལས་རིགས་ཀྱི་ཁྲིམས་མིའི་ཚན་པ་ཁྲི1000ལས་བརྒལ་ཡོད་པ་རེད།    

02.jpg

  • ཟླ9པའི་ཚེས11ཉིན། རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་ཀྲུའུ་ཆུའེ་ཨང་གསུམ་པ(朱雀三号)དེ་བསྐྱར་ཟློས་བཀོལ་སྤྱོད་ཆོག་པའི་དྲང་འཕྱང་ཚུར་བསྡུའི་ཚོད་ལྟའི་མེ་ཤུགས་འཕུར་མདའ་སྤྱད་དེ་སྤྱི་ལེ10རིམ་པའི་དྲང་འཕྱང་འཕེན་གཏོང་དང་ཕྱིར་ལོག་འཕུར་སྐྱོད་ཀྱི་ཚོད་ལྟ་ལེགས་འགྲུབ་བྱུང་ཡོད།      

03.jpg

  • འཛམ་གླིང་མེ་ཟོན་རོགས་སྐྱོབ་ཀྱི་ལེགས་སྐྱེས་འགྲན་བསྡུར་ཚེས10ཉིན་མཇུག་འགྲིལ་ཞིང་།    ཀྲུང་གོའི་འཐུས་མི་རུ་ཁག་གིས་སྐབས་འདིའི་འགྲན་བསྡུར་གྱི་སྐྱེས་པའི་ཚོགས་པའི་ཨང་དང་པོ་བླངས་ཤིང་། དེ་ནི་ཀྲུང་གོའི་འཐུས་མི་རུ་ཁག་གིས་ཐོག་དང་པོར་ཨང་དང་པོ་བླངས་པ་ཞིག་ཡིན་པ་རེད།     

སྤྱི་ཚོགས། 

  • 2024ལོའི་ཟླ་མཆོད་དུས་ཆེན་གྱི་གུང་གསེང་ཐོན་ལ་ཉེ་པས། རིག་གནས་གནས་སྐོར་པུས་རྒྱ་ཆེའི་གནས་སྐོར་བར་ལུགས་མཐུན་ངང་གསར་སྤེལ་བྱས་མེད་པ་དང་བདེ་འཇགས་འགན་ལེན་མི་ཐུབ་པའི་ས་ཁོངས་སུ་མི་སྐྱོད་པའི་དྲན་སྐུལ་བྱས་པ་རེད།     

  • ཚེས11ཉིན། ཧའེ་ནན་གྱི་གློག་དྲ་དེ་ལྷོ་ཕྱོགས་གློག་དྲའི་གློག་དྲ་གཙོ་བོ་དང་སླར་ཡང་དངོས་སུ་སྦྲེལ་མཐུད་བྱུང་ཐུབ་ཡོད་པ་རེད།      

  • ཧེ་ལུང་ཅང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཏང་ཙུའི་ཁོངས་མི། ཀྲུའུ་རེན་གཞོན་པ་ལི་ཞན་ཀང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་ལས་ཕྱིར་ཕུད་དང་གཞུང་གི་ལས་གནས་ལས་ཕྱིར་འཐེན་བྱས།

  • སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ལིའུ་ཡོ་ཅིའུ(པུ་ཀྲང་གཞོན་པ་རིམ་པ)ཡིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་ལས་ཕྱིར་ཕུད་བྱས།      

  • ཀྲུང་གོ་ཧའེ་ཡིའུ(中国海油)དེ་སྔའི་ཏང་ཙུའི་ཧྲུའུ་ཅི་གཞོན་པ། སྤྱི་ཁྱབ་ཅིང་ལི་ལི་ཡུང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་ལས་ཕྱིར་ཕུད་བྱས།     

  • ཚེས11ཉིན། ཀྲུང་གོའི་ཁེ་ལས་མཉམ་འབྲེལ་ལྷན་ཚོགས་དང་ཀྲུང་གོ་ཁེ་ལས་མཁས་ཅན་མཐུན་ཚོགས་ཀྱིས་སྤྱི་ཚོགས་ལ“ཀྲུང་གོའི་ཁེ་ལས་སྟོབས་ཆེན500”ཡི་མིང་ཐོ་ཁྱབ་བསྒྲགས་བྱས་པ་རེད།     

  • སྐབས34པའི“ཧྥེ་ཐེན་བྱ་དགའ(飞天奖)”དང་སྐབས28པའི“ཞིན་ཀོང་བྱ་དགའི(星光奖)”ནང་ཚུད་པའི་བརྩམས་ཆོས་ཀྱི་མིང་ཐོ་ཁྱབ་བསྒྲགས་བྱས་པ་རེད།     

04.jpg

  • རང་རྒྱལ་གྱིས་རང་བརྟེན་ཞིབ་འཇུག་གསར་སྤེལ་བྱས་པའི་སྐྲན་ནད་རུས་པར་སྤོ་སྒྱུར་གྱི་ཞིབ་དཔྱད་ཐོན་རྫས་གསར་པ་ཧྥིལ-18-ཧྥུལ་འགྱུར་ནཱ་སྨན་ཁབ་ལ་རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་དངོས་སུ་ཚོང་རར་འདོན་ཆོག་པའི་ཆོག་མཆན་ཐོབ།     

  • རང་བྱུང་ཐོན་ཁུངས་པུས་གནས་ཚུལ་སྤེལ་བར་གཞིགས་ན།    ཚེས6ཉིན། བྱང་ཤར་གྱི་སྟག་དང་གཟིག་གི་རྒྱལ་ཁབ་སྤྱི་གླིང་གི་ཐོ་འགོད་ལེགས་གྲུབ་བྱུང་ཞིང་། དེས་ཀྲུང་དབྱང་སྲིད་གཞུང་གིས་ཐད་ཀར་བདག་དབང་སྤྱོད་པའི་རྒྱལ་ཁབ་སྤྱི་གླིང་འབའ་ཞིག་དེ་རང་བྱུང་ཐོན་ཁུངས་ཀྱི་བདག་དབང་གཏན་འཁེལ་གྱི་ཐོ་འགོད་ལེགས་གྲུབ་བྱུང་བ་མཚོན་ཡོད་པ་རེད།     

སྲིད་ཇུས།

  • ཧའེ་ནན་གྱིས་གྲོང་ཁྱེར་དང་རྫོང་ཁག་གི་སློབ་གསོ་ཅུ་དང་།    མཐོ་རིམ་སློབ་གྲྭ།  འབྲིང་རིམ་ལས་རིགས་སློབ་གྲྭ། ཐིང་གི་ཐད་གཏོགས་སློབ་འབྲིང་བཅས་ཀྱིས་གནོད་འཚེ་ཕོག་ཁུལ་ནས་ཡོང་བའི་ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་སློབ་མའི་སློབ་ཡོན་དང་ཉལ་ཁང་གི་རིན་པ་ཆག་ཡང་དང་རྩ་ཆག་གཏོང་དགོས་པའི་བརྡ་ཐོ་བཏང་བ་རེད།     

  • ཀོང་ཏུང་གིས་སྨན་རྫས་སིལ་འཚོང་མུ་འབྲེལ་ཁེ་ལས་ཀྱིས་སྨན་རྫས་ཉོ་སྒྲུབ་སྡེབ་སྐྱེལ་ལམ་ལུགས་འཛུགས་པ་དང་ལག་བསྟར་ནན་པོ་བྱས་ཏེ། མུ་འབྲེལ་ཚོང་ཁང་ཚང་མའི་སྨན་རྫས་མུ་འབྲེལ་སྤྱི་ཁྱབ་པུ་ནས་སྡེབ་སྐྱེལ་བྱ་རྒྱུ་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།     

  • ཧྲན་ཏུང་གིས་ཇུས་གཞི་ཁྱབ་བསྒྲགས་བྱས་ནས་མི་སྒེར་གྱི་འཛད་སྤྱོད་པས་རིམ་པ2དང་དེ་ཡན་གྱི་ནུས་ཕྱོད་དམ་ཡང་ན་ཆུ་ནུས་ཚད་ལྡན(水效标准)གྱི་འཁྱགས་སྒམ་དང་གོས་འཁྲུའི་འཕྲུལ་ཆས་སོགས་ཁྱིམ་སྤྱོད་གློག་ཆས་རིགས8ཉོ་པར། གློག་ཆས་ཐོན་རྫས་ཀྱི་ཕྱི་འཚོང་རིན་གོང་ལྟར15%ཡི་ཁ་གསབ་བྱེད་རྒྱུ་རེད།      

དེ་རིང་གི་གནམ་གཤིས།     

05.jpg

  • ནང་སོག་དབུས་རྒྱུད་དང་ནུབ་བྱང་རྒྱུད།    མཚོ་སྔོན་བྱང་རྒྱུད་དང་ཤར་རྒྱུད།    ཀན་སུའུ་ལྷོ་རྒྱུད།    ཧྲན་ཏུང་གི་ཤར་ལྷོའི་རྒྱུད།    ཧོ་ནན་ཤར་རྒྱུད།    སི་ཁྲོན་གཤོང་སའི་ནུབ་རྒྱུད།    ཧའེ་ནན་གླིང་ཕྲན་ཤར་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་ཀྱི་རེད།    དེའི་ནང་། ནང་སོག་གི་ནུབ་བྱང་རྒྱུད་དང་།    ཧྲན་ཏུང་ཤར་ལྷོའི་རྒྱུད།    ཧོ་ནན་ཤར་རྒྱུད་དང་ལྷོ་རྒྱུད།    ཨན་ཧུའེ་ཡི་ནུབ་བྱང་རྒྱུད།    སི་ཁྲོན་གཤོང་སའི་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་རམ་དྲག་ཆར་ཆེན་པོ་འབབ་ཀྱི་རེད།     


མཉམ་སྤྱོད།