དེ་རིང་ནི2024ལོའི་ཟླ09པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-09-13 07:31:05   |   185

སྒྲིག་སྒྱུར།   སངས་དོན།     ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།     བཤེར་འབེབས།   རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཟླ9པའི་ཚེས12ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི།    ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་དུ་རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་གནང་།     

01.jpg

  • ཟླ9པའི་ཚེས11ཉིན་གྱི་ཕྱི་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་དུ་སྔ་རྗེས་སུ་ཨན་ཉིང་ཁུལ་ཙོ་ལིན་ནུབ་སྡེ་ཁུལ་དང་རྨ་ཆུའི་ལན་ཀྲོའུ་ཀྲུང་ཧྲན་ཟམ་པ་བར་མཚམས་སུ་རྟོག་ཞིབ་གནང་ནས་ས་གནས་དེ་གའི་སྡེ་ཁུལ་གྱི་དམངས་ཕན་ཞབས་ཞུ་ཇེ་ལེགས་དང་།    སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན།    རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་ལ་སྐུལ་འདེད་བྱས་པ་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་བ་རེད།     

  • ཟླ9པའི་ཚེས12ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས2024ལོའི་ཀྲུང་གོའི་རྒྱལ་སྤྱི་ཞབས་ཞུའི་ཉོ་ཚོང་ཚོང་འདུས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས།     

  • ད་ལོའི་ཟླ1པོ་ནས8པའི་བར་རྒྱལ་ཡོངས་ལྕགས་ལམ་གྱིས་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར4775བཏང་བ་དང་། དུས་མཚུངས་ལས10.5%འཕར་ཡོད་པ་རེད།     

  • ཉིན་ཤས་གོང་། ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་དཔེ་མཚོན་གནད་དོན་བརྒྱད་ཡོངས་བསྒྲགས་ངང་བརྡ་ཁྱབ་བཏང་བ་རེད།     

  • ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན།    2023ལོའི་ཟླ6པ་ནས2024ལོའི་ཟླ6པ་བར་རྒྱལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་དྲ་རྒྱ་སྤྱད་དེ་བརྙས་བཅོས་དང་མ་ཉེས་ཁག་འགེལ་གྱི་ཉེས་གསོག་ཁག19དང་མི20ཁྲིམས་ལྟར་ཞུ་གཏུག་བྱས་པ་དང་། དྲ་རྒྱ་སྤྱད་དེ་སྙད་འཚོལ་འཁྲུག་སློང་གི་ཉེས་གསོག་ཁག335དང་མི1569ཁྲིམས་ལྟར་ཞུ་གཏུག་བྱས།     

  • རྒྱལ་ཁབ་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་གྱིས་ཁྱབ་བསྒྲགས་བྱས་པར་གཞིགས་ན།    རང་རྒྱལ་གྱི་གཅོང་ནད་ཚབས་ཆེན་གྱི་ཤི་ཚད་དེ2015ལོའི18.5%ནས2023ལོའི15.0%བར་ཆག་ཡོད་པ་དང་། ཆག་ཚད18.9%སླེབས་ཡོད་པ་རེད།     

  • ཀྲུང་གོ་སྲུང་སྐར་ཕྱོགས་སྟོན་གནས་འཁེལ་མཐུན་ཚོགས(卫星导航定位)ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན།    ད་ལོའི་ལོ་སྟོད་དུ་རྒྱལ་ནང་གི་རིག་ནུས་ལག་ཐོགས་ཁ་པར་ཚོང་ཟོག་འདོན་ཚད་དུང་ཕྱུར1.39ཡིན་པ་དང་། 98%ལྷག་གིས་བྱང་སྐར་གནས་གཏན་འཁེལ་མ་ལག་ལ་རྒྱབ་སྐྱོར་བྱས་ཡོད་པ་རེད།     

02.jpg

  • ཉེ་ཆར། པའོ་ཧའེ་སྣུམ་ཞིང་གི་པོ་ནན་སྣུམ་ཞིང་གིས་རིམ་རྩིས་བྱས་ན་སྣུམ་རླངས་ཐོན་ཚད་ཏུན་དུང་ཕྱུར1ལས་བརྒལ་ཡོད་པ་རེད།     

  • རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒོ་ཁྲལ་ཁྲལ་སྲོལ་ཨུ་ལྷན་གྱིས་སྤྱི་བསྒྲགས་སྤེལ་ནས་ཟླ12པའི་ཚེས1ཉིན་ནས་བཟུང་། དེ་སྔ་ཀྲུང་གོ་དང་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་པའི་དར་རྒྱས་མིན་པའི་རྒྱལ་ཁབ་ཀྱི100%ཡི་ཁྲལ་བསྡུའི་རྣམ་གྲངས་ཐོན་རྫས་ལ་ཁྲལ་ཚད་མེད་པའི་དམིགས་བསལ་ཁྲལ་ཚད་སྤྱོད་པ་ཁྱབ་བསྒྲགས་བྱས་པ་རེད།     

སྤྱི་ཚོགས།

  • ཚེས12ཉིན། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས“ལས་རིགས་ཀྱིས་འབྱུང་འགྱུར་འདྲེན་པ-2024ལོའི་གྲོང་ཁྱེར་ཆེ་འབྲིང་གིས་མཐོ་སློབ་སློབ་ཐོན་སློབ་མ་མཉམ་འབྲེལ་ཐོག་བསྡུ་བའི་སྟོན་དུས་ཀྱི་ཆེད་དོན་བྱེད་སྒོ”སྤེལ་མགོ་ཚུགས་པ་དང་། བྱེད་སྒོ་དེ་ཟླ11པའི་ཟླ་མཇུག་བར་སྤེལ་རྒྱུ་ཡིན་པ་རེད།     

  • གྲངས་གཞི་ལས་མངོན་པ་ལྟར་ན།    རང་རྒྱལ་གྱི90%ཡན་གྱི་རིམ་གཉིས་ཡན་གྱི་གཞུང་བཙུགས་ཕྱོགས་བསྡུས་སྨན་ཁང་དུ་ཀྲུང་ལུགས་གསོ་རིག་གི་ནད་ཐོག་སྨན་བཅོས་ཚན་ཁག་བཙུགས་ཡོད་པ་རེད།     

  • ཉེ་ཆར། རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་གཏན་འབེབས་དང་མི་མཐུན་པའི་མཛེས་འཆོས་བྱུག་རྫས་ཁག36བརྡ་ཁྱབ་བཏང་ཡོད་པ་རེད།     

  • ཧེ་ལུང་ཅང་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའི་ཁོངས་མི། ཀྲུའུ་ཞི་གཞོན་པ་ལི་ཧའེ་ཐའོ་ཡིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་དང་གཞུང་གི་ལས་གནས་ནས་ཕྱིར་ཕུད་བྱས་པ་རེད།     

  • ཡུན་ནན་ཞིང་ཆེན་སྲིད་གཞུང་གི་དེ་སྔའི་ཏང་ཙུའི་ཁོངས་མི། ཧྲེང་ཀྲང་གཞོན་པ་ཀྲང་ཙུའུ་ལིན་གྱིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་ལས་ཕྱིར་ཕུད་བྱས་པ་རེད།     

03.jpg

  • ཚེས12ཉིན། ཐེན་ཆུང་མྱུར་བགྲོད་གཞུང་ལམ་སོགས་མྱུར་བགྲོད་གཞུང་ལམ་རྣམ་གྲངས(ལམ་དུམ)ལྔ་དུས་གཅིག་ཏུ་བསྐྲུན་ནས་ལེགས་འགྲུབ་བྱུང་ཡོད་པས་སི་ཁྲོན་གྱི་མྱུར་བགྲོད་གཞུང་ལམ་གྱི་སྤྱིའི་ལམ་ཚད་སྤྱི་ལེ10000ལས་བརྒལ་ཡོད་པ་རེད།     

  • རང་རྒྱལ་གྱི་ཚན་ཞིབ་ཚོགས་པས་བརྗེ་ཚབ་རང་བཞིན་གྱི་ནད་སྨན་བཅོས་བྱེད་པའི་མི་མངོན་པའི་གསོ་ཐབས་གསར་པ་ཤེས་རྟོགས་བྱུང་བ་དང་། འབྲེལ་ཡོད་ཞིབ་འཇུག་གྲུབ་འབྲས་རྒྱལ་སྤྱིའི་རིག་གཞུང་དུས་དེབ《རང་བྱུང-འཕྲིན་གཏོང》ཐོག་བཀོད་ཡོད་པ་རེད།     

  • ཚེས11ཉིན། ཀྲུང་གོའི་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་དུ“ཕ་རི་སིའི་ཧྲིན་མུ་ཡོན་གྱི་དངོས་ཁམས་ཟབ་ཏུ་གཏོང་བའི་འགྲེམས་སྟོན”བྱེད་མགོ་ཚུགས་པ་དང་།    རྩ་ཆེའི་བརྐོས་བརྙན4ཡི་མ་ཡིག་ཀྲུང་གོར་འགྲེམས་སྟོན་བྱེད་ཐེངས་དང་པོ་ཡིན་པ་རེད།     

04.jpg

  • ཉེ་ཆར། རྒྱལ་མཚམས་ལས་སྒྲོལ་བའི་བུད་མེད་མི་འཚོང་རྒྱག་མཁན་གྱི་ཉེས་གསོག་དོགས་ཅན་ཞིག་ཁམ་ཕུ་ཁྲེ་ནས་རྒྱལ་ནང་དུ་བཟུང་སྐྱེལ་བྱས་པ་རེད།     

05.jpg

  • ཀོང་ཏུང་ཧུའེ་ཀྲོའུ་ཡི་བུ་མོ་ཞིག་ཐོག་བརྩེགས8པའི་ཐོག་ནས་ལྷུང་སྐབས་སྡེ་ལས་ལས་དོན་མི་སྣ་ཚུའེ་ཡུང་ཆང་གིས་བཟུང་ཞིང་།     བརྟག་དཔྱད་བྱས་པ་བརྒྱུད་བུ་མོ་དེར་སྐྱོན་ཆེན་པོ་མེད་ལ།    ཚུའེ་ཡུང་ཆང་གི་དཔུང་བའི་ཚིགས་བུད་པ་དང་མཉེན་པའི་ཕུང་གྲུབ་ལ་བཤུས་རྨས་ཐེབས།     

སྲིད་ཇུས།

  • ཁྲུང་ཆིང་གིས་སང་ལོ་ནས་བཟུང་སློབ་ཆེན་སློབ་མ་སློབ་ཕྱིའི་སྨན་བཅོས་སྒྲིག་གཞིའི་སྤྱིར་བཏང་གི་སྒོ་བསྟེན་སྨན་ཁང་དུ་སྨན་བཅོས་བྱེད་པར་འགྲོ་བའི་འགྲོ་གྲོན་དང་། སྨན་བཅོས་འགན་བཅོལ་གྱི་འགྲོ་སོང་རྩིས་ཞུའི་ཁྱབ་ཁོངས་དང་ཐོག་མའི་གཏོང་སྤྲོད་ཀྱི་ཚད་གཞི་སོགས་གྲོང་ཁྱེར་དེའི་གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་སྤྱིར་བཏང་སྒོ་བསྟེན་སྨན་ཁང་གི་གཅིག་གྱུར་འཆར་འགོད་ཀྱི་ཐོབ་ཐང་དང་གཅིག་མཚུངས་ཡིན་པ་ཁ་གསལ་བཏོན་ཡོད་པ་རེད།     

  • ཀོང་ཤིས་ཀྱིས་འཆར་གཞི་བཏོན་ནས2024ལོར་རྒན་རྒོན་གྱི་ཟས་རོགས་ཞབས་ཞུ་དེ་རྫོང(གྲོང་ཁྱེར་དང་ཆུས)ཚང་མར་ཁྱབ་པ་མངོན་འགྱུར་བྱ་རྒྱུ་ཡིན་པ་རེད།     

  • སི་ཁྲོན་གྱིས་བསམ་འཆར་བསྡུ་ལེན་མ་ཟིན་ཡོངས་བསྒྲགས་བྱས་ནས་སྟབས་བསྟུན་ལས་ཞུགས་མི་སྣ་དང་ལས་ཤོར་དངུལ་ལེན་རིང(领取失业金期间)གི་མི་སྣ་དེ་བུ་བཙའི་འགན་བཅོལ་འགན་ལེན་གྱི་ཁྱབ་ཁོངས་ནང་འཇུག་རྩིས་ཡོད་པ་རེད།     

དེ་རིང་གི་གནམ་གཤིས།     

06.jpg

  • ནང་སོག་གི་དབུས་བྱང་རྒྱུད་དང་ཤིན་ཅང་གི་ནུབ་བྱང་རྒྱུད།    མཚོ་སྔོན་གྱི་ཤར་རྒྱུད།    ཧྲན་ཏུང་གི་དབུས་ཤར་རྒྱུད།    ཧོ་ནན་དབུས་ཤར་རྒྱུད།    བོད་ལྗོངས་ཀྱི་ནུབ་རྒྱུད།    སི་ཁྲོན་གཤོང་སའི་ནུབ་རྒྱུད།    ཡུན་ནན་གྱི་ལྷོ་ནུབ།    ཀོང་ཏུང་གི་ཤར་རྒྱུད།    ལྷོ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་པ་དང་། དེའི་ནང་། ནང་སོག་གི་དབུས་བྱང་རྒྱུད་དང་།    ཧྲན་ཏུང་གི་ནུབ་བྱང་རྒྱུད།    ཧོ་ནན་གྱི་དབུས་རྒྱུད།    སི་ཁྲོན་གཤོང་སའི་ནུབ་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་དྲག་ཆར་འབབ་རྒྱུ་རེད།


མཉམ་སྤྱོད།