དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-09-14 07:27:38   |   672

སྒྲིག་སྒྱུར།   སངས་དོན།    ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།   རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཞི་ཅིན་ཕིང་གིས་ཀན་སུའུ་རུ་རྟོག་ཞིབ་གནང་སྐབས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་།    གསར་གཏོད་བྱེད་ཕོད་པ།    དཀའ་སྒྲུབ་དངོས་སྒྲུབ།    དམངས་ཕྱུག་ལུང་དར་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་ཀྲུང་གོའི་དེང་རབས་ཅན་གྱི་ཀན་སུའུ་ཡི་ལེའུ་ཞིག་རྩོམ་དགོས་ཞེས་ནན་བཤད་གནང་བ་རེད།     ལམ་བར་དུ་ཧྲན་ཞི་པའོ་ཅི་རུ་རྟོག་ཞིབ་གནང་།     

  • ཟླ9པའི་ཚེས13ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱར་མཚན་རྟགས་བཀོད་པ་དང་ཚེས་13ཉིན་གྱི་སྔ་དྲོར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཅིག་པའི་ཐོག་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་དོན་ལྔ་འཁོར་བའི་སྐབས་སུ། རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་སྤྲོད་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས་གཞིར་བཟུང་ནས་མི15ལ་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གནང་བ་རེད།  

  • ཟླ9པའི་ཚེས13ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཤང་ཧྲན་གླེང་སྟེགས་སྐབས་བཅུ་གཅིག་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས།     

  • ཟླ9པའི་ཚེས13ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་ཁྲིམས་གཏན་འཁེལ་པའི་ལས་འཁྱུར་ངལ་གསོའི་ལོ་ཚད་རིམ་བཞིན་ནར་འགྱངས་བྱ་རྒྱུའི་སྐོར་གྱི་གཏན་འབེབས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་ཞིང་།   2025ལོའི་ཟླ1པོའིཚེས1ཉིན་ནས་བཟུང་རང་རྒྱལ་གྱིས་སྐྱེས་པ་ལས་བཟོའི་ཁྲིམས་གཏན་འཁེལ་བའི་ལས་འཁྱུར་ངལ་གསོའི་ལོ་ཚད་དེ་སྔའི་ལོ60ནས་ལོ63བར་ནར་འགྱངས་བྱ་རྒྱུ་དང་། བུད་མེད་ལས་བཟོའི་ཁྲིམས་གཏན་འཁེལ་བའི་ལས་འཁྱུར་ངལ་གསོའི་ལོ་ཚད་དེ་སྔའི་ལོ50དང་ལོ55ནས་ནར་འགྱངས་བྱེད་པ། སོ་སོ་ལོ55དང་ལོ58བར་ནར་འགྱངས་བྱ་རྒྱུ་ཡིན་པ་རེད།     

  • ཀྲུང་དབྱང་དངུལ་ཁང་གི་གྲངས་གཞི་ལས་མངོན་པ་ལྟར་ན།    ཟླ1པོ་ནས8པའི་བར་རང་རྒྱལ་གྱི་མི་དམངས་ཤོག་སྒོར་གྱི་དངུལ་བུན་སྒོར་དུང་ཕྱུར་ཁྲི14.43མང་དུ་བཏང་བའི་ནང་། ཁེ་ལས(ལས་རིགས)ཚན་པའི་དངུལ་བུན་སྒོར་དུང་ཕྱུར་ཁྲི11.97མང་དུ་བཏང་ཡོད་པ་རེད།     

  • རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུ་སོགས་སྡེ་ཚན་ལྔས་མཉམ་འབྲེལ་ཐོག་ཡིག་ཆ་བཀྲམས་ནས་2030ལོར་སླེབས་སྐབས། མི་འབོར་ཉུང་བའི་རྫོང་ཕུད། ཀྲུང་ལུགས་གསོ་བཅོས་དེ་རྫོང་གཉེར་སྨན་ཁང་ཡོངས་ལ་ཁྱབ་པ་བྱ་རྒྱུ་རེད།     

  • སྙན་ཞུའི་ནང་མངོན་པ་ལྟར་ན། 2023ལོར་རང་རྒྱལ་གྱི་ཞབས་ཞུ་ཕྱིར་གཏོང་ནང་འདྲེན་གྱི་དངུལ་འབོར་ཨ་སྒོར་དུང་ཕྱུར9331.2སླེབས་པ་དང་། དུས་མཚུངས་ལས4.9%འཕར་ཡོད་པ་རེད།     

01.jpg

  • ཚེས13ཉིན། ཀྲུང་གོ་མཚོ་ཐོག་ཉེན་རྟོག་ཅུའི་མེ་ཧྲན་དམག་གྲུ་དང་ཤིའུ་ཧྲན་དམག་གྲུ་ལས་གྲུབ་པའི་དཔུང་རུ་དངོས་སུ་ཨུ་རུ་སུ་བསྐྱོད་ནས་ཀྲུང་ཨུའི་མཚོ་ཐོག་ཉེན་རྟོག་པའི2024ལོའི་མཉམ་འབྲེལ་ནང་སྦྱོང་དང་མཉམ་འབྲེལ་སྐོར་ཞིབ་ཀྱི་ལས་འགན་སྒྲུབ་པར་བསྐྱོད་པ་རེད།     

སྤྱི་ཚོགས། 

02.png

  • ད་ལོའི་མཚོ་རླུང་དྲག་པོ་ཨང13པ“པེ་པི་ཅ”དེ་སྔོན་དཔག་བྱས་ན་ཚེས16ཉིན་གྱི་ཐོ་རེངས་ནས་སྔ་དྲོའི་བར་ཅང་སུའུ་ལྷོ་རྒྱུད་ནས་ཀྲེ་ཅང་གི་དབུས་རྒྱུད་རྒྱུད་ཀྱི་མཚོ་རྒྱུད་དུ་ཐོན་རྒྱུ་ཡིན་པ་དང་།    སྐམ་སར་ཐོན་སྐབས་མཚོ་རླུང་དང་ཡང་ན་མཚོ་རླུང་དྲག་པོ་ཡིན་པ་དང་། སྐམ་སར་ཐོན་རྗེས་ཤུགས་ཚད་རིམ་བཞིན་ཆུང་དུ་འགྲོ་རྒྱུ་ཡིན་པ་རེད།     

  • དུས་ཡུན་ཉིན5ཡིན་པའི་ལྕགས་ལམ་གྱི་ཟླ་མཆོད་དུས་ཆེན་གྱི་གུང་གསེང་རིང་གི་སྐྱེལ་འདྲེན་ལས་དོན་དེ་དེ་རིང་ནས་མགོ་བརྩམས་པ་ཡིན། ཚེས14ནས་ཚེས18ཉིན་བར། རྒྱལ་ཡོངས་ཀྱི་ལྕགས་ལམ་གྱིས་སྔོན་དཔག་བྱས་ན་འགྲུལ་པ་མི་ཐེངས་ཁྲི7400སྐྱེལ་འདྲེན་བྱ་རྒྱུ་དང་ཉིན་རེར་ཆ་སྙོམས་འགྲུལ་པ་མི་ཐེངས་ཁྲི1480སྐྱེལ་འདྲེན་བྱ་རྒྱུ་ཡིན་པ་རེད།     

  • རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་སྔོན་དཔག་བྱས་པར་གཞིགས་ན།    ཟླ་མཆོད་དུས་ཆེན་རིང་། རྒྱལ་ཡོངས་ཀྱི་འགག་སྒོར་རྒྱལ་མཚམས་ནས་འགྲོ་འོང་བྱེད་མཁན་མང་བའི་དུས་འཆར་རྒྱུ་ཡིན་པ་དང་། ཉིན་རེར་ཆ་སྙོམས་རྒྱལ་མཚམས་ནས་འགྲོ་འོང་བྱེད་མཁན་གནས་སྐོར་བ་མི་ཐེངས་ཁྲི180སླེབས་རྒྱུ་རེད།     

  • རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན།    ཟླ1པོ་ནས8འི་བར་རྒྱལ་ཁབ་སྨན་རྫས་འཐེན་བཤེར་གྱི་ཚད་གཞི་ལོན་ཚད99.43%ཡིན་པ་དང་། སྨན་རྫས་བདེ་འཇགས་ཀྱི་དུས་བབ་སྤྱིར་ན་བརྟན་པོ་ཡོད་པ་རེད།     

  • ནོར་སྲིད་པུའུ་དང་ཀྲུང་གོའི་མ་རྐང་ལྟ་སྐུལ་ཨུ་ལྷན་གྱིས་ཕུའུ་ཧྭ་ཡུང་ཏའོ(普华永道)ལ་སྲིད་འཛིན་རྩེར་སོན་གྱི་དངུལ་ཆད་བཅད།     

  • ཉེ་ཆར། འབར་མའི་བྱང་རྒྱུད་དུ་གློག་འཕྲིན་དང་དྲ་རྒྱའི་ཁ་བསླུས་ཉེས་གསོག་ལག་བསྟར་བྱེད་མཁན་ཉེས་གསོག་དོགས་ཅན111རང་རྒྱལ་ཕྱོགས་ལ་རྩིས་སྤྲད་པ་རེད།     

  • མིག་སྔར།    རང་རྒྱལ་གྱི“5G+བཟོ་ལས་དྲ་སྦྲེལ”གྱི་རྣམ་གྲངས་གྲངས་འབོར་ཁྲི1.4ལས་བརྒལ་ཡོད་པ་དང་།    བཟོ་ལས་དྲ་སྦྲེལ་དེ་རྒྱལ་དམངས་དཔལ་འབྱོར་གྱི་རིགས་ཆེ་བ49ལ་ཕྱོགས་ཡོངས་ནས་འདྲེས་ཡོད་པས།    བཟོ་ལས་ཀྱི་རིགས་ཆེ་བ་ཡོངས་སུ་ཁེབས་ཡོད་པ་རེད།     

03.jpg

  • ཚེས13ཉིན། རང་རྒྱལ་གྱི་ས་བབ་མཐོ་ཤོས་ཀྱི་མི་ཐབས་ལ་བརྟེན་ནས་གནམ་གཤིས་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་སྟེགས་བུ་སྤྱོད་མགོ་བརྩམས་པ་རེད།     

04.jpg

  • ཅང་སུའུ་སུའུ་ཀྲོའུ་ཡི་སྐྱེས་པ་ཞིག་གིས་གྲི་ཁྱེར་ནས་མི་ལ་རྨས་སྐྱོན་བཏང་བ་དང་བུ་མོ་ལིའུ་དབྱང་གིས་ཆར་གདུགས་ལ་བརྟེན་ནས་བཀག་འགོག་ཧུར་ཐག་བྱས་པ་དང་། དུས་མཚུངས་སུ་ཚོང་ཁང་ཞིག་གི་ཚོང་པ་ཅའོ་ཡོན་ཧྲི་དང་ཚོང་གཡོག་ལིའུ་ཆང་གིས་ལག་ཏུ་ཐོམ་བུ་བཟུང་ནས་མཐའ་འཁོར་གྱི་མང་ཚོགས་དང་མཉམ་དུ་སྐྱེས་པ་དེ་ཚོད་འཛིན་བྱས་པ་རེད།     མིག་སྔར།    མི་གསུམ་ནི་བདེན་པའི་རྒྱབ་ལངས་པར་གཏན་འཁེལ་བྱས།

སྲིད་ཇུས།

  • རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུའི་གཞུང་དོན་ཁང་དང་ནོར་སྲིད་པུའི་གཞུང་དོན་ཐིང་གིས་ཡིག་ཆ་བཀྲམས་ནས2024ལོའི་ལོ་མཇུག་གོང་། སྤྱི་འདོམས་ས་ཁུལ་ཚང་མ་སྨན་བཅོས་བྱ་ཡུལ་གྱི་ངོས་ནས་དལ་བའི་རང་བཞིན་གྱི་གློ་ནད་དང་གྲུམ་བུའི་ཚིགས་ནད་སོགས་སྒོ་བསྟེན་སྨན་བཅོས་ཀྱི་གཅོང་ནད་དང་དམིགས་བསལ་ནད་གཞིའི་འབྲེལ་ཡོད་སྨན་བཅོས་འགྲོ་གྲོན་ཞིང་ཆེན་བརྒལ་ནས་ཐད་ཀར་རྩིས་རྒྱག་པའི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་རེད།     

  • ཀན་སུའུ་ཡིས་ཡིག་ཆ་བཀྲམས་ནས་རྒན་རྒོན་སློབ་ཆེན་བསྐྲུན་རྒྱུར་རྒྱབ་སྐྱོར་བྱས་ཏེ། 2025ལོའི་ལོ་མཇུག་གོང་། རྫོང(གྲོང་ཁྱེར་དང་ཆུས)ཚང་མར་ཉུང་མཐར་ཡང་རྒན་རྒོན་སློབ་ཆེན་རེ་བསྐྲུན་དགོས་ཞེས་བཏོན་ཡོད་པ་རེད།     

  • ཡུན་ནན་གྱིས་ལས་བཟོའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་གྱིས་སྒོ་བསྟེན་སྨན་ཁང་དཀྱུས་མར་སྨན་བཅོས་བྱས་ནས་རྩིས་རྒྱག་པའི་ཚད་གཞི་དམའ་རུ་བཏང་བ་སྟེ།    རིམ་པ་དང་པོ་དང་གཉིས་པ།    གསུམ་པ་བཅས་ཀྱི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིའི་གཏོང་སྤྲོད་ཀྱི་ཚད་གཞི་སོ་སོར་སྒོར20དང་།   སྒོར40དང་། སྒོར60བཅས་བར་དམའ་རུ་བཏང་ཡོད།     

དེ་རིང་གི་གནམ་གཤིས།     

05.jpg

  • ནང་སོག་གི་ལྷོ་ནུབ་རྒྱུད་དང་ཧེ་ལུང་ཅང་གི་ཤར་ལྷོའི་རྒྱུད།    བོད་ལྗོངས་ཀྱི་ལྷོ་རྒྱུད་དང་ནུབ་བྱང་རྒྱུད།    མཚོ་སྔོན་གྱི་བྱང་རྒྱུད།    ཧྲན་ཏུང་གི་བྱང་རྒྱུད།    ཅང་སུའུ་ཡི་བྱང་རྒྱུད།    ཀྲེ་ཅང་གི་ཤར་རྒྱུད།    སི་ཁྲོན་གཤོང་སའི་ནུབ་རྒྱུད།    ཡུན་ནན་གྱི་བྱང་ཤར་རྒྱུད་དང་ལྷོ་ནུབ་རྒྱུད།    ཅང་ཞིའི་དབུས་ལྷོ་རྒྱུད།    ཀོང་ཞིའི་ཤར་ལྷོའི་རྒྱུད།    ཀོང་ཏུང་གི་དབུས་ནུབ་རྒྱུད།    ཐའེ་དབན་གླིང་ཕྲན་མང་ཆེ་བ་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་ཀྱི་རེད།    དེའི་ནང་། ཀྲེ་ཅང་གི་ཤར་ལྷོ་རྒྱུད་དང་སི་ཁྲོན་གཤོང་སའི་ནུབ་རྒྱུད།    ཀོང་ཏུང་གི་ལྷོ་ནུབ་རྒྱུད། ཐའེ་དབན་གླིང་ཕྲན་གྱི་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་དང་དྲག་ཆར་ཆེན་པོ་འབབ་རྒྱུ་རེད། 


མཉམ་སྤྱོད།