དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-09-19 07:04:59   |   646

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།  བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གདན་ཞུ་ལྟར། མ་ལེ་ཞི་ཡའི་ཆེས་མཐོའི་གཙོ་འཛིན་དབྱི་པུའུ་ལཱ་ཞིན་གྱིས་ཟླ9ཚེས19ནས་ཚེས22ཉིན་བར། ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱེད་རྒྱུ་རེད།

01.JPG.jpg

  • ཚེས18ཉིན། དགུ་གཅིག་བརྒྱད་ཀྱི་དོན་རྐྱེན་ནམ་ཡང་མི་བརྗེད་པར་ཉེན་བརྡ་གཏོང་བའི་མཛད་སྒོ་ལེའོ་ཉིང་ཞིང་ཆེན་ཧྲེན་དབྱང་གྲོང་ཁྱེར་གྱི་དགུ་གཅིག་བརྒྱད་ལོ་རྒྱུས་རྟེན་མཛོད་ཁང་གི་ཚེས་ཐོའི་རྡོ་རིང་ཐང་ཆེན་དུ་འཚོགས་པ་རེད།

  • འགྲིམ་འགྲུལ་སྐྱེལ་འདྲེན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་མཆོད་དུས་ཆེན་རིང་སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་བརྒལ་ནས་མི་སྣ་འགྲོ་འོང་བྱེད་ཚད་མི་ཐེངས་དུང་ཕྱུར6.2ལས་བརྒལ་བ་རེད།

  • ཟླ་མཆོད་དུས་ཆེན་གྱི་གུང་གསེང་རིང་། རྒྱལ་ཡོངས་ཀྱི་རིག་གནས་དང་གནས་སྐོར་ཁྲོམ་ར་སྤྱིར་ནས་བརྟན་བརླིང་ཡིན་ཞིང་གོ་རིམ་ལྡན། རིག་གནས་ཡུལ་སྐོར་པུའི་གྲངས་གཞི་ལྟེ་གནས་ཀྱིས་ཚོད་རྩིས་བྱས་པར་གཞིགས་ན། རྒྱལ་ཡོངས་ཀྱི་རྒྱལ་ནང་དུ་གནས་སྐོར་དུ་སྐྱོད་མཁན་མི་ཐེངས་དུང་ཕྱུར1.07ཟིན་ཡོད་པ་རེད།

  • རྒྱལ་ཁབ་སྦྲག་སྲིད་ཅུས་ཀྱི་གྲངས་གཞི་ལས་མངོན་པར། ཟླ་མཆོད་དུས་ཆེན་གྱི་གུང་གསེང་རིང་། རྒྱལ་ཡོངས་སུ་མྱུར་སྐྱེལ་དངོས་ཟོག་བླངས་ཚད་དུང་ཕྱུར27ལས་བརྒལ་ཡོད།

  • རྒྱལ་སྲིད་སྤྱི་ཁྱབ་ཁང་སྒོ་ཁྲལ་ཁྲལ་བསྡུའི་ལམ་སྲོལ་ཨུ་ལྷན་གྱིས་ཉེ་ཆར་སྤྱི་བསྒྲགས་སྤེལ་ནས། 2024ལོའི་ཟླ9ཚེས25ཉིན་ནས་བཟུང་། ཐའེ་ཝན་གྱི་ཞིང་ལས་ཐོན་རྫས་ཁག་གཅིག་ནང་འདྲེན་བྱེད་པར་སྒོ་ཁྲལ་མི་བསྡུ་བའི་སྲིད་ཇུས་ལག་བསྟར་བྱེད་མཚམས་འཇོག་རྒྱུ་ཡིན་པ་རེད།

  • འགག་སྒོ་སྤྱི་ཁྱབ་ཧྲུའུ་སོགས་སྡེ་ཚན་དགུས་རིག་ནུས་འགག་སྒོ་འཛུགས་སྐྲུན་གྱི་མཛུབ་ཁྲིད་བསམ་འཆར་བཏོན་པ་དང་། 2035ལོར་སླེབས་སྐབས། དེང་རབས་ཅན་གྱི་འགག་སྒོ་གཞི་རྩའི་ཆ་ནས་བསྐྲུན་ནས་གོ་ལ་ཧྲིལ་པོའི་རིག་ནུས་འགག་སྒོ་འཕེལ་རྒྱས་ལ་སྣེ་ཁྲིད་བྱ་རྒྱུ་རེད།

  • ཚེས18ཉིན། ཕྱི་འབྲེལ་པུས་ཨ་རིའི་དམག་དོན་བཟོ་ལས་ཁེ་ལས་ལ་འགོག་རྒོལ་གྱི་བྱ་ཐབས་སྤྱོད་རྒྱུའི་སྐོར་གྱི་གཏན་འབེབས་ཁྱབ་བསྒྲགས་བྱས།

02.JPG.jpg

  • ཟླ1ནས8པའི་བར། ཀྲུང་གོ་དང་ཡོ་རོབ་དབར་གྱི་དུས་གཏན་མེ་འཁོར་རིམ་རྩིས་བྱས་ན་ཐེངས13056ལ་བཏང་བ་དང་དངོས་ཟོག་ཚད་ལྡན་སྒམ་ཁྲི139.9སྐྱེལ་གཏོང་བྱས། དུས་མཚུངས་ལས་སོ་སོར12%དང11%འཕར་ཡོད་པ་རེད།

སྤྱི་ཚོགས།

03.JPG.jpg

  • ཚེས19ནས་ཚེས22ཉིན་བར། ཅུང་དྲག་པའི་མཁའ་རླུང་འཁྱག་པའི་ཤུགས་རྐྱེན་ཐེབས་པའི་དབང་གིས་རང་རྒྱལ་གྱི་དབུས་ཤར་ས་ཁུལ་མང་ཆེ་བའི་དྲོད་ཚད་སྔ་རྗེས་སུ4~8℃ཇེ་དམའ་རུ་སོང་བ་དང་། བྱང་ཕྱོགས་ས་ཁུལ་ཁ་ཤས་སུ་དྲོད་ཚད8~10℃ཇེ་དམའ་རུ་སོང་བ་རེད།

  • རྒྱ་མཚོའི་རླུང་འཚུབ“ཕུའུ་ལ་སང”སྔོན་དཔག་བྱས་ན་དེ་རིང་ཕྱི་དྲོ་ནས་དགོང་མོའི་བར་ཀྲེ་ཅང་ཝུན་ལིང་ནས་ཀྲོའུ་ཧྲན་རྒྱུད་ཀྱི་མཚོ་རྒྱུད་དུ་ཐོན་རྒྱུ་རེད།

  • རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོའི་ལོ་མཇུག་བར་རང་རྒྱལ་གྱི་མི་རེའི་ཆ་སྙོམས་ལུས་རྩལ་ཐང་གི་རྒྱ་ཁྱོན་ཁ་སྨི2.89རུ་ཐོན་ནས། “ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་ཁ་སྨི2.6ཐོན་པའི་དམིགས་ཚད་སྔ་སྣུར་དུ་འགྲུབ་པ་རེད།

  • ཚེས18ཉིན། རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུ་ཡིས་སྨན་རྫས་ཀྱི་ཁྲིམས་འགལ་གྱོད་གཞིའི་དཔེ་མཚོན་གྱོད་དཔེ4ཡོངས་བསྒྲགས་བྱས་པ་རེད།

  • སློབ་གསོ་པུའི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི་གཞོན་པའམ་པུའུ་ཀྲང་གཞོན་པ་ཏུའུ་ཡུས་པོའོ་ལ་སྒྲིག་འགལ་ཁྲིམས་འགལ་གྱི་དོགས་གཞི་ཚབས་ཆེན་ཡོད་པ་དང་། མིག་སྔར་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད།

  • ཚེས18ཉིན། ཨན་ཧུའེ་ཧོ་ཧྥེ་གྲོང་ཁྱེར་ཧྥེ་ཏུང་རྫོང་དུ་ས་ཡོམ་རིམ་པ4.7བྱུང་པ་དང་ཡོམ་ཁུངས་གཏིང་ཚད་སྟོང་སྨི12ཡིན་པ་རེད།

  • 2024ལོའི་འཛམ་གླིང་ཕིང་ཕང་སྤོ་ལོའི་ལས་རིགས་མནའ་འབྲེལ་ཆེན་མོའི(WTT)ཀྲུང་གོའི་འགྲན་བསྡུར་ཆེན་མོ་ཟླ9ཚེས26ཉིན་ནས་ཟླ10ཚེས6ཉིན་བར། པེ་ཅིང་ཧྲི་ཅིང་ཧྲན་ཧྲོའུ་ཀང་ཡོན་དུ་འཚོག་རྒྱུ་རེད།

  • ཀྲུའུ་ཧའེ་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱི་སྡོམ་རྩིས་ལ་གཞིགས་ན། ཧེང་ཆིང་དང་། ཀོང་ཏུང་། ཨའོ་མོན་བཅས་ཀྱི་གཏིང་ཟབ་མཉམ་ལས་ཁུལ་གྱི་སྒོ་བྱང་བཀལ་ནས་འཁོར་སྐྱོད་བྱས་པའི་ལོ་གསུམ་རིང་། ས་མཚམས་ནས་འགྲོ་འོང་བྱེད་མཁན་མི་ཐེངས་ཁྲི4200ལས་བརྒལ་བ་རེད།

04.JPG.jpg

  • ཧྲན་ཏུང་ཐའེ་ཨན་གྱི་ལོན་ལིའུ་ཝུའེ་ཡིས་སྲོག་ལ་མ་འཛེམ་པར་ཆུའི་ནང་ལྷུངས་པའི་བྱིས་པ3བསྐྱབས་རྗེས་སྐུ་གཤེགས། ཁོང་དགུང་ལོ41ལས་སོན་མེད། ཉེ་ཆར། ལོན་ལིའུ་ཝུའེ་སྔོན་གཤེགས་དཔའ་བོར་བདམས་པ་དང་། ཁོང་གི་གཉེན་ཉེས་སྔོན་གཤེགས་དཔའ་བོའི་ཁྱིམ་མིའི་འབྲེལ་ཡོད་ཐོབ་ཐང་ལོངས་སུ་སྤྱད་ཆོག་པ་རེད།

སྲིད་ཇུས།

  • རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུ་ཡིས་བསམ་འཆར་བསྡུ་ལེན་མ་ཟིན་ཁྱབ་བསྒྲགས་བྱས་ཏེ། ལས་ཁུངས་དང་མི་སྒེར་གང་རུང་གིས་འབྲུ་སྣུམ་མཛོད་འཇུག་ཟོག་འགྲེམས་ཀྱི་སྒྲིག་བཀོད་བཙན་བཟུང་དང་། དེར་གཏོར་བརླག རང་དགར་བཤིག་པའམ་ཡང་ན་གནས་སྤོ་བཅས་བྱེད་མི་ཆོག་པ་དང་། འབྲུ་སྣུམ་མཛོད་འཇུག་ཟོག་འགྲེམས་སྒྲིག་བཀོད་ཀྱི་སྤྱོད་ཡུལ་ལ་རང་དགར་འགྱུར་ལྡོག་བཏང་མི་ཆོག

  • རྒྱལ་ཁབ་རིག་དངོས་ཅུ་ཡིས་བསམ་འཆར་ཁྱབ་བསྒྲགས་བྱས་ནས། གནའ་རྫས་རྟོག་ཞིབ་རིག་པའི་བྱེད་སྒོ་དེ་ཆེད་ལས་བྱང་ཚད་ལྡན་པའི་གནའ་རྫས་རྟོག་ཞིབ་རིག་པའི་ཁྲིད་སྟོན་དགེ་རྒན་གྱི་སྣེ་ཁྲིད་འོག་སྤེལ་དགོས་པ་དང་། དགོས་ངེས་ཀྱི་བདེ་འཇགས་དང་རྒྱབ་ཕྱོགས་མཁོ་སྒྲུབ་སོགས་རྒྱབ་སྐྱོར་ཚོགས་པ་བཀོད་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

  • པེ་ཅིང་གིས་ཡིག་ཆ་བཀྲམས་ནས་སློབ་གྲྭ་འབྲིང་ཆུང་གི་སློབ་གོས་དེ་སློབ་མས་རང་མོས་ལྟར་ཉོ་བའི་རྩ་དོན་མཐའ་འཁྱོངས་བྱས་ཏེ། སློབ་གྲྭས་སློབ་མའི་སློབ་གོས་བསྐྱར་དུ་སྤྱོད་ཆོག་པའི་བྱེད་ཐབས་འཚོལ་ཞིབ་བྱས་ནས་རྙིང་ཚབ་གསར་བརྗེ་དང་། ཆུང་བ་ཆེ་བར་བརྗེ་བ་སོགས་ཀྱི་ཚུར་བསྡུའི་བེད་སྤྱོད་ལམ་སྲོལ་གསར་གཏོད་བྱེད་ཆོག་ཅེས་ནན་བཤད་བྱས་ཡོད་པ་རེད།

དེ་རིང་གི་གནམ་གཤིས།

05.JPG.jpg

  • ཧོ་ནན་གྱི་ཤར་རྒྱུད་དང་། ཧྲན་ཏུང་གི་ནུབ་ལྷོ་རྒྱུད། ཨན་ཧུའེ་ཡི་བྱང་རྒྱུད། ཅང་སུའུ་ཡི་ལྷོ་རྒྱུད། ཧྲང་ཧའེ། ཀྲེ་ཅང་གི་ཤར་རྒྱུད། ཧྥུ་ཅན་གྱི་ཤར་རྒྱུད། ཧའེ་ནན་གླིང་ཕྲན་བཅས་དང་དེ་མིན་ནང་སོག་དབུས་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆེན་ནས་དྲག་ཆར་འབབ་རྒྱུ་དང་། དེའི་ནང་། ཧོ་ནན་གྱི་ཤར་རྒྱུད་དང་། ཀྲེ་ཅང་གི་ཤར་རྒྱུད་ཀྱི་མཚོ་རྒྱུད། ཧའེ་ནན་གླིང་ཕྲན་གྱི་ཤར་ལྷོའི་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།