དེ་རིང་ནི2024ལོའི་ཟླ12པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-09-20 07:14:18   |   746

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།  བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ད་ལོའི་ཟླ1ནས8པའི་བར། རྒྱལ་ཡོངས་ཀྱི་ལྕགས་ལམ་ཐོག་འགྲུལ་པ་མི་ཐེངས་དུང་ཕྱུར30ཙམ་སྐྱེལ་འདྲེན་བྱས་པ་དང་། དུས་མཚུངས་ལས14.5%འཕར་ནས་ལོ་རྒྱུས་དུས་མཚུངས་ཀྱི་ཟིན་ཐོ་གསར་པ་མཐོ་ཤོས་བཏོད་པ་རེད།

  • རང་བྱུང་ཐོན་ཁུངས་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2021ལོ་ནས་བཟུང་རྒྱལ་ཡོངས་ཀྱི་རྨོ་ཞིང་གི་སྤྱི་འབོར་མུའུ་ཁྲི1758འཕར་ནས། བསྟུད་མུར་ལོ3ལ་དངོས་སུ་འཕར་བ་མངོན་འགྱུར་བྱུང་པ་རེད།

  • ཀྲུང་དབྱང་དྲིལ་སྒྲོག་པུ་ཡིས་བློ་མཐུན་དབྱང་ཧྲི་ཨི་ལ“དུས་རབས་ཀྱི་མིག་དཔེ་”ཞེས་པའི་མཚན་སྙན་རྗེས་སྤྲོད་གནང་བ་རེད།

  • ཟླ1ནས8པའི་བར། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་སྡོམ་པས་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་རྣམ་གྲངས83ལ་ཞིབ་མཆན་བྱས་པ་དང་། ཁྱོན་སྡོམ་མ་དངུལ་སྒོར་དུང་ཕྱུར6731བཏང་ཡོད་ལ། གཙོ་བོ་ལག་རྩལ་མཐོ་ཤོས་དང་། ནུས་རྒྱུ། འགྲིམ་འགྲུལ་སྐྱེལ་འདྲེན་སོགས་ཀྱི་ལས་རིགས་སུ་གཅིག་སྡུད་བྱས་ཡོད་པ་རེད།

  • ཚེས19ཉིན། སྤྱི་བདེ་པུས“མཐུད་སྒྲིག་བྱས་པའི”དྲ་རྒྱའི་དཀྲོག་གཏམ་བཟོ་བའི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་དང་བཅོས་སྒྲིག་བྱས་པའི་དཔེ་མཚོན་གྱོད་དཔེ5ཁྱབ་བསྒྲགས་བྱས་པ་རེད།

01.JPG.jpg

  • ཚེས19ཉིན། རང་རྒྱལ་གྱིས་ཞི་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་ཨང་རྟགས་གསུམ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཁ་པ་དང་། རྒྱང་སྐྱོད་ཨང་དང་པོའི་སྟེང་ངོས་རིམ་པ་སྤྱད་དེ་པེ་ཏིག(北斗)ཕྱོགས་སྟོན་སྲུང་སྐར་ཨང་རྟགས་ང་དགུ་པ་དང་དྲུག་ཅུ་པ་བདེ་བརླག་ངང་འཕེན་གཏོང་བྱས་པ་རེད།

02.JPG.jpg

  • ཚེས19ཉིན། རང་རྒྱལ་གྱི་མཚོ་གཏིང་སྣུམ་ཞིང་གི་གསར་སྤེལ་རྣམ་གྲངས་ཐེངས་གཉིས་པ་དེ་ཀྲུའུ་ཅང་གཙང་པོའི་གཤོངས་སའི་མཚོ་ཁོངས་སུ་ཐོན་སྐྱེད་བྱེད་འགོ་ཚུགས་པ་དང་། ཨེ་ཤེ་ཡའི་མཚོ་གཏིང་འདྲེན་སྦུག་སྒྲོམ་སྟེགས་དང་པོ“ཧའེ་ཅི་ཨང་རྟགས་གཉིས་པ”དང་ཨེ་ཤེ་ཡའི་འཕྱོ་གཡེང་རྣམ་པའི་ཐོན་སྐྱེད་གསོག་འཇོག་སྣུམ་འདོན་སྒྲིག་ཆས་དང་པོ“ཧའེ་ཁུའེ་ཨང་རྟགས་དང་པོ”མཉམ་དུ་སྤྱོད་མགོ་ཚུགས།

  • རྒྱལ་སྲུང་པུས་འཇར་པན་གྱིས་ལེའོ་ཉིང་དམག་གྲུ་སྦྱོང་བརྡར་བྱེད་སྒོར་འུད་ཤོབ་བྱེད་པར་བསྟན་དོན། ད་ཐེངས་ཀྱི་སྦྱོང་བརྡར་གྱི་དམིགས་ཡུལ་ནི་དམག་དཔུང་གི་དངོས་འཐབ་ནུས་པ་ཆེ་རུ་གཏོང་བའི་ཆེད་ཡིན་པས། འབྲེལ་ཡོད་རྒྱལ་སྤྱིའི་བཅའ་ཁྲིམས་སམ་རྒྱལ་སྤྱིའི་རྒྱུན་སྲོལ་དང་མཐུན་པས་འབྲེལ་ཡོད་ཕྱོགས་ཀྱིས་ཚད་བརྒལ་གྱི་གསལ་འགྲེལ་བྱེད་དགོས་དོན་མེད་ཅེས་བཤད་པ་རེད།

སྤྱི་ཚོགས།

  • ད་ལོའི་མཚོ་རླུང་དྲག་པོ“ཕུའུ་ལ་སང”གི་ལྟེ་གནས་ཚེས19ཉིན་ཀྲེ་ཅང་ཏའེ་ཧྲན་དུ་གཡུག་པ་དང་། སྐམ་སར་ཐོན་སྐབས་ལྟེ་གནས་དེའི་ཉེ་འགྲམ་གྱི་རླུང་ཤུགས་ཆེ་ཤོས་རིམ་པ10ཡིན་པ་རེད།

  • 2024ལོའི་རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་རིང་རྒྱལ་ཡོངས་ཀྱི་གྲོན་བསྡུའི་གཞུང་ལམ་དུ་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་མི7མན་གྱི(མི7ཚུད་པ)འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ལ་མུ་མཐུད་དུ་འགྲོ་སྐྱོད་གྲོན་དངུལ་བསྡུ་རྒྱུ་མ་རེད།

  • ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་དང་ནོར་སྲིད་པུས་སྤྱི་བསྒྲགས་སྤེལ་ནས་ཟས་རིགས་ཐོན་སྐྱེད་གཉེར་སྐྱོང་ཁེ་ལས་ནང་ཁུལ་གྱི་ཐེར་འདོན་བྱེད་པར་བྱ་དགའ་སྤྲོད་རྒྱུ་རེད།

03.JPG.jpg

  • ཚེས19ཉིན། ཀྲུང་གོའི་ལྷོ་ཕྱོགས་མཁའ་འགྲུལ་གྱིC919རྟགས་ཅན་གྱི་གནམ་གྲུ་ཐོག་མར་འཕུར་ནས་ཚོང་ལས་གཉེར་སྐྱོང་གི་དུས་མཚམས་གསར་པར་དངོས་སུ་སླེབས་པ་རེད།

  • ཉེ་ཆར། ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལྟར་སི་ཁྲོན་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའི་ཁོངས་མིའམ་ཀྲུའུ་ཞི་གཞོན་པ་དབྱང་ཁེ་ཉིང་གིས་ལྐོག་རྔན་བླངས་པ་དང་། ཁྲིམས་འགལ་ངང་མེ་མདའ་དང་རྫས་མདེལ་བདག་བཟུང་བྱས་པའི་གྱོད་གཞིར་གཞུང་གཏུག་བྱས་པ་རེད།

  • ཚེས19ཉིན། ཝང་ཆིའུ་སྤོ་ལོའི་མཉམ་འབྲེལ་རྟགས་མས་འགྲན་བསྡུར་དུས་ཚིགས2025ཡི་འགྲན་བསྡུར་དེའི་ཁག་དང་པོའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་རེད། ཀྲེན་ཆིན་ཝུན་གྱིས་ཀྲུང་གོའི་རུ་ཁག་གི་སྣེ་ཁྲིད་དེ་ཡང་བསྐྱར་མཉམ་འབྲེལ་རྟགས་མའི་འགྲན་བསྡུར་ནང་ཞུགས་རྒྱུ་ཡིན་པ་དང་། འདི་ནི་ཀྲུང་གོའི་རུ་ཁག་གིས་ལོ་གཉིས་བསྟུད་མར་མཉམ་འབྲེལ་རྟགས་མའི་འགྲན་བསྡུར་ནང་ཞུགས་པ་ཡིན།

  • ཀྲུང་གོ་མིག་མངས་མཐུན་ཚོགས་ཀྱིས་བརྡ་ཁྱབ་བཏང་བར། ཝང་ཐེན་དབྱི་དང་ཝང་གཡོད་ཧྥེ་སོགས་ལུས་རྩལ་པར་འགྲན་བསྡུར་ཁྲོད་ཉོ་འཚོང་བྱེད་པའི་འགྲན་བསྡུར་ལ་ཁ་ལོ་སྒྱུར་བ་སོགས་ཀྱི་སྒྲིག་འགལ་གྱི་བྱེད་སྤྱོད་ལྡན་པས། ཝང་ཐེན་དབྱི་དང་ཝང་གཡོད་ཧྥེ་གཉིས་ཚེ་གང་བོར་འགྲན་བསྡུར་ནང་ཞུགས་མི་ཆོག་པའི་ཆད་པ་བཅད་པ་རེད།

  • ཚེས19ཉིན། རྒྱལ་ཡོངས་ཀྱི་ཁྲིམས་འགལ་ངང་ཕྱི་རྒྱལ་གྱི་བཙན་འཛུལ་སྐྱེ་དངོས་ནང་འདྲེན་བྱས་པའི་གྱོད་གཞི་ཐོག་མར་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་དང་། ཞུ་སྦྱོར་ཕྱི་མ་དབྱི་ཆེ་གེ་མོས་ཁྲིམས་འགལ་ངང་ཕྱི་རྒྱལ་གྱི་སྐྱེ་དངོས་ནང་འདྲེན་བྱས་པའི་ནག་ཉེས་ཐོག་ནས་དུས་བཀག་བཙོན་འཇུག་ཟླ་དགུ་བྱེད་རྒྱུ་དང་འབྲེལ་མི་དམངས་ཤོག་སྒོར་འབུམ་གཅིག་གི་ཆད་པ་བཅད་པ་རེད།

04.JPG.jpg

  • ཚེས19ཉིན། ནན་ཧའེ་ནུབ་བྱང་གི་ལུའུ་ཕོ་ཨང་རྟགས་གཅིག་གཉིས་ཅན་གྱི་བྱིང་གྲུའི་གནའ་རྫས་རྟོག་ཞིབ་གྲུབ་འབྲས་ཀྱི་དམིགས་བསལ་འགྲེམས་སྟོན་གཉེར་བ་དང་། བྱིང་གྲུའི་རྗེས་ཤུལ་གཉིས་ནས་ཐོན་པའི་རིག་དངོས་408(ཆ་ཚང)ཡོངས་བསྒྲགས་ངང་འགྲེམས་སྟོན་ཐོག་དང་པོ་བྱས་པ་རེད།

  • “སན་ཀྲི་ཡང”གི་འབྲེལ་ཡོད་གནད་དོན་ལ་དམིགས་ཏེ། ཨན་ཧུའེ་ཧོ་ཧྥེས་མཉམ་འབྲེལ་བརྟག་དཔྱད་ཚན་སྐོར་བཙུགས་ནས། བཅའ་ཁྲིམས་དང་སྒྲིག་སྲོལ་གཞིར་བཟུང་ཞིབ་དཔྱད་ཐག་གཅོད་བྱས་པ་རེད།

སྲིད་ཇུས།

  • པེ་ཅིང་གིས་བྱེད་ཐབས་བཏོན་ནས། དུས་དེབ་ཀྱི་སྤྱི་ཡོངས་ཀྱི་འཕེལ་རྒྱས་གནས་ཚུལ་ལ་གཞིགས་ནས། ལས་དོན་མ་སྤེལ་གོང་གི་ཁ་གསབ་བྱེད་ཐབས་སྤྱད་དེ་འགག་རྩའི་ཁྱབ་ཁོངས་སུ་དུས་དེབ་གསར་པར་རྒྱབ་སྐྱོར་བྱེད་རྒྱུ་དང་། ལག་བསྟར་བྱེད་ཡུན་ལོ3དང་ལོ་ལྟར་དཔྱད་ཞིབ་བྱེད་རྒྱུ་རེད།

  • ཧྲང་ཧའེ་ཡིས་ཇུས་གཞི་པར་འགྲེམས་བྱས་ནས། 2025ལོར་སླེབས་སྐབས། སྤྱི་སྤྱོད་རླངས་འཁོར་དང་སྐོར་སྐྱོད་བོགས་གཏོང་རླངས་འཁོར་གཞི་རྩའི་ཆ་ནས་གློག་སྒུལ་ཅན་དུ་མངོན་འགྱུར་ཐུབ་པ་བྱ་རྒྱུ་ཡིན་ཞེས་ཁ་གསལ་བཏོན་ཡོད་པ་རེད།

  • ཧོ་ནན་གྱིས་བརྡ་ཐོ་པར་འགྲེམས་བྱས་ནས། འགྲུལ་པ་འགྲོ་འོང་ཅུང་མང་བའི་མཚན་མོའི་ཁྲོམ་རའི་བདེ་འཇགས་དོ་དམ་དང་འགྲིམ་འགྲུལ་ལམ་སྟོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་། འགྲོ་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་དང་འགྲོ་སྐྱོད་ལ་ཤུགས་རྐྱེན་མི་ཐེབས་པའི་གནས་ཚུལ་འོག་ནས། ཉེ་འཁོར་གྱི་གཏན་འཁེལ་འགྲོ་ལམ་ཐོག་རླངས་འཁོར་གནས་སྐབས་བསྡད་ཆོག་པ་རེད།

དེ་རིང་གི་གནམ་གཤིས།

05.JPG.jpg

  • ཧྲང་ཧའེ་དང་། ཀྲེ་ཅང་གི་བྱང་རྒྱུད་དང་ཤར་རྒྱུད། ཅང་སུའུ་ཡི་དབུས་ལྷོ་རྒྱུད། ཨན་ཧུའེ་ཡི་ཤར་ལྷོའི་རྒྱུད། ཅང་ཞིའི་དབུས་ལྷོ་རྒྱུད། ཀོང་ཏུང་གི་ཤར་ལྷོའི་མཚོ་རྒྱུད། ཧའེ་ནན་གླིང་ཕྲན་གྱི་ས་ཆ་མང་ཆེ་བ་བཅས་དང་དེ་བཞིན་ནང་སོག་གི་དབུས་རྒྱུད་དང་། ཧོ་པེ་ཡི་བྱང་རྒྱུད། མཚོ་སྔོན་གྱི་ཤར་རྒྱུད། ཀན་སུའུ་ཡི་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་ཆེན་པོ་དང་དྲག་ཆར་འབབ་རྒྱུ་དང་། དེའི་ནང་། ཅང་སུའུ་ཡི་ཤར་ལྷོའི་རྒྱུད་དང་། ཀྲེ་ཅང་གི་བྱང་ཤར་རྒྱུད། ཧའེ་ནན་གླིང་ཕྲན་གྱི་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།