དེ་རིང་ནི2024ལོའི་ཟླ12པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-09-23 07:29:32   |   574

སྒྲིག་སྒྱུར། མཁའ་འགྲོ་མཚོ།   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

1.jpg

  • ཚེས22ཉིན“མེས་རྒྱལ་ལ་བཀྲ་ཤིས་བདེ་ལེགས་ཞུ”ཞེས་པའི་མེ་ཏོག་ཆེན་པོའི་སླེ་བོ་དཔྱང་སྒྲིག་ཚར་ནས་གནམ་བདེ་སྒོ་མོའི་ཐང་ཆེན་དུ་གཟུགས་བརྙན་སྟོན་པ་རེད། 

  • ཚེས22ཉིན་ཀྲུང་དབྱང་ཁྲིམས་ལྟར་རྒྱལ་སྐྱོང་གཞུང་དོན་ཁང་གིས་མངགས་གཏོང་བྱས་པའི་ལྟ་ཞིབ་ཚོགས་ཆུང6ཨན་ཧུའེ་དང་། ཧུའུ་ནན། ཀོང་ཞི། སི་ཁྲོན། ཀན་སུའུ། ཉིང་ཞ་བཅས་ཞིང་ཆེན(རང་སྐྱོང་ལྗོངས)6ཏུ་སོ་སོར་བསྐྱོད་དེ་དུས་ཡུན་ཉིན7གྱི་ཡུལ་དངོས་ལྟ་ཞིབ་བྱ་རྒྱུ་རེད། 

  • རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། དུས་ཡུན་ཧ་ཅང་རིང་བའི་དམིགས་བསལ་རྒྱལ་བུན་གྱིས་གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་བརྗེས་བྱ་རྒྱུར་རྒྱབ་སྐྱོར་བྱེད་པའི་ཁག་གཉིས་ཀྱི་མ་དངུལ་སྒོར་དུང་ཕྱུར1500ཚང་མ་རྣམ་གྲངས་ནང་བཀོད་སྒྲིག་བྱས་ཡོད་པ་རེད། 

  • ད་ལོ་ནས་བཟུང་ཁྲལ་དོན་སྡེ་ཚན་གྱིས་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་སྣ་ཚོགས་མི་ཐེངས་དུང་ཕྱུར3.6ལ་གནད་ལ་འཁེལ་པོས་ཁྱབ་གདལ་བཏང་བ་དང་། གཅིག་གྱུར་ཚད་ལྡན་གྱི་གློག་རྡུལ་ཁྲལ་དོན་ཅུས་གསར་པ་རྒྱལ་ཡོངས་སུ་སྤྱོད་མགོ་ཚུགས་པ་དེས་ཁྲལ་འཇལ་བའི་དུས་ཡུན་དུས་མཚུངས་ལས20%ཉུང་དུ་ཕྱིན་ཡོད་པ་རེད། 

  • འགག་སྒོ་སྤྱི་ཁྱབ་ཧྲུའུ་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། བཟོ་འཕྲིན་པུ་སོགས་སྡེ་ཚན་དགུས་ཉིན་ཤས་གོང་མཉམ་འབྲེལ་ཐོག་ཡིག་ཆ་སྤེལ་ནས་འགག་སྒོ་གྲངས་གཞི་ཅན་དུ་སྒྱུར་རྒྱུ་དང་། རིག་ནུས་ཅན་གྱི་རིམ་སྤོར་བྱེད་མགྱོགས་སུ་གཏོང་བ། རིག་ལྡན་འགག་སྒོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་དགོས་པ་ཁ་གསལ་བཏོན། 

  • ཚོང་དོན་པུའི་གྲངས་གཞི་ལས་མངོན་པར། ཚེས22ཉིན་གྱི་ཆུ་ཚོད12བར་རླངས་འཁོར་རྙིང་ཚབ་གསར་བརྗེའི་ཆ་འཕྲིན་སྟེགས་བུ་གསར་པར་རིམ་རྩིས་བྱས་ན་ཐོ་འགོད་བྱེད་མཁན་ཁྲི164ལས་བརྒལ་བ་དང། རླངས་འཁོར་བེད་མེད་གསར་བརྗེས་ཀྱི་ཁ་གསབ་རེ་ཞུ་འབྱོར་ཚད་ཁྲི110ལས་བརྒལ་ཡོད་པ་རེད། 

  • འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡི་གྲངས་གཞི་ལས་མངོན་པར། ད་ལོའི་ཟླ་དང་པོ་ནས་བརྒྱད་པའི་བར་རང་རྒྱལ་གྱི་ཁྱིམ་ཆས་དང་ལྷུ་ལག་ཕྱིར་གཏོང་དངུལ་འབོར་སྒོར་དུང་ཕྱུར3191ཟིན་པ་དང་། དེ་ནི་ན་ནིང་གི་དུས་མཚུངས་ལས་12.3%འཕར་ཡོད་པ་རེད། 

2.jpg

  • ཉེ་ཆར་ལྷོ་རྒྱ་མཚོའི་མཚོ་ཁོངས་ཤིག་གི་མཚོ་དམག་ཧྲན་ཏུང་མཚོ་གྲུའི་དམག་གྲུ་རུ་ཁག་གིས་དངོས་འཐབ་ཅན་གྱི་སྦྱོང་བརྡར་ལ་བརྟེན་ནས་འཕུར་སྐྱོད་པ་གསར་པ་ཁག་གཅིག་གི་མཚན་མོའི་མཁའ་སྐྱོད་དཔང་དངོས་ར་སྤྲོད་བྱས་པ་རེད།

སྤྱི་ཚོགས།

3.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་དྲག་ཆར་གྱི་ཉེན་བརྡ་སེར་པོ་བཏང་སྟེ། དེ་རིང་ཧྥུ་ཅན་དང་ཧའེ་ནན་སོགས་ས་ཁུལ་ཁག་གཅིག་ཏུ་དྲག་ཆར་ཧ་ཅང་ཆེན་པོ་འབབ་རྒྱུ་རེད།

  • སྤྱི་བདེ་པུས་འབྲུ་རིགས་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཉེས་གསོག་གི་དཔེ་མཚོན་གྱོད་གཞི6ཡོངས་བསྒྲགས་བྱས་པ་རེད།

4.jpg

  • 2024ལོའི་ཀྲུང་གོའི་བྱ་སྒྲོ་སྤོ་ལོའི་ཡོངས་བསྒྲགས་འགྲན་བསྡུར་ནང་རང་རྒྱལ་གྱི་བྱ་སྒྲོ་སྤོ་ལོ་རུ་ཁག་ལ་བུད་མེད་ཀྱི་ཆ་གཉིས་དང་། མཉམ་བསྲེས། བུད་མེད་ཀྱི་རྐྱང་པ། སྐྱེས་པའི་རྐྱང་པ་བཅས་རྣམ་གྲངས་བཞིའི་ཨང་དང་པོ་ཐོབ་པ་རེད། 

  • ཚེས26ཉིནWTTཀྲུང་གོའི་ཏ་མན་ཀོན་པེ་ཅིང་གྲོང་ཁྱེར་ཧྲོའུ་ཀང་ཡོན་(首钢园)དུ་དངོས་སུ་འགྲན་བསྡུར་བྱ་རྒྱུ་ཡིན་པ་རེད། 

  • ཉེ་ཆར། ཀྲུང་གོ་ཚན་རིག་ཁང་ནན་ཅིང་ས་གཤིས་གནའ་བོའི་སྐྱེ་དངོས་ཞིབ་འཇུག་སུའོ་ཡིས་སྣེ་ཁྲིད་པའི་རྒྱལ་སྤྱིའི་ཞིབ་འཇུག་ཅིག་གིས་ལོ་ངོ་དུང་ཕྱུར1ཙམ་གྱི་གོང་གི་འབར་མའི་སྤོས་ཤེལ་ཁྲོད་ནས་སྲིན་འབུ་མེ་ཁྱེར་གྱི་འགྱུར་རྡོ་ཞིག་གསར་དུ་རྙེད་པ་རེད། སྐྱེ་དངོས་ཀྱི་འོད་འཕྲོ་བའི་རིམ་འགྱུར་གྱི་ལོ་རྒྱུས་འཚོལ་ཞིབ་བྱེད་པར་སྒེའུ་ཁུང་གསར་བ་ཕྱེ། 

  • གོ་ལ་ཧྲིལ་པོའི་དུང་ཕྱུར་བརྒྱ་ཡི་ཞུགས་གྲངས་རིམ་པའི་རྒྱང་ཚོར་བཀྲོལ་ཐོབ་ཀྱི་རྨང་གཞིའི་དཔེ་དབྱིབས་དང་པོ“མཁའ་དབྱིངས·མིག་དྭངས”ཞེས་པའི3.0པར་གཞི་ཉིན་ཤས་གོང་ཡོངས་བསྒྲགས་བྱས་པ་དང་། དཔེ་དབྱིབས་དེ་འཕྲལ་སྡོམ་དང་། རྒྱལ་ཁབ་ས་ཆ། རྒྱ་མཚོ། སྡོད་ཁང་འཛུགས་སྐྲུན་སོགས་ལས་རིགས་མང་པོ་ཞིག་ཏུ་ཚོད་ལྟའི་ངང་སྤྱོད་བཞིན་ཡོད་པ་རེད། 

5.jpg

  •  ནང་སོག་ཏུ་གནའ་རྫས་རྟོག་ཞིབ་པས་ཧུང་ཧྲན་རིག་གནས(红山文化)ཀྱི་བོངས་ཚད་ཆེ་ཤོས་ཀྱི་གཡུ་འབྲུག་སྔོག་འདོན་བྱས། 

སྲིད་ཇུས།

  • པེ་ཅིང་གིས་མཐོ་རིམ་སློབ་འབྲིང་གི་ཚད་ལོན་རང་བཞིན་གྱི་ཡིག་རྒྱུགས་ལ་བཟོ་བཅོས་རྒྱག་པའི་ཇུས་གཞི་ཁྱབ་བསྒྲགས་བྱས་ཏེ། རྩིས་རིག་གི་ཚད་ལོན་རང་བཞིན་གྱི་ཡིག་རྒྱུགས་ཀྱི་དུས་ཡུན་སྐར་མ120ནས་སྐར་མ90བར་ལེགས་སྒྲིག་བྱ་རྒྱུ་དང་། ཕྱི་རྒྱལ་གྱི་སྐད་ཡིག་སྐར་མ120ནས་སྐར་མ90བར་ལེགས་སྒྲིག་བྱ་རྒྱུ་གཏན་ལ་ཕབ། 

  • ལེའོ་ཉིང་གིས་གྲོང་ཁྱེར་དང་གྲོང་རྡལ་དུ་བསྟུད་མར་ལོ་ཕྱེད་ཡན་སྡོད་མཁན་གྱི་དར་མས་གནས་སྡོད་ལག་ཁྱེར་ལ་བརྟེན་ནས་རང་ཉིད་དང་དེའི་བཟའ་ཟླ་དང་། བུ་ཕྲུག ཕ་མ་བཅས་རྒྱུན་སྡོད་བྱ་ཡུལ་དུ་གཞིས་ཆགས་པའི་རེ་ཞུ་བྱེད་ཆོག་པ་གཏན་འཁེལ་བྱས། 

  • ཅང་ཞི་ནན་ཁྲང་གིས་སྤྱི་བསྒྲགས་སྤེལ་ནས་ཁྱིམ་སྡོད་རྒས་འགྱུར་སྒྱུར་བཀོད་བྱེད་རྒྱུ་ཡིན་པ་མ་ཟད། ཆ་རྐྱེན་དང་མཐུན་པའི་རྒན་རྒོན་གྱིས་ཁ་གསབ་རེ་འདུན་ཞུ་ཆོག་པ་དང་། ཁ་གསབ་ཀྱི་དངུལ་གྲངས་མཐོ་ཤོས་སྒོར3000ལས་བརྒལ་མི་ཆོག་པ་གཏན་ལ་ཕབ།

དེ་རིང་གི་གནམ་གཤིས། 

6.jpg

  • ཀྲེ་ཅང་གི་དབུས་ལྷོ་རྒྱུད་དང་། ཧྥུ་ཅན། ཀོང་ཏུང་གི་དབུས་ཤར་རྒྱུད། ཧའེ་ནན་གླིང་ཕྲན། ཐའེ་དབན་གླིང་ཕྲན། སི་ཁྲོན་གྱི་དབུས་ནུབ་རྒྱུད། ཡུན་ནན་གྱི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་རྒྱུ་རེད། དེའི་ནང་ཀྲེ་ཅང་གི་ཤར་ལྷོའི་རྒྱུད་དང་། ཧྥུ་ཅན་གྱི་དབུས་ཤར་རྒྱུད། ཀོང་ཏུང་ཤར་ལྷོའི་རྒྱུད་ཀྱི་མཚོ་རྒྱུད། ལེ་ཀྲོའུ་ཕྱེད་གླིང་། ཧའེ་ནན་གླིང་ཕྲན་མང་ཆེ་བ་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་རྒྱུ་རེད།


མཉམ་སྤྱོད།