དེ་རིང་ནི2024ལོའི་ཟླ12པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-09-24 07:24:15   |   598

སྒྲིག་སྒྱུར། མཁའ་འགྲོ་མཚོ།   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

1.jpg

  • ཞི་ཅིན་ཕིང་གིས་ཟླ་དཔྱད་ལས་གཞིའི་ཟླ་བའི་ལྷ་མོ་ཨང་དྲུག་པའི་ལས་འགན་ཞིབ་འཇུག་དང་ཚོད་ལྟའི་ནང་ཞུགས་མཁན་གྱི་འཐུས་མིར་མཇལ་འཕྲད་གནང་སྐབས་ཡང་འབད་བསྐྱར་འབད་ཀྱིས་བབ་བསྟུན་འཕེལ་རྒྱས་བཏང་སྟེ་དབྱིངས་སྐྱོད་ཀྱི་རྒྱལ་ཁབ་སྟོབས་ཆེན་མགྱོགས་མྱུར་བསྐྲུན་དགོས་པའི་གསུང་བཤད་གལ་ཆེན་གནང་བ་མ་ཟད། ཟླ་བའི་གོ་ལའི་དངོས་དཔེ་དང་ཟླ་དཔྱད་ལས་གཞིའི་གྲུབ་འབྲས་འགྲེམ་སྟོན་ལ་ལྟ་སྐོར་ཡང་གནང་བ་རེད།

  • ཟླ9ཚེས23ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ནུའུ་ལ·ཏི་ས་ན་ཡ་ཁེར(阿努拉·迪萨纳亚克)གློག་འཕྲིན་བཏང་སྟེ། ཁོང་གིས་སི་རི་ལན་ཁའི་དམངས་གཙོ་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་གི་འགན་བཞེས་པར་རྟེན་འབྲེལ་ཞུས་པ་རེད།

  • རྒྱལ་ཁབ་ནུས་རྒྱུ་ཅུ་ཡིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལྟར་ན། ཟླ་བརྒྱད་པའི་ཟླ་མཇུག་བར་རྒྱལ་ཡོངས་སུ་རིམ་རྩིས་བྱས་ན་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་སྟོང་ཝ་དུང་ཕྱུར31.3ཙམ་ཟིན་པ་དང་། དེ་དུས་མཚུངས་ལས14.0%འཕར་ཡོད།

  • སྡོམ་རྩིས་གྲངས་གཞི་གསར་ཤོས་ལས་མངོན་པར། རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་ཀྱི་ཁེ་ལས་སྡོམ་འབོར་ཁྲི600ལས་བརྒལ་ཡོད་པ་རེད།

  • རྒྱལ་ཁབ་སྡོམ་རྩིས་ཅུའི་སྙན་ཞུ་ལས་མངོན་པར། 2023ལོའི་ལོ་མཇུག་ཏུ་རང་རྒྱལ་གྱི་རྒྱུན་སྡོད་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད66.16%ཟིན་ཡོད།

  • རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། སྒྲིག་ཆས་གསར་བརྗེ་དང་འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེ་ལ་རྒྱལ་སྐྱོར་བྱེད་པའི་རྒྱལ་བུན་མ་དངུལ་སྒོར་དུང་ཕྱུར3000ཕྱོགས་ཡོངས་ནས་གཤམ་སྤྲོད་བྱས་ཡོད།

  • དམངས་སྲིད་པུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོ་ཀྲུང་དབྱང་ནོར་སྲིད་ཀྱིས་ཁྲིད་སྟོན་མ་དངུལ་སྒོར་དུང་ཕྱུར3བཀོད་སྒྲིག་བྱས་ནས་རྒན་རྒོན་གྱི་ཟས་རོགས་ཞབས་ཞུ་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཡོད།

  • ཀྲུང་གོ་རླངས་འཁོར་འཁོར་རྒྱུག་མཐུན་ཚོགས་ཀྱི་གྲངས་གཞི་ལས་མངོན་པར། ཟླ་བརྒྱད་པར་རྒྱལ་ཡོངས་ཀྱི་འགྲུལ་སྐྱེལ་རླངས་འཁོར་སིལ་ཚོང་བྱེད་ཚད་ཁྲི190.5ཟིན་པ་དེ་དུས་མཚུངས་ལས10.8%འཕར་ཡོད།

  • ཚེས23ཉིན། ལེ་པ་ནོན(黎巴嫩)སྤྱི་པའི་འཕྲོད་བསྟེན་པུས་གནས་ཚུལ་སྤེལ་ནས་དབྱི་སི་རལ་གྱིས་དེ་ཉིན་ལེ་པ་ནོན་ལྷོ་རྒྱུད་ལ་མཁའ་རྒོལ་བྱས་པ་ལས་མི100རྐྱེན་ལམ་དུ་ཤོར་བ་དང་། མི400ལྷག་ཙམ་ལ་རྨས་སྐྱོན་ཕོག་ཡོད་པ་བཤད།

སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་དཔག་བྱས་པ་ལྟར་ན། དེ་རིང་ནས་བཟུང་འབྲི་ཆུའི་ལྷོ་རྒྱུད་དང་ཧྭ་ལྷོ་སོགས་ས་ཁུལ་གྱི་དྲོད་ཚད་མཐོ་ཤོས་བསྟུད་མར་ཏུའུ30ཡན་དུ་སླེབས་རྒྱུ་རེད།

  • ཚེས23ཉིན། རང་བྱུང་ཐོན་ཁུངས་པུའི་ཡུན་རིང་གཞི་རྩའི་ཞིང་ཁ་འདྲི་རྩད་ལས་སྟེགས་དངོས་སུ་སྤྱོད་མགོ་ཚུགས་ནས་སྤྱི་ཚོགས་ཡོངས་ལ་ཡུན་རིང་གི་གཞི་རྩའི་ཞིང་ཁ་འདྲི་རྩད་ཞབས་ཞུ་མཁོ་འདོན་བྱ་རྒྱུ་རེད།

  • ཉེ་དུས་དྲ་ཐོག་ནས་ཐེར་འདོན་བྱས་པའི་ཝུའུ་ཞི་ཧུང་ཆའོ(无锡虹桥)སྨན་ཁང་གིས་འགན་བཅོལ་ལ་མགོ་སྐོར་གཡོ་ལེན་བྱས་པའི་དོགས་གཞི་ཡོད་པའི་གནད་དོན་ལ་དམིགས་ནས་རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུ་ཡིས་ཞིབ་བཤེར་ཚོགས་ཆུང་མངགས་ནས་ཚེས23ཉིན་གྱི་སྔ་དྲོ་སྨན་ཁང་དེར་བཅའ་སྡོད་བྱས་ནས་ཆེད་དོན་ཞིབ་བཤེར་བྱས་པ་རེད།

2.jpg

  • རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་ཆུའི་གྲང་སྡུད་གཟུགས་ལས་ཀའོ་སི(高斯)ཁྲི42.02ཡི་བརྟན་རྣམ་ཁབ་ལེན་ར་བ་ཐོན་ནས་འཛམ་གླིང་གི་ཆུའི་གྲང་སྡུད་གཟུགས་ལག་རྩལ་གྱི་མཐོ་ཚད་གསར་པ་བཏོད་ཡོད།

  • པའོ་དབྱིན(包银)མྱུར་བགྲོད་ལྕགས་ལམ་ཏེང་ཁོའུ་རྨ་ཆུའི་ཟམ་ཆེན་དེ་ཚེས22ཉིན་ཟམ་པ་ཧྲིལ་པོ་སྦྲེལ་མཐུད་ཐུབ་ནས་ལམ་ཐིག་ཧྲིལ་པོ་བསྐྲུན་རྗེས། ནང་སོག་གི་པའོ་ཐོའུ་དང་ཉིང་ཞ་དབྱིན་ཁྲོན་དབར་གྱི་མེ་འཁོར་འཁོར་སྐྱོད་དུས་ཚོད་ཆུ་ཚོད་དྲུག་ནས་མགྱོགས་ཤོས་ཆུ་ཚོད་གཉིས་ཙམ་བར་འགྲོ་རྒྱུ་རེད།

  • པེ་ཅིང་ཧའེ་ཏེན་ཉེན་རྟོག་ཕྱོགས་ཀྱིས་གསེར་ཉོ་བའི་མགོ་སྐོར་གཏོང་བའི་རྣམ་པ་གསར་པ་ཞིག་བཀག་འགོག་བྱས་ནས་མང་ཚོགས་ལ་གྱོང་གུན་སྒོར་ཁྲི300ལྷག་ཙམ་མི་ཕོག་པ་བྱས་པ་རེད།

04.png

  • སི་ཁྲོན་མེན་ཀྲུའུ(绵竹)ཡི་རླངས་འཁོར་ཆུང་ཆུང་ཞིག་དོན་རྐྱེན་བྱུང་ནས་ཁ་ལོ་བ་ཉེན་ཁའི་གནས་སུ་སླེབས་ཡོད་དུས། དམག་ཁུངས་ནས་ཕྱིར་ལོག་པའི་དམག་མི་ཅ་ཁྲེང་ཧའོ་ཡིས་གནས་ཚུལ་མཐོང་རྗེས་འཕྲལ་དུ་རྡོ་བླངས་ནས་རླུང་འགོག་ཤེལ་སྒོ་བཅག་སྟེ་ཉེན་ཁར་གྱར་བའི་མི་སྣ་བདེ་བླག་ངང་བསྐྱབས་པ་རེད།

སྲིད་ཇུས།

  • ཧྲང་ཧའེ་ཡིས་ཤེས་ལྡན་མི་སྣའི་གསར་གཏོད་ལས་གཏོད་ལ་རྒྱབ་སྐྱོར་བྱས་ཏེ། གྲོང་ཁྱེར་དང་ཁུལ་རིམ་པ་གཉིས་ཀྱི་ཤེས་ལྡན་མི་སྣའི་སྡེ་ཚན་གྱིས་གཏན་འཁེལ་བྱས་པའི་ཤེས་ལྡན་མི་སྣར་མི་སྒེར་གྱི་ཡིད་རྟོན་དངུལ་བུན་མཐོ་ཤོས་སྒོར་ཁྲི100སྤྲོད་རྒྱུ་ཡིན་པ་གཏན་ལ་ཕབ།

  • ལེའོ་ཉིང་གིས་དམངས་ཕན་ཁེ་ལས་ཀྱི་བྱེད་ཐབས་གསར་པ17བཏོན་ཏེ། དེའི་ནང་གྲོང་མིའི་ཐོབ་ཐང་ལག་ཁྱེར་བཟོ་བའི་དུས་བཀག་ཉུང་དུ་གཏོང་བ་དང་། ས་མཚམས་འགྲོ་འོང་བྱེད་པའི་ལག་ཁྱེར་བརྗེ་སྤྲོད་དང་གསབ་སྤྲོད་བྱེད་པའི་བརྒྱུད་རིམ་ཧྲིལ་པོ་དྲ་ཐོག་ནས་གཉེར་སྐྱོང་བྱེད་ཆོག་པ་སོགས་ཚུད་ཡོད།

  • ཀྲེ་ཅང་གིས་བརྡ་ཐོ་བཏང་སྟེ། ས་གནས་ཁག་གིས་རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་གྱི་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཤེས་ལྡན་མི་སྣ་ཤེས་ལྡན་མི་སྣའི་དགོས་མཁོའི་དཀར་ཆག་དང་། རིམ་པ་མཐོ་བའི་ཤེས་ལྡན་མི་སྣའི་དཀར་ཆག་ནང་བཅུག་ནས་ཤེས་ལྡན་མི་སྣ་གཞིས་ཆགས་པ་དང་། ཁང་པ་ཉོ་བ། སྨན་བཅོས་བཅས་དང་དེ་བཞིན་བུ་ཕྲུག་སློབ་ཞུགས་སོགས་ཀྱི་སྲིད་ཇུས་ཐོབ་ཐང་སྤྲོད་རྒྱུར་རྒྱབ་སྐྱོར་བྱས་པ་རེད།

དེ་རིང་གི་གནམ་གཤིས།

5.jpg

  • ནང་སོག་གི་དབུས་རྒྱུད་དང་། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད། ཀྲེ་ཅང་གི་ཤར་རྒྱུད། ཧྥུ་ཅན་གྱི་ཤར་རྒྱུད། ཧའེ་ནན་གླིང་ཕྲན་གྱི་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་རྒྱུ་དང་། དེའི་ནང་ཧྥུ་ཅན་གྱི་ལྷོ་རྒྱུད་དང་། ཀོང་ཏུང་གི་ཤར་རྒྱུད། ལྷོ་རྒྱུད་ཀྱི་མཚོ་རྒྱུད། ཧའེ་ནན་གླིང་ཕྲན་གྱི་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་དང་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།