དེ་རིང་ནི2024ལོའི་ཟླ12པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-09-25 07:26:43   |   566

སྒྲིག་སྒྱུར། མཁའ་འགྲོ་མཚོ།   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • 《ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་རྨོ་ཞིང་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་རྨོ་ཞིང་གི་སྤུས་ཚད་ལེགས་སུ་གཏོང་བ་དང་བཟུང་གསབ་དོ་སྙོམས་ཡོང་བ་བྱ་རྒྱུའི་སྐོར་གྱི་བསམ་འཆར》ཉིན་ཤས་གོང་ཁྱབ་བསྒྲགས་བྱས་པ་རེད།

  • ཀྲུང་གོ་མི་དམངས་དངུལ་ཁང་གིས་སྲིད་ཇུས་ཀྱི་སྐྱེད་ཕྱོད་བརྒྱ་ཆའི་གྲངས0.2ཇེ་དམའ་རུ་བཏང་བ་དང་། ཉེ་དུས་བཅོལ་དངུལ་གྲབས་གསོག་བྱེད་ཚད་བརྒྱ་ཆའི་གྲངས0.5དམའ་རུ་གཏོང་རྒྱུ་རེད།

  • ཀྲུང་གོ་མི་དམངས་དངུལ་ཁང་གིས་གསོག་འཇོག་ཁང་པའི་དངུལ་བུན་གྱི་སྐྱེད་ཚད་དམའ་རུ་བཏང་ནས་སྔོན་དཔག་བྱས་ན་ཆ་སྙོམས་ཆག་ཚད་བརྒྱ་ཆའི་གྲངས0.5ཡས་མས་ཟིན་པ་དང་། རྒྱལ་ཡོངས་རིམ་པའི་ཁང་པ་གཉིས་པའི་དངུལ་བུན་ཐོག་མའི་གཏོང་སྤྲོད་ཀྱི་བསྡུར་ཚད་དམའ་ཤོས་དེ25%ནས15%བར་དམའ་རུ་གཏོང་རྒྱུ་རེད།

  • རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཚོད་རྩིས་རགས་ཙམ་བྱས་པ་ལས་ད་ལོའི་རྒྱལ་བུན་མ་དངུལ་གྱིས་སྒྲིག་ཆས་གསར་བརྗེ་ལ་རྒྱབ་སྐྱོར་བྱེད་པའི་རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར8000ཙམ་བཏང་ཡོད་པ་རེད།

  • གྲངས་གཞི་ལས་མངོན་པར། ད་ལོའི་ཟླ་དང་པོ་ནས་བརྒྱད་པའི་བར་སྒྲིག་ཆས་དང་ཡོ་བྱད་ཉོ་སྒྲུབ་ལ་མ་འཇོག་བྱེད་ཚད16.8%འཕར་ནས་མ་འཇོག་ཡོངས་ཀྱི་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད64.2%ཟིན་ཡོད།

  • ཚེས23ཉིན། ནོར་སྲིད་པུ་དང་འཕྲལ་སྡོམ་དོ་དམ་པུས་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་གེགས་སེལ་མ་དངུལ་སྒོར་དུང་ཕྱུར3.1སླར་ཡང་བཏང་སྟེ། ཀྲེ་ཅང་དང་ཅང་སུའུ་སོགས་ཀྱིས་འབྲུབ་འགོག་དང་རྒྱ་མཚོའི་རླུང་འཚུབ་འགོག་པ། ཉེན་སེལ་གེགས་སེལ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་གཙོ་གནད་ཐོག་རྒྱབ་སྐྱོར་བྱས་པ་རེད།

  • ཚོང་དོན་པུ་དང་། རྒྱལ་ཁབ་སྡོམ་རྩིས་ཅུ། རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུ་བཅས་ཀྱིས་མཉམ་འབྲེལ་ཐོག་སྤྱི་བསྒྲགས་སྤེལ་ཏེ། 2023ལོར་ཀྲུང་གོས་ཕྱི་ཕྱོགས་ལ་ཐད་ཀར་མ་འཇོག་བྱེད་ཚད་ཨ་སྒོར་དུང་ཕྱུར1772.9ཟིན་པ་དེས་གོ་ལ་ཧྲིལ་པོའི་ཐོབ་སྐལ་གྱི་11.4%བཟུང་ཡོད།

1.jpg

  • ཚེས24ཉིན། རང་རྒྱལ་གྱི་ཐའེ་ཡོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ཀྱིས་ཧྲན་ཏུང་ཧའེ་དབྱང་ཉེ་འགྲམ་གྱི་མཚོ་ཁོངས་སུ་ཅེ་ལུང་ཨང་གསུམ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་དེ་གནམ་དཔྱད་སྲུང་སྐར41སོགས་སྲུང་སྐར8བདེ་བླག་ངང་འཕེན་གཏོང་བྱས།

  • ཚེས24ཉིན། ཚོང་དོན་པུས་སྤྱི་བསྒྲགས་སྤེལ་ནས་ཨ་རིའིPVHཚོགས་པས་ཞིན་ཅང་དང་འབྲེལ་བ་ཡོད་པའི་ཐོན་རྫས་རྒྱུན་གཏན་གྱི་ཁྲོམ་རའི་ཉོ་ཚོང་རྩ་དོན་ལས་འགལ་བའི་དོགས་གཞི་ཡོད་པར་དམིགས་ནས་ཀྲུང་གོའི་ཁེ་ལས་དང་རྩ་འཛུགས་གཞན་དག་གམ་ཡང་ན་མི་སྒེར་དང་རྒྱུན་གཏན་གྱི་ཉོ་ཚོང་བྱེད་མཚམས་འཇོག་པ་དང་། མཐོང་ཆུང་རང་བཞིན་གྱི་བྱེད་ཐབས་སྤྱོད་པ་སོགས་ཀྱི་གནད་དོན་ལ་བརྟག་དཔྱད་བྱེད་མགོ་འཛུགས་རྒྱུའི་གཏན་འབེབས་བྱས་པ་རེད།

  • ལེ་པ་ནོན་སྤྱི་པའི་འཕྲོད་བསྟེན་པུས་ཚེས24ཉིན་ཡོངས་བསྒྲགས་བྱས་པའི་གྲངས་གཞིར་གཞིགས་ན། ཚེས23ཉིན་ནས་བཟུང་དབྱི་སི་རལ་གྱིས་ལེ་པ་ནོན་ས་ཆ་མང་ཆེ་བ་ལ་འཇབ་རྒོལ་བྱས་པའི་ནང་མི558རྐྱེན་ལམ་དུ་ཤོར་བ་དང་མི་1835ལ་རྨས་སྐྱོན་ཕོག་ཡོད་པ་རེད།

སྤྱི་ཚོགས།

  • སང་ཉིན་ནས་བཟུང་། མཁའ་རླུང་དྲག་པོ་ཞིག་ནུབ་ནས་ཤར་ཕྱོགས་སུ་རང་རྒྱལ་གྱི་ས་ཁུལ་མང་ཆེ་བར་ཤུགས་རྐྱེན་ཐེབས་ཏེ། དྲོད་ཚད4℃ནས8℃བར་མར་ཆག་པ་དང་། བྱང་ཕྱོགས་ས་ཁུལ་མང་ཆེ་བར་དྲོད་ཚད10℃ནས12℃བར་ཆག་པ་དང་། ས་ཁུལ་ཁ་ཤས་སུ་དྲོད་ཚད14℃ཡན་དུ་ཆག་རྒྱུ་རེད།

  • སྡོད་ཁང་འཛུགས་སྐྲུན་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2024ལོར་ལོ་15ཡན་སྤྱད་པའི་སྡོད་ཁང་གི་གློག་སྐས་རྙིང་པ་ཁྲི4ལྷག་ཙམ་གསར་སྒྱུར་བྱེད་རྩིས་ཡོད་པ་རེད།

2.png

  • ལྕགས་ལམ12306ཡིས་རླངས་འཁོར་གཅིག་པའི་རྒྱུན་མཐུད་ནུས་པ་བཏོན་པས་འགྲུལ་པས་ལམ་བར་དུ་རླངས་འཁོར་བརྗེ་མི་དགོས་པར་རླངས་འཁོར་གཅིག་ནང་ནས་འདུག་སྟེགས་བརྗེ་ན་ཆོག

  • ཀུའེ་ཀྲོའུ་ཧྲན་ཅའོ་ཧྲུའུ(贵州山脚树)རྡོ་སོལ་གཏེར་ཁའི“9·24”ཡི་མེ་སྐྱོན་ལས་འཛོལ་ཚབས་ཆེན་བྱུང་ནས་གཏེར་འདོན་བཟོ་པ16རྐྱེན་ལམ་དུ་ཤོར་བ་དང་འགན་འཁྲི་མི་སྣ75ལ་འགན་འཁྲི་བདའ་འདེད་བཏང་བ་རེད།

  • ད་ལོའི་ནང་སོག་ཨ་ལ་ཧྲན་མོང་ཨེ་ཅི་ན་ཆིའི་ཧུའུ་དབྱང་ལིན(阿拉善盟额济纳旗胡杨林)སྔོན་དཔག་བྱས་ན་ཟླ10ཚེས13ཉིན་གྱི་སྔ་རྗེས་སུ་ལྟ་སྐོར་བྱེད་པའི་དུས་ཚོད་ཡག་ཤོས་སུ་སླེབས་པ་དང་། ཟླ10ཚེས20ཉིན་གྱི་སྔ་རྗེས་སུ་རྒྱུན་མཐུད་བྱ་རྒྱུ་རེད།

3.jpg

  • ཁུན་མིང་གནམ་ཐང་གི་སྐྱེས་པ་ཞིག་གློ་བུར་དུ་ནད་གཞི་ཚབས་ཆེན་ཕོག་ནས་འགྱེལ་བ་དང་། ལམ་བར་དུ་དབུས་རྒྱུད་དམག་ཁུལ་སྤྱི་ཁྱབ་སྨན་ཁང་གི་ནད་གཡོག་པ་ལིའུ་ཝུན་གྱིས་འཕྲལ་མར་མདུན་དུ་བསྐྱོད་དེ་པུས་མོ་ས་ལ་བཙུགས་ནས་ནད་པ་སྐར་མ་བཅུ་ལྷག་ཙམ་ལ་རོགས་སྐྱོབ་བྱས།

སྲིད་ཇུས།

  • པེ་ཅིང་གིས་ཁྲག་ཤེད་མཐོ་བ་དང་། གཅིན་སྙི་ཟ་ཁུའི་ནད། སྙིང་ནད་ཕོག་པའི་ནད། ཀླད་པ་ཁྲག་རྩའི་ནད་སོགས་གཅོང་ནད་རིགས8གྲོང་ཁྱེར་རིམ་པའི་ཡུན་རིང་སྨན་ཐོ་ཁག་དང་པོའི་ནང་གཅོང་ནད་ཀྱི་དཀར་ཆག་ནང་འཇུག་རྒྱུ་ཁ་གསལ་བཏོན་ཡོད།

  • སི་ཁྲོན་གྱིས་སྲིད་ཇུས་བཏོན་ནས་རྨས་སྐྱོན་རིམ་པ་དང་པོ་ནས་བཞི་པའི་བར་གྱི་ལས་རྨས་མི་སྣའི་ཟླ་རེའི་རྨས་སྐྱོན་ཁ་གསབ་སྒོར156མང་དུ་བཏང་བ་གཏན་ལ་ཕབ།

  • མཚོ་སྔོན་གྱིས“ནང་ཤེལ་འོག་གི་ཁ་དབྱིབས་ཀྱི་རྒྱུ་མའི་ཤ་གཏུབ་ཐབས”སོགས་ནད་རིགས71དང་འབྲེལ་བ་ཡོད་པའི་ཉིན་གྱི་གཤགས་བཅོས127སྨན་བཅོས་འགན་བཅོལ་གྱི་རྩིས་རྒྱག་ཁྱབ་ཁོངས་ནང་འཇུག་རྒྱུ་ཁ་གསལ་བཏོན་ཡོད།

དེ་རིང་གི་གནམ་གཤིས།

4.jpg

  • སི་ཁྲོན་གྱི་ལྷོ་རྒྱུད་དང་། ཡུན་ནན་གྱི་བྱང་ཤར་རྒྱུད། ཧྥུ་ཅན་གྱི་ཤར་རྒྱུད། ཀོང་ཏུང་གི་དབུས་རྒྱུད་དང་ལྷོ་ནུབ་རྒྱུད། ཧེ་ལུང་ཅང་གི་ནུབ་རྒྱུད། བོད་ལྗོངས་ཀྱི་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་རྒྱུ་དང་། དེའི་ནང་སི་ཁྲོན་གྱི་ལྷོ་རྒྱུད་དང་། ཡུན་ནན་གྱི་བྱང་ཤར་རྒྱུད། ཧྥུ་ཅན་ཤར་རྒྱུད་ཀྱི་མཚོ་རྒྱུད། ཧེ་ལུང་ཅང་གི་ནུབ་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་དང་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།