དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-10-09 07:19:37   |   398

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།  བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན། 

  • ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《ཆུ་བཅོས་སྐྱོང་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གནད་བསྡུས》ཞེས་པའི་དཔེ་དེབ་དེ་ཉེ་ཆར་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམ་སྤེལ་བྱས།  

  • ཀྲུང་གོ་གུང་ཁྲན་ཏང་གི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་བཅས་ཀྱིས་ཀྲུང་གོའི་གུང་ཁྲན་ཏང་གི་ཕུལ་དུ་བྱུང་བའི་ཏང་ཡོན་དང་ཉམས་སད་ཡུན་རིང་ཐེབས་པའི་གུང་ཁྲན་རིང་ལུགས་ཀྱི་འཐབ་འཛིང་པ། ཁྱད་དུ་འཕགས་པའི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་པ་དང་ཆབ་སྲིད་པ། ཏང་དང་རྒྱལ་ཁབ་ཀྱི་ཕུལ་དུ་བྱུང་བའི་མགོ་ཁྲིད་པ། ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུ་སྐབས་བཅུ་བཞི་པའི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་ཆབ་སྲིད་ཅུ་སྐབས་བཅོ་ལྔ་པའི་ཨུ་ཡོན། ཀྲུང་དབྱང་ཆབ་སྲིད་ཅུ་སྐབས་བཅུ་དྲུག་པ་དང་སྐབས་བཅུ་བདུན་པའི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དེ་སྔའི་ཙུང་ལི་གཞོན་པ། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པ་དང་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་བཅས་ཡིན་པའི་བློ་མཐུན་ཝུའུ་པང་གོ་སྙུང་གཞི་ཕོག་ནས་སྨན་བཅོས་བྱས་ཀྱང་ཕན་ནུས་མ་ཐོན་པར2024ལོའི་ཟླ10ཚེས8ཉིན་གྱི་ཆུ་ཚོད4དང་སྐར་མ36ཐོག་པེ་ཅིན་དུ་སྐུ་གཤེགས་པ་སྐྱོ་གདུང་ཆེན་པོས་ཁྱབ་བསྒྲགས་བྱས་པ་དང་། སྐུ་གཤེགས་སྐབས་དགུང་ལོ84ཡིན་པ་རེད།  

  • ཚེས8ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས“རྒྱུད་རིམ་ལྡན་པའི་ངང་འབོར་འཕར་སྲིད་ཇུས་དོན་འཁྱོལ་བྱས་ནས་དཔལ་འབྱོར་ཡར་རྒྱས་དང་གྲུབ་ཆ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ་དང་། འཕེལ་རྒྱས་ཀྱི་རྣམ་པ་རྒྱུན་མཐུད་ངང་ལེགས་སུ་འགྲོ་བའི”འབྲེལ་ཡོད་གནས་ཚུལ་སྐོར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད།  འགྲིམ་འགྲུལ་སྐྱེལ་འདྲེན་པུའི་གྲངས་གཞི་ལས་མངོན་པ་ལྟར་ན། རྒྱལ་སྟོན་གུང་གསེང་རིང་སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་ལས་བརྒལ་བའི་མི་སྣ་འཁོར་རྒྱུག་བྱེད་ཚད་རིམ་རྩིས་བྱས་ན་མི་ཐེངས་དུང་ཕྱུར20.03ལ་སླེབས་ཡོད་པ་རེད།  

  • རིག་གནས་གནས་སྐོར་པུའི་གྲངས་གཞི་ལྟེ་གནས་ཀྱིས་ཚོད་རྩིས་བྱས་པར་གཞིགས་ན། རྒྱལ་སྟོན་དུས་ཆེན་རིང་རྒྱལ་ཡོངས་དང་རྒྱལ་ནང་དུ་གནས་སྐོར་དུ་སྐྱོད་མཁན་མི་ཐེངས་དུང་ཕྱུར7.65ཡོད་པ་དང་། རྒྱལ་ནང་གི་གནས་སྐོར་བས་གནས་སྐོར་དུ་སྐྱོད་པར་འགྲོ་སོང་སྡོམ་འབོར་སྒོར་དུང་ཕྱུར7000ལས་བརྒལ་བ་བཏང་ཡོད་པ་རེད།  

  • རྒྱལ་ཁབ་སྦྲག་སྲིད་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་སྟོན་གུང་གསེང་རིང་རྒྱལ་ཡོངས་སུ་བསྡུ་ལེན་མྱུར་སྐྱེལ་ཁྱོན་དུང་ཕྱུར63ཙམ་སྐྱེལ་སྤྲོད་བྱས་ཡོད་པ་རེད།  

  • ཚེས8ཉིན་ཀྲུང་གོ་ཟོག་འགྲེམ་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཟླ9པར་ཀྲུང་གོའི་ཟོག་འགྲེམ་ལས་རིགས་ཀྱི་དར་རྒྱས་སྟོན་གྲངས52.4%ཡིན་པ་དེ་ཟླ་གོང་མ་ལས་བརྒྱ་ཆའི་གྲངས0.9འཕར་ཡོད་པ་ཁྱབ་བསྒྲགས་བྱས།  

  • ཚོང་དོན་པུས་ཡོ་རོབ་མནའ་འབྲེལ་ནས་ཐོན་པའི་འབྲེལ་ཡོད་པའེ་ལན་ཏིར(白兰地)གནས་སྐབས་ཕམ་ཚོང་ལ་ངོ་རྒོལ་བྱེད་པའི་བྱ་ཐབས་ལག་བསྟར་བྱ་རྒྱུ་གཏན་འབེབས་བྱས་པ་རེད། 

  • ཚེས8ཉིན་ཕྱི་འབྲེལ་པུས་ཐེངས་གཉིས་ལ་བཀོད་སྒྲིག་བྱས་ནས་ཀྲུང་གོའི་སྤྱི་དམངས215ལེ་པ་ནོན་ནས་བདེ་འཇགས་ངང་ཕྱིར་འཐེན་བྱས་པའི་ནང་། ཤང་ཀང་གི་ཡུལ་མི་གསུམ་དང་ཐའེ་ཝན་གྱི་སྤུན་ཟླ་གཅིག་ཚུད་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།  

    e861663b31c1c7ce12e6e8a1d2bdd60.jpg

  • ཚེས8ཉིན་སུའེ་ཏེན་གོང་མ་ཚང་ཚན་རིག་ཁང་གིས2024ལོའི་ནོ་པེར་དངོས་ལུགས་རིག་པའི་བྱ་དགའ་ཡུའེ་ཧན•ཧོ་ཕུའུ་ཧྥེར་ཏེ་དང་ཅེ་ཕུའུ་ལི•ཤིན་ཏུན་ལ་སྤྲོད་རྒྱུ་ཁྱབ་བསྒྲགས་བྱས་པ་རེད།  

    སྤྱི་ཚོགས།

  • ནོར་སྲིད་པུའི་གྲངས་གཞི་གསར་ཤོས་ལས་མངོན་པར་གཞིགས་ན། དུས་ཚིགས་གསུམ་པའི་དུས་མཇུག་བར་རང་རྒྱལ་གྱི་ཞིང་ལས་གུན་སྐྱོབ་ཀྱི་གུན་སྐྱོབ་གྲོན་དངུལ་གྱི་གཞི་ཁྱོན་སྒོར་དུང་ཕྱུར1307ཡིན་པ་དེ་དུས་མཚུངས་ལས4.2%འཕར་ཡོད་པ་རེད།  

  • 2025ལོའི་རྒྱལ་ཡོངས་ཀྱི་རབ་འབྱམས་པའི་ཞིབ་འཇུག་སློབ་མར་རྒྱུགས་སྤྲོད་པར་མིང་ཐོ་འགོད་མགོ་བརྩམས་པ་སྔོན་བསྒྲགས་བྱས།  

  • སློབ་གསོ་པུས་གནས་ཚུལ་སྤེལ་བར་གཞིགས་ན། སང་ལོའི་སྟོན་ཀ་ནས་བཟུང་མཐོ་རིམ་བསླབ་གནས་ཀྱི་རྒྱུན་མཐུད་སློབ་གསོར“སྦྲག་འཁྲིད”དང“ལས་ཞོར”ཞེས་པའི་མིང་མི་སྤྱོད་པར“ལས་བྲལ་མེད”ཅེས་གཅིག་གྱུར་བྱས་ཡོད་པ་རེད།  

  • རྒྱལ་ཁབ་གློག་བརྙན་ཅུས་སྡོམ་རྩིས་བྱས་པར་གཞིགས་ན། 2024ལོའི་རྒྱལ་སྟོན་རིམ་པའི(ཟླ10ཚེས1ནས་ཚེས7ཉིན་བར)རྒྱལ་ཡོངས་ཀྱི་གློག་བརྙན་སྤ་སེ་བཙོངས་པའི་དངུལ་གྲངས་སྒོར་དུང་ཕྱུར21.04ལ་སླེབས་ཡོད་པ་རེད། 

  • ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའུ་ཧྲུའུ་ཅི་དང་ཀྲུའུ་ཞི་ཆི་ཐུང་ཧྲེང་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པ་དང་། མིག་སྔར་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད།  

43f6d930c92178b0e0f3f5f5e1586e2.jpg

  • ཉེ་ཆར་རང་རྒྱལ་གྱི་ཚན་རིག་མཁས་ཅན་གྱིས་སྤྱི་ལེ7བརྒལ་བའི་ཁྱབ་ཚུལ་རྣམ་པའི་འོད་ཚད་རྡུལ་རྩིས་རྒྱག་མངོན་འགྱུར་བྱུང་ནས། གཞི་ཁྱོན་ཅན་གྱི་ཚད་རྡུལ་རྩིས་རྒྱག་ཐུབ་རྒྱུར་བསམ་ཕྱོགས་གསར་པ་མཁོ་འདོན་བྱས་ཡོད་པ་རེད།  

  • རྒྱལ་ཁབ་སྨན་བཅོས་གུན་སྐྱོབ་ཅུས་ཝུའུ་ཞི་ཧུང་ཆའོ་སྨན་ཁང་ལ་གཡོ་ལེན་མགོ་སྐོར་གྱི་དོགས་གཞི་ཡོད་པའི་གནས་ཚུལ་བརྡ་ཁྱབ་བཏང་བ་དང་། སྨན་ཁང་དེའི་ཡོན་ཀྲང་སོགས་ཉེས་གསོག་དོགས་ཅན24ལ་ཉེས་དོན་གྱི་བཙན་ཐབས་སྤྱད་པ་རེད།  

  • དྲ་ཐོག་ཏུ“ཧྲང་ཧའེ་དང་ཁྲུང་ཆིང་བར་གྱི་མྱུར་བགྲོད་གཞུང་ལམ་ཐོག་རླངས་འཁོར་མང་པོ་ཞིག་ལ་གཟེར་བརྒྱབ་པའི”གནས་ཚུལ་བཀོད་པར་དམིགས་ཏེ། ཚེས8ཉིན་ཁྲུང་ཆིང་ཉེན་རྟོག་ཕྱོགས་ཀྱིས་གཟེར་ལྷུངས་པའི་དངོས་ཟོག་བླུག་སྣོད་ཡག་པོ་མི་བླུགས་པ་དང་སྐྱེལ་འདྲེན་བྱེད་པའི་ལམ་བར་དུ་ཞིབ་བཤེར་ཡག་པོ་མ་བྱུང་བའི་རྐྱེན་གྱིས་གང་བྱུང་དུ་དབྱུགས་པའི་གནས་ཚུལ་མི་ཐོན་པ་བྱས་ཡོད་ཅེས་བརྡ་ཁྱབ་བཏང་བ་རེད།  

878fdc60f9d10ad030279504818dc87.jpg

  • ཧའེ་ནན་སན་ཡའི་རྒན་པ་ཞིག་བྱ་སྒྲོའི་སྤོ་ལོ་རྒྱག་ཁང་དུ་གློ་བུར་དུ་སྙིང་རྩ་འགགས་པ་དང་དྲན་མེད་དུ་བརྒྱལ་བ་ན། སྤོ་ལོ་རྒྱག་སའི་སྨན་པ་ཝུའེ་ཞིན་ཙེས་སྐད་ཐོས་འཕྲལ་པུས་མོ་སར་བཙུགས་ནས་མྱུར་སྐྱོབ་བྱས་པས། ཡུན་རིང་མ་སོང་བར་རྒན་པའི་ཚེ་སྲོག་བདེ་ཐང་སླར་གསོ་བྱུང་པ་རེད།  

    སྲིད་ཇུས།

  • ཧྲན་ཏུང་གིས་ཡིག་ཆ་བཀྲམ་ནས་ལོ་རེར་གྲོང་གསེབ་དར་སྤེལ་གྱི་མཉམ་སྡེབ་མི་སྣ100བདམས་ནས་འཇམ་འགྱུར་ཤེས་ལྡན་མི་སྣ་ནང་འདྲེན་གྱི་འབྲེལ་ཡོད་སྲིད་ཇུས་ཀྱི་གཏན་འབེབས་གཞིར་བཟུང་བྱ་དགའ་ཁ་གསབ་སྒོར་ཁྲི1སྤྲད་པ་དང་། ཆ་རྐྱེན་དང་མཐུན་རིགས་ལས་གཏོད་ཁག་ཐེག་དངུལ་བུན་གྱི་རྒྱབ་སྐྱོར་བྱེད་ཁོངས་སུ་བཅུག་ཡོད་པ་རེད།  

  • ཅང་སུའུ་ཡིས2024ལོའི་ལོ་འཁོར་དུ་ཞིང་ཆེན་ཡོངས་ཀྱི་ལས་བཟོ་པའི་གཞི་རྩའི་རྒན་གསོ་གུན་སྐྱོབ་ཀྱི་གྲོན་དངུལ་འཇལ་བའི་གླ་ཕོགས་ཀྱི་གཞི་གྲངས་ཚད་གཞི་དེ་སྒོར24396ལ་གཞིགས་ནས་ལག་བསྟར་བྱ་རྒྱུ་དང་། ཚད་གཞི་དམའ་ཤོས་དེ་སྒོར4879ལ་གཞིགས་ནས་ལག་བསྟར་བྱ་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད།  

  • ཧའེ་ནན་གྱིས་ཟ་མ་ཟ་མཁན300ལོན་པའི་བུ་བཅོལ་ཁང་གི་ཟ་ཁང་ངམ་ཡང་ན་ཟ་མ་ཟ་མཁན500ལོན་པའི་སློབ་གྲྭའི་ཟ་ཁང་དུ་ཉུང་མཐར་ཡང་བཟའ་བཅའི་བདེ་འཇགས་ཀྱི་སྤྱི་ཁྱབ་ལྟ་སྐུལ་བ་གཅིག་བཀོད་སྒྲིག་བྱེད་དགོས་པའི་བརྡ་ཐོ་དཔར་འགྲེམ་བྱས་པ་རེད།  

    དེ་རིང་གི་གནམ་གཤིས།  

f9db8c2e5dd679d477aa915792e3fb4.jpg

  • བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་སི་ཁྲོན་གྱི་ལྷོ་རྒྱུད། ཡུན་ནན་གྱི་དབུས་བྱང་རྒྱུད། ཐའེ་ཝན་གླིང་ཕྲན་སོགས་ཀྱི་ས་ཁུལ་ཁག་གཅིག་ཏུ་ཆར་འབྲིང་ནས་ཆར་ཆེན་འབབ་ཀྱི་ཡོད་པ་དང་། དེའི་ནང་སི་ཁྲོན་གྱི་ལྷོ་རྒྱུད་དང་ཡུན་ནན་གྱི་དབུས་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་དྲག་ཆར་འབབ་རྒྱུ་རེད།  


མཉམ་སྤྱོད།