དེ་རིང་ནི2024ལོའི་ཟླ12པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-09-30 07:22:59   |   653

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།  བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

01.JPG.jpg

  • ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གནང་བའི་མཛད་སྒོ་ཚེས29ཉིན་གྱི་སྔ་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་གསེར་མདོག་ཚོམས་ཆེན་དུ་གཟབ་རྒྱས་ངང་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་ལ་བྱས་རྗེས་གཟེངས་རྟགས་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་བ་རེད།

  • ཚེས29ཉིན་གྱི་དགོང་མོར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར75འགོར་བར་རྟེན་འབྲེལ་ཞུ་བའི་རོལ་དབྱངས་འདུ་ཚོགས་པེ་ཅིང་དུ་འཚོགས་པ་དང་། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་མི་སྣ་བྱེད་སྒོར་ཕེབས་ནས་ལྟད་མོར་གཟིགས།

  • བཟོ་བཅོས་བརྒྱབ་རྗེས་ཀྱི《སྔོན་གཤེགས་དཔའ་བོའི་བསྟོད་བསྔགས་སྲོལ་ཡིག》ཉེ་ཆར་ཁྱབ་བསྒྲགས་བྱས་པ་དང་། 2025ལོའི་ཟླ1ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

  • རྒྱལ་སྟོན་གཟའ་འཁོར་རིང་གི་ལྕགས་ལམ་འགྲུལ་སྐྱེལ་དེ་ཟླ9ཚེས29ཉིན་ནས་མགོ་བརྩམས་ཏེ། ཟླ10ཚེས8ཉིན་མཇུག་འགྲིལ་རྒྱུ་ཡིན་པ་དང་དུས་ཡུན་ཉིན10ཡིན་ཞིང་། སྔོན་དཔག་བྱས་ན་རྒྱལ་ཡོངས་ཀྱི་ལྕགས་ལམ་ཐོག་འགྲུལ་པ་མི་ཐེངས་དུང་ཕྱུར1.75སྐྱེལ་འདྲེན་བྱ་རྩིས་ཡོད་པ་རེད།

  • ཚེས29ཉིན། ཀྲུང་དབྱང་དངུལ་ཁང་གིས་ཁྲོམ་རའི་སྐྱེད་ཕྱོད་གཏན་འཁེལ་གྱི་རང་གཅུན་ལམ་སྲོལ་ལ་མཛུབ་ཁྲིད་བྱས་ནས་ཚོང་ལས་དངུལ་ཁང་ཁག་གིས་ཟླ10ཚེས31ཉིན་སྔོན་དུ་གསོག་འཇོག་ཁང་བའི་དངུལ་བུན་གྱི་སྐྱེད་ཕྱོད་ལ་གཅིག་གྱུར་ཐོག་ལེགས་སྒྲིག་བྱེད་དགོས་པའི་གྲོས་འགོ་ཁྱབ་བསྒྲགས་བྱས་པ་རེད།

  • གྲངས་གཞི་ལས་མངོན་པར། རང་རྒྱལ་གྱི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ལོ་འཁོར་གྱི་འགན་བཅོལ་ནང་ཞུགས་ཚད95%ཙམ་ཟིན་པ་དང་། འགན་བཅོལ་ནང་ཞུགས་མཁན་མི་གྲངས་དུང་ཕྱུར13.3ལས་བརྒལ་ཡོད་པ་རེད།

  • ཀྲུང་གོ་གནམ་གཤིས་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱིས་ས་ངོས་ཀྱི་རང་འགུལ་གནམ་གཤིས་བརྟག་དཔྱད་ས་ཚིགས་ཁྲི7.6ལྷག་ཙམ་བསྐྲུན་ནས་རྒྱལ་ཡོངས་ཀྱི་ཡུལ་གྲོང་ཚང་མར་ཁྱབ་ཡོད་པ་རེད།

02.JPG.jpg

  • རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་བཞིའི”རྡོ་སྣུམ་དང་རང་བྱུང་སོལ་རླངས་འཕེལ་རྒྱས་འཆར་འགོད་ཀྱི་གཙོ་གནད་རྣམ་གྲངས-ནུབ་རླངས་ཤར་འདྲེན་ལམ་ཐིག་བཞིའི(ཐུའུ་ལུའུ་ཧྥན་ནས་ཀྲུང་ཝུའེ་བར)ཞིན་ཅང་དུམ་བུ་ཟླ9ཚེས་29ཉིན་བསྐྲུན་ཟིན་ནས་ཐོན་སྐྱེད་བྱེད་འགོ་ཚུགས་པ་རེད།

03.JPG.jpg

  • ཉེ་ཆར་མཇུག་འགྲིལ་བའི་འཇར་མན་པེར་ལིན་རྒྱལ་སྤྱིའི་ལྕགས་ལམ་འགྲིམ་འགྲུལ་ལག་རྩལ་དངོས་མང་སྟོན་ཚོགས་ཐོག་རང་རྒྱལ་གྱི་ནུས་རྒྱུ་གསར་པའི་རིག་ནུས་གྲོང་ཁྱེར་ཁྱབ་ཁོངས་ཀྱི་ཤུགས་འགྲེམས་མེ་འཁོར་ཐོག་མ་དེ་དངོས་སུ་ཡོངས་བསྒྲགས་བྱས་ནས་བརྒྱུད་རིམ་ཧྲིལ་པོར་ཐཱན་གཏན་ནས་ཕྱིར་འབུད་བྱེད་ཀྱི་མེད་པ་རེད།

04.JPG.jpg

  • ཉེ་ཆར་འབར་མ་བྱང་མའི་གློག་འཕྲིན་མགོ་སྐོར་གྱི་ཉེས་གསོག་ཚོགས་པའི་མགོ་པ་དང་རྐང་འཛིན་པ་མི20ཕྱིར་རང་རྒྱལ་དུ་བཟུང་སྐྱེལ་བྱས་པ་རེད།

སྤྱི་ཚོགས།

  • དེ་རིང་ནས་ཟླ10པའི་ཚེས2བར། གྲང་ངར་ཆེ་བའི་མཁའ་རླུང་གི་ཤུགས་རྐྱེན་ཐེབས་པའི་དབང་གིས་རང་རྒྱལ་གྱི་ས་ཁུལ་མང་ཆེ་བར་དྲོད་ཚད་4~8℃མར་ཆག་རྒྱུ་ཡིན་པ་དང་། བྱང་ཕྱོགས་ཀྱི་ས་ཁུལ་མང་ཆེ་བའི་དྲོད་ཚད་མར་ཆག་ཚད་10~12℃ལ་ཐོན་རྒྱུ་དང་། ས་ཁུལ་ཁ་ཤས་སུ་དྲོད་ཚད14℃ཡན་མར་ཆག་རྒྱུ་རེད།

  • བྱང་རྒྱུད་འཐབ་ཁུལ་མཚོ་དམག་གི་རྒྱལ་སྟོན་རིང་དམག་གྲུ་སྒོ་དབྱེའི་བྱེད་སྒོ་ཆིང་ཏའོ་རུ་གྲ་སྒྲིག་བྱས་ཟིན་པ་དང་སྔོན་དཔག་བྱས་ན་ལྟ་སྐོར་བྱེད་མཁན་མི་ཐེངས་ཁྲི12ལས་བརྒལ་རྒྱུ་ཡིན་པ་རེད།

  • ཉིན་ཤས་གོང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ལྐོག་རྔན་བླངས་པའི་ཉེས་གསོག་གི་དོགས་གཞི་ཡོད་པའི་ཧེ་ལུང་ཅང་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའི་ཁོངས་མིའམ་ཀྲུའུ་ཞི་གཞོན་པ་ལི་ཧའེ་ཐའོ་ཁྲིམས་ལྟར་འཛིན་བཟུང་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།

05.JPG.jpg

  • ཚེས29ཉིན། འགག་གསུམ་གྱི་རིམ་འཕར་གྲུ་གཟིངས་གི2024ལོའི་འཆར་གཞི་རང་བཞིན་གྱི་གྲུ་གཟིངས་གཏོང་མཚམས་འཇོག་པའི་ཞིབ་བཤེར་ཉམས་བཟོ་ལེགས་འགྲུབ་ཟིན་ནས་ཡང་བསྐྱར་གྲུ་གཟིངས་ཤར་གཏོང་ཐུབ་ཡོད།

  • ཚེས29ཉིན་གྱི་སྔ་དྲོར། འཇར་པན་གྱི་དོམ་ཁྲ“པི་ལི”དང“ལྷ་མོ”གཉིས་འཇར་པན་གྱི་ཐོ་ཁེའོ་ཧྲང་ཡེ་སྲོག་ཆགས་གླིང་ནས་ལམ་ལ་ཆས་ཏེ་རྒྱལ་ནང་དུ་ཕྱིར་ལོག་མགོ་བརྩམས།

06.JPG.jpg

  • ཚེས29ཉིན། ཁྲུང་ཆིང་ནས་ཁུན་མིང་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཁྲུང་ཆིང་ནུབ་ནས་ནས་དབྱི་པིན་ཤར་བར་གྱི་མེ་འཁོར་ཤར་གཏོང་ཐུབ་ནས་གཉེར་སྐྱོང་བྱེད་འགོ་བརྩམས།

07.JPG.jpg

  • ཡུན་ནན་ཝུན་ཧྲན་ནས་ཚར་ལ་ཉེ་བའི་ཧུའེ་ཧི་ཐའོ་ཡི་མྱུ་གུ་གསར་པ40ལྷག་ཙམ་རྙེད་བྱུང་།

08.JPG.jpg

  • ཧྲན་ཏུང་ཅི་ནན་གྱི་ལོ་16ལ་སླེབས་པའི་མཐོ་འབྲིང་ལོ་རིམ་གསུམ་པའི་སློབ་མ་ཝང་ཅིན་ཧའོ་ཆུ་འགྲམ་ན་འགྲོ་སྐབས་མི་ཞིག་ཆུར་ལྷུང་བ་ཤེས་འཕྲལ་ཁོང་མགྱོགས་མྱུར་ངང་ཆུའི་ནང་མཆོང་ནས་སྐར་ཆ20ནང་མི་དེ་སྐྱོབ་ཐུབ་སོང་།

སྲིད་ཇུས།

  • ཧོ་ནན་གྱིས་ལས་སྟེགས་ཁེ་ལས་ཀྱིས་ནང་འདྲེན་བྱས་པའི་ཕུལ་བྱུང་ཤེས་ལྡན་མི་སྣའི་ཆ་རྐྱེན་དང་མཐུན་རིགས་ཞིང་ཆེན་དང་ཐད་སྐྱོང་གྲོང་ཁྱེར་གྱི་ཤེས་ལྡན་མི་སྣའི་ཞབས་ཞུའི་མ་ལག་ནང་བཅུག་ནས་འགན་ལེན་བྱ་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད།

  • ཐེན་ཅིན་གྱིས་མི་སྒེར་འཛད་སྤྱོད་པས་ཁྱིམ་ཆས་གསར་རྐྱང་གི་ཁ་གསབ་ཁྱབ་ཁོངས་ནང་གི་ཚོང་ཟོག་ཉོས་ཚེ་ཐོན་རྫས་ཀྱི་མཐའ་མའི་ཕྱིར་ཚོང་རིན་གོང་གི་15%གཞིར་བཟུང་ཁ་གསབ་སྤྲོད་རྒྱུ་དང་། ཁ་གསབ་རེའི་དངུལ་གྲངས་མཐོ་ཤོས་སྒོར2000ལས་མི་བརྒལ་བ་གཏན་འབེབས་བྱས་ཡོད་པ་རེད།

  • ཡུན་ནན་གྱིས་མི་བཀོལ་ལས་ཁུངས་ཀྱིས་མི་བསྡུ་བའི(གདན་ཞུ)བརྒྱུད་རིམ་ནང་མི་སྒེར་གྱི་གཞི་རྩའི་ཆ་འཕྲིན་ཕུད། བུད་མེད་ལས་ཀ་འཚོལ་མཁན་གྱི་གཉེན་སྒྲིག་དང་བུ་བཙའི་གནས་ཚུལ་འདྲི་བའམ་ཡང་ན་བརྟག་དཔྱད་བྱེད་མི་ཆོག་པ་ཁ་གསལ་བཏོན་ཡོད་པ་རེད།

དེ་རིང་གི་གནམ་གཤིས།

09.JPG.jpg

  • ལེའོ་ཉིང་གི་ལྷོ་རྒྱུད་དང་། ཧོ་པེའི་དབུས་ལྷོ་རྒྱུད། ཐེན་ཅིན་གྱི་ལྷོ་ནུབ། ཧྲན་ཞིའི་ཤར་ལྷོའི་རྒྱུད། ཧོ་ནན་གྱི་བྱང་རྒྱུད་དང་ལྷོ་ནུབ། ཧྲའན་ཞིའི་ལྷོ་རྒྱུད། ཧུའུ་པེའི་ནུབ་རྒྱུད། ཁྲུང་ཆིང་། སི་ཁྲོན་གྱི་ཤར་རྒྱུད། ཀུའེ་ཀྲོའུ་ཡི་བྱང་རྒྱུད་དང་ནུབ་རྒྱུད། ཡུན་ནན་གྱི་ཤར་རྒྱུད། ཐའེ་ཝན་གླིང་ཕྲན་གྱི་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆེན་ནས་དྲག་ཆར་འབབ་རྒྱུ་དང་། དེའི་ནང་སི་ཁྲོན་གྱི་བྱང་ཤར་རྒྱུད་དང་། ཁྲུང་ཆིང་གི་དབུས་རྒྱུད། ཐེ་ཝན་གླིང་ཕྲན་གྱི་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།