དེ་རིང་ནི2024ལོའི་ཟླ12པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-09-29 07:15:03   |   489

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཟླ9པའི་ཚེས30ཉིན་ནི་རྒྱལ་ཁབ་ཀྱིས་བཙུགས་པའི་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བའི་ཉིན་མོ་ཡིན། ཉིན་དེའི་སྔ་དྲོར་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་ཀྱིས་ལས་རིགས་ཁག་གི་འཐུས་མི་དང་མཉམ་དུ་གནམ་བདེ་སྒོ་མོའི་ཐང་ཆེན་དུ་མི་དམངས་ཀྱི་དཔའ་བོར་མེ་ཏོག་སི་ར་འབུལ་རྒྱུ་རེད།     

  • ཞི་ཅིན་ཕིང་གིས་ཀྲུང་གོའི་ཐོན་ལས་ལྕི་མོའི་བཟོ་པའི་འཐུས་མི་ཞིག་ལ་འཕྲིན་ལན་སྤྲིངས་ནས་རྩལ་ནུས་ཀྱིས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་ཐོག་མའི་བསམ་འདུན་བརྟན་སྲུང་བྱེད་པ་དང་། ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་དང་། ངལ་རྩོལ་གྱི་སྙིང་སྟོབས། བཟོ་བོའི་སྙིང་སྟོབས་བཅས་དར་སྤེལ་བཏང་སྟེ་བཟོ་སྐྲུན་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་བྱང་ཤར་ཁྱོན་ཡོངས་ནས་དར་སྤེལ་གཏོང་བར་སྐུལ་འདེད་གཏོང་ཆེད་མུ་མཐུད་དུ་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་སྐུལ་ལྕག་གནང་།    

  • ཞིང་ལས་དང་གྲོང་གསེབ་པུ་དང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ8པའི་ཟླ་མཇུག་བར་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་མི་འབོར་གྱི་ལས་མི་དང་ལས་ཞུགས་ཀྱི་སྤྱིའི་གཞི་ཁྱོན་མི་ཁྲི3295.3ཡིན་པ་དང་། ལོ་འཁོར་གྱི་དམིགས་ཚད་ལས་འགན་ལས་མི་ཁྲི276.1བརྒལ་ཡོད།     

  • ཟླ་བརྒྱད་པར་རྒྱལ་ཁབ་ལྕགས་ལམ་གྱིས་དངོས་ཟོག་ཏུན་དུང་ཕྱུར3.37དབོར་འདྲེན་བྱས་པ་དེ་དུས་མཚུངས་ལས4.8%འཕར་ཡོད་ཅིང་། ཟླ་བ་གཅིག་རང་གི་དངོས་ཟོག་དབོར་འདྲེན་བྱེད་ཚད་ཀྱི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།     

  • རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་བརྒྱད་པར་རང་རྒྱལ་གྱི་རྒྱལ་སྤྱིའི་གཏོང་ཡོང་གི་དངོས་ཟོག་དང་ཞབས་ཞུའི་ཚོང་དོན་ཕྱིར་གཏོང་ནང་འདྲེན་གྱི་གཞི་ཁྱོན་སྒོར་དུང་ཕྱུར41800ཟིན་པ་དེ་དུས་མཚུངས་ལས4%འཕར་ཡོད།    

  • རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན།    མིག་སྔར་རྒྱལ་ཡོངས་ཀྱི་སྐུད་ཡོད་བརྙན་འཕྲིན་དང་། IPTVདང་དྲ་སྦྲེལ་བརྙན་འཕྲིན་མཐའ་སྣེ་བཅས་དུང་ཕྱུར5.6ལ་གྲོན་བསྡུའི་གནོན་ཤུགས་ཆུང་དུ་གཏོང་ཚད50%ཡན་གྱི་དམིགས་ཚད་མངོན་འགྱུར་བྱུང་ཡོད།   

11.jpg 

  • ཚེས28ཉིན་ཀྲུང་གོའི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ལས་གྲྭ་གཞུང་ལས་ཁང་གིས་སྤྱི་ཚོགས་ལ་ཁ་ཕྱོགས་ནས་ཟླ་བའི་གོ་ལར་སྐྱོད་པའི་ལས་གོས་ལ་མིང་འདོགས་པའི་བྱེད་སྒོ་སྤེལ་བ་དང་། ཀྲུང་གོའི་ཟླ་བའི་གོ་ལར་སྐྱོད་པའི་ལས་གོས་ཀྱི་ཕྱིའི་རྣམ་པ་ཐོག་མར་ཡོངས་བསྒྲགས་བྱས།

  • ཚེས28ཉིན་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ལྷོ་རྒྱུད་དམག་ཁུལ་གྱིས་མཁའ་མཚོའི་དམག་ཤུགས་སྒྲིག་འཛུགས་བྱས་ཏེ་ཀྲུང་གོའི་ཧོང་ཡན་གླིང་ཕྲན་ཉེ་འགྲམ་གྱི་མཁའ་མཚོའི་ཁྱབ་ཁོངས་སུ་མྱུལ་ཞིབ་ཉེན་བརྡ་གཏོང་བ་དང་མཁའ་མཚོའི་སྐོར་གཡེང་སོགས་འཆར་ཅན་རང་བཞིན་གྱི་སྦྱོང་བརྡར་བྱེད་སྒོ་སྤེལ།     

  • རྒྱལ་སྤྱིའི་འཕྲུལ་མིའི་མཉམ་འབྲེལ་ལྷན་ཚོགས་ཀྱི་སྙན་ཞུ་ལས་མངོན་པ་ལྟར་ན།    2023ལོར་ཀྲུང་གོས་གསར་དུ་སྒྲིག་སྦྱོར་བྱས་པའི་བཟོ་ལས་འཕྲུལ་མིའི་གྲངས་འབོར་ཁྲི27.63ཟིན་པ་དེས་གོ་ལ་ཧྲིལ་པོའི་གསར་དུ་སྒྲིག་སྦྱོར་བྱས་པའི་གྲངས་འབོར་གྱི51%བཟུང་ཡོད།     

  • དབྱི་སི་རལ་གྱི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། དབྱི་སི་རལ་དམག་དཔུང་གིས་ཚེས28ཉིན་ལེ་པ་ནོན་གྱི་ཧེ་ཙི་བྷོ་ལའི་ཏང(真主党)གི་མགོ་ཁྲིད་ན་སི་ལུའུ་ལ་དབྱི་སི་རལ་དམག་དཔུང་གིས་འཇབ་རྒོལ་བྱས་ནས་རྐྱེན་ལམ་དུ་ཤོར་བ་གཏན་འཁེལ་བྱས།    

    སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན།    དེ་རིང་ནས་བཟུང་པེ་ཅིན་དང་། ཐེན་ཅིན། ཀྲེང་ཀྲོའུ། ཞི་ཨན་བཅས་ཀྱི་དྲོད་ཚད་མཐོ་ཤོས་དེ20℃མན་དུ་ཆག་རྒྱུ་དང་ཁྲེང་ཏུའུ་དང་ཁྲུང་ཆིང་གི་དྲོད་ཚད་མཐོ་ཤོས་ཀྱིས17℃ལས་ཟིན་གྱི་མེད།     

  •  འགྲིམ་འགྲུལ་སྐྱེལ་འདྲེན་པུས་སྔོན་དཔག་བྱས་པར་གཞིགས་ན། ད་ལོའི་རྒྱལ་སྟོན་གུང་གསེང་རིང་སྒེར་འཁོར་བཏང་ནས་གནས་སྐོར་དུ་སྐྱོད་མཁན་མི་ཐེངས་དུང་ཕྱུར15ཟིན་རྒྱུ་རེད།     

  • རྒྱལ་ཁབ་རིག་དངོས་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་དུ་ཆ་ཚང་བའི་ལྕགས་རི་རིང་པོའི་ཐོན་ཁུངས་ཆ་འཕྲིན་གྱི་གྲངས་གཞིའི་མཛོད་བསྐྲུན་ཡོད།    

  • ཀྲུང་གོ་མཉམ་འབྲེལ་དྲ་རྒྱའི་འཕྲིན་གཏོང་ཚོགས་པ་ཚད་ཡོད་སྤྱི་གཉེར་གྱི་ཏང་ཙུའི་ཁོངས་མིའམ་སྤྱི་ཁྱབ་ཅིང་ལི་གཞོན་པ་ཚའོ་ཞིང་ཞིན་ལ་སྒྲིག་འགལ་ཁྲིམས་འགལ་གྱི་དོགས་གཞི་ཚབས་ཆེན་ཡོད་པ་དང་། མིག་སྔར་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད།

2.jpg

  • ཚེས28ཉིན་འབྲི་ཆུ་འབབ་ཡུལ་གྱི་གནའ་བོའི་གྲུ་གཟིངས་ཨང་གཉིས་པར་གནའ་རྫས་དཔྱད་ཞིབ་དང་སྔོག་འདོན་ལས་དོན་དངོས་སུ་སྤེལ་མགོ་ཚུགས།     

  • འཛམ་གླིང་ཐོག་གི་མྱུར་བགྲོད་གཞུང་ལམ་གྱི་ཕུག་ལམ་རིང་ཤོས་ཏེ། སྤྱིའི་རིང་ཚད་ལ་སྤྱི་ལེ22.1ཡོད་པའི་ཞིན་ཅང་ཝུའུ་ཝུའེ་མྱུར་བགྲོད་གཞུང་ལམ་གྱི་ཐན་ཧྲན་རྒྱལ་ཁའི་ཕུག་ལམ་སྔོན་དཔག་བྱས་ན་ལོ་མཇུག་ཏུ་ཤར་གཏོང་ཐུབ་རྒྱུ་རེད།   

3.jpg

  • ཚེས28ཉིན། 2024ལོའི་ཀྲུང་གོའི་ཝང་ཆིའུ་སྤོ་ལོའི་ཡོངས་བསྒྲགས་འགྲན་བསྡུར་གྱི་བུད་མེད་རྐྱང་པའི་རེས་སྐོར་གཉིས་པའི་འགྲན་བསྡུར་ནང་ཀྲུང་གོའི་སྤོ་ལོ་རྒྱག་མཁན་ཀྲེན་ཆིན་ཝུན་གྱིས་ཨུ་རུ་སུའི་སྤོ་ལོ་རྒྱག་མཁན་ལ་ཞིས་མོ་ཝ་ལས་རྣམ་པར་རྒྱལ་ནས་འགྲན་སྡུར་མགོ་བརྩམས་མ་ཐག་གྲུབ་འབྲས་བཟང་བོ་ཐོབ།

  • རང་རྒྱལ་གྱི་ཚན་ཞིབ་མི་སྣས་ཉི་ནུས“ཚྭ་མཚེའུ་ནས་ལིས་འདོན་པའི”ལག་རྩལ་གསར་པ་ཞིག་གསར་སྤེལ་བྱས་པ་དང་། ཚེས27ཉིན་འབྲེལ་ཡོད་དཔྱད་འབྲས་རྒྱལ་སྤྱིའི་རིག་གཞུང་དུས་དེབ《ཚན་རིག》ཅེས་པའི་ཐོག་བཀོད་ཡོད།     

  • ཚེས28ཉིན་མཚོ་སྔོན་ན་གོར་མོས་ས་གནས་དེ་གར་གནོད་ལྡན་རླངས་གཟུགས་ཀྱི་དུག་ཕོག་པའི་དོན་རྐྱེན་ཞིག་ཐོན་ནས་མི6རྐྱེན་ལམ་དུ་ཤོར་བའི་བརྡ་ཁྱབ་བཏང་།   

4.jpg

  • ཧྲང་ཧའེ་ཅ་ཏིང་གི་རྒད་པོ་ཞིག་གིས་ཉ་འཛིན་སྐབས་མགོ་ཡོམ་འཁོར་ནས་འགྱེལ་ཏེ་གཟབ་གཟབ་མ་བྱས་པས་ཆུ་ནང་ལྷུངས་པ་ན། ཉེ་འགྲམ་གྱི་རླངས་འཁོར་ཞིག་གསོ་ཁང་གི་སྦྱིན་བདག་ཝང་ཧའོ་ཡིས་དཔའ་ངར་ཆེན་པོས་ཆུ་ནང་དུ་ལྡིང་ནས་རྒད་པོ་དེ་བསྐྱབས།  མིག་སྔར་རྒད་པོ་དེར་སྐྱོན་ཆེན་པོ་མེད།    

    སྲིད་ཇུས།

  •  ཀྲེ་ཅང་གིས་ཆ་རྐྱེན་འཛོམས་པའི་འོས་འགན་སློབ་གསོའི་དུས་མཚམས་ཀྱི་མཉམ་ཁྲིད་བུ་ཕྲུག(随迁子女)གིས་ཐག་ཉེ་སའི་གཞུང་བཙུགས་སློབ་གྲྭ་འགྲིམ་ཆོག་པའམ་ཡང་ན་སྲིད་གཞུང་གིས་སློབ་གནས(ཞབས་ཞུ)ཉོ་བའི་ཞབས་ཞུ་ལོངས་སུ་སྤྱད་ཆོག་ཅེས་ཁ་གསལ་བཏོན།     

  • ཁྲུང་ཆིང་གིས་སྲོལ་ཡིག་ལ་གྲོས་འཆམ་བྱུང་བ་སྟེ། 2025ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་སྤྱི་ཚོགས་འགན་སྲུང་གི་གཅིག་འཐུས་གཱ་ཁྱབ་གདལ་བཏང་ནས་སྤྱི་སྤྱོད་རླངས་འཁོར་གཱ་དང་དཔེ་དེབ་གཡར་ཀློག་གཱ་སོགས་གཱ་དང་། ལག་ཁྱེར། རྩ་གཉིས་ཨང་རྟགས་བཅས་ཀྱི་ནུས་པ་མང་པོ་མཉམ་འདྲེས་བྱ་རྒྱུ་རེད།     

  • ལེའོ་ཉིང་གིས་ཁེ་ལས་དང་འབྲེལ་བ་ཡོད་པའི་གྲོན་བསྡུའི་དོན་ཚན་གྱི་རྩིས་ཐོ་ཡོངས་བསྒྲགས་བྱས་པ་སྟེ། རྩིས་ཐོའི་ནང་མ་ཚུད་པའི་སྲིད་གཞུང་གིས་རིན་གོང་གཏན་འཁེལ་བྱས་པའི་ཁེ་ལས་དང་འབྲེལ་བ་ཡོད་པའི་གཉེར་སྐྱོང་ཞབས་ཞུའི་རང་བཞིན་གྱི་གྲོན་བསྡུ་དང་སྲིད་འཛིན་བྱ་གཞག་རང་བཞིན་གྱི་གྲོན་བསྡུ་སོགས་ཚང་མ་ལག་བསྟར་བྱེད་མི་ཆོག་པ་དང་ཁེ་ལས་ལ་དེ་དག་མི་འཇལ་བའི་དབང་ཆ་ཡོད་པ་ཁ་གསལ་བཟོས།     

    དེ་རིང་གི་གནམ་གཤིས།     

5.jpg

  • ནང་སོག་གི་བྱང་རྒྱུད་དང་། ཀན་སུའུ་ཡི་དབུས་ལྷོ་རྒྱུད། ཉིང་ཞའི་ལྷོ་རྒྱུད།    ཧྲའན་ཞིའི་ས་ཁུལ་ཕལ་ཆེ་བ། ཧྲན་ཏུང་གི་བྱང་རྒྱུད་དང་ནུབ་རྒྱུད། ཧོ་པེའི་ནུབ་བྱང་རྒྱུད།    པེ་ཅིང་གི་ནུབ་རྒྱུད། ཧེ་ལུང་ཅང་གི་ནུབ་བྱང་རྒྱུད། སི་ཁྲོན་གྱི་ཤར་རྒྱུད། ཁྲུང་ཆིང་གི་ནུབ་རྒྱུད། ཀུའེ་ཀྲོའུ་ཡི་ལྷོ་རྒྱུད། ཀོང་ཞིའི་ནུབ་བྱང་རྒྱུད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་ལ་ཆར་བ་འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ་རེད།


མཉམ་སྤྱོད།