དེ་རིང་ནི2024ལོའི་ཟླ12པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-09-27 07:50:08   |   602

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།  བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན། 

ཟླ9ཚེས26ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཚོགས་འདུ་འཚོགས་ནས་མིག་སྔའི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་གནང་བ་དང་། གོམ་སྟབས་རྗེས་མའི་དཔལ་འབྱོར་ལས་དོན་བཀོད་སྒྲིག་གནང་ཞིང་།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུར་གཙོ་སྐྱོང་གནང་།  

ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་གོ་སྨྱན་སྦྱོར་སློབ་ཆེན་གྱི་དགེ་སློབ་ཡོངས་ལ་འཕྲིན་ལན་སྤྲིངས་ནས། ཀྲུང་གོ་སྨྱན་སྦྱོར་སློབ་ཆེན་བཙུགས་ནས་ལོ70འཁོར་བའི་སྐབས་སུ་སློབ་གྲྭ་ཡོངས་ཀྱི་དགེ་སློབ་དང་ལས་བཟོ་པ། རྒྱ་ཆེའི་སློབ་གྲོགས་བཅས་ལ་བཀྲ་ཤིས་བདེ་ལེགས་དང་འཚམས་འདྲི་ཞུས།  

ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་དམངས་དོན་ཁྲིམས་གཞུང་གི་དབང་གནོད་འགན་འཁྲིའི་སྒྲིག་ཁོངས་ཀྱི་ཁྲིམས་འཛིན་གསལ་འགྲེལ་ཡོངས་བསྒྲགས་བྱས་ནས། དམངས་དོན་ཁྲིམས་གཞུང་ལག་བསྟར་བྱས་ཚུན་འདྲི་གཅོད་བྱེད་རིང་འཕྲད་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པར་དམིགས་ཏེ་བཅའ་ཁྲིམས་སྤྱད་འཐུས་ཀྱི་ཚད་གཞི་ཁ་གསལ་དང་གཅིག་གྱུར་ཡོང་བ་བྱས་ཡོད།  

ཀྲུང་དབྱང་དངུལ་རྩ་གཞུང་ལས་ཁང་དང་ཀྲུང་གོ་འཛིན་ལོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་མཉམ་འབྲེལ་ཐོག་བསམ་འཆར་དཔར་འགྲེམ་བྱས་ཏེ། དུས་ཡུན་རིང་འབྲིང་གི་མ་དངུལ་ཁྲོམ་རར་ཞུགས་རྒྱུར་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་གུན་སྐྱོབ་དང་། གུན་སྐྱོབ། ནོར་དོན་དོ་དམ་སོགས་ཀྱི་མ་དངུལ་ཁྲོམ་རར་ཞུགས་པའི་ལམ་འགག་བསལ་ནས་མ་རྩའི་ཁྲོམ་ར་ཧུར་ཐག་བཏོད་ཡོད།  

རྒྱལ་ཁབ་གསར་འགྱུར་གཞུང་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ལོ12རིང་རང་རྒྱལ་གྱི་དངོས་གཞིའི་ཚན་ཁག་ཏུ་ཆེད་ལས་བཀོད་སྒྲིག་བྱ་ཡུལ་ཁྲི2.1མང་དུ་ཕྱིན་ཡོད་པ་རེད།  

ཟླ8པར། རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན23210ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི33696ལ་སྐྱོན་བརྗོད་སློབ་གསོ་དང་ཐག་གཅོད་བྱས།  

གྲངས་གཞི་ལས་མངོན་པར། ཟླ8པའི་ཟླ་མཇུག་བར། རང་རྒྱལ་གྱི་ནུས་རྒྱུ་གསར་པའི་གློག་གཏོང་འཕྲུལ་འཁོར་གྱི་གཞི་ཁྱོན་སྟོང་ཝ་དུང་ཕྱུར12.7ཡིན་པ་དེས་གློག་གཏོང་འཕྲུལ་འཁོར་གྱི་སྤྱིའི་བསྡུར་གྲངས་ལས་ཟིན་ཚད40%ལས་བརྒལ་ཡོད།  

གྲངས་གཞི་ལས་མངོན་པར། ཟླ་དང་པོ་ནས་བདུན་པའི་བར། རང་རྒྱལ་གྱི་ཞབས་ཞུའི་ཕྱིར་གཏོང་ནང་འདྲེན་གྱི་དངུལ་འབོར་སྒོར་དུང་ཕྱུར42301.8ཡིན་པ་དེ་དུས་མཚུངས་ལས14.7%འཕར་ཡོད།  

ཀྲུང་དབྱང་གིས་ཤང་ཀང་དུ་ཐེངས་གསུམ་པར་སྤྲད་པའི་དོམ་ཁྲ“ཨན་ཨན”དང“ཁེ་ཁོ”གཉིས་ཚེས26ཉིན་ཤང་ཀང་དུ་འབྱོར་བ་དང་། དེ་རྗེས་ཤང་ཀང་གི་རྒྱ་མཚོའི་སྤྱི་གླིང་དུ་གཞིས་ཆགས་པར་བསྐྱོད་པ་རེད།  

ཚོང་དོན་པུས་ཚེས26ཉིན་ནས་བཟུང་ཁ་ན་ཏའི་འབྲེལ་ཡོད་བརྟག་དཔྱད་བྱེད་ཐབས་ལ་མཐོང་ཆུང་ལ་ངོ་རྒོལ་བྱེད་པའི་བརྟག་དཔྱད་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།  

སྤྱི་ཚོགས།

གྲང་རླུང་གི་ཤུགས་རྐྱེན་ཕོག་པའི་དབང་གིས་སང་ཉིན་ནས་བཟུང་རང་རྒྱལ་གྱི་དབུས་ཤར་རྒྱུད་དུ་དྲོད་ཚད་ཆག་རྒྱུ་དང་ཁྱབ་ཆེ་བའི་ཁངས་མ་ཆར་གྱི་གནམ་གཤིས་ཡོད་པ་དང་། བྱང་ཕྱོགས་ཀྱི་ས་ཁུལ་མང་ཆེ་བར་དྲོད་ཚད་གཅོག་ཚད10℃ལས་བརྒལ་རྒྱུ་ཡིན་པ་རེད།  

རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུ་སོགས་སྡེ་ཚན་ལྔས་མཉམ་འབྲེལ་ཐོག་ཡིག་ཆ་བཀྲམ་ནས། 2025ལོར་སླེབས་སྐབས། 80%ཡན་གྱི་རྫོང་རིམ་པའི་ཀྲུང་ལུགས་གསོ་རིག་སྨན་ཁང་རིམ་པ་གཉིས་པའི་ཀ་པ་ཡན་གྱི་ཀྲུང་ལུགས་གསོ་རིག་སྨན་ཁང་གི་ཆུ་ཚད་དུ་སླེབས་པར་བརྩོན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད། 

01.jpg

ཀྲུང་གོ་ཞིང་ཝང(星网)དྲ་བའི་ཞུང་ཨན་སྤྱི་ཁྱབ་པུའི་རྣམ་གྲངས་མཇུག་སྒྲིལ་ནས་མཉམ་འབྲེལ་ཞིབ་བཤེར་རྩིས་ལེན་དང་ལག་ཁྱེར་སྤྲོད་པའི་མཛད་སྒོ་དེ་ཚེས26ཉིན་འཚོགས་ལ། དེས་པེ་ཅིང་གི་རྒྱལ་སའི་ནུས་པ་མི་ལྡན་པའི་ཀྲུང་དབྱང་ཁེ་ལས་སྤྱི་ཁྱབ་པུ་ཁག་དང་པོ་དེ་དངོས་སུ་ལས་མཇུག་སྒྲིལ་ནས་རྩིས་སྤྲད་དེ་ཞུང་ཨན་དུ་བཅའ་སྡོད་བྱས་པ་མཚོན་ཡོད།  

ཉིན་ཤས་གོང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ལྐོག་རྔན་བླངས་པའི་ཉེས་གསོག་དང་ལྐོག་ཟའི་ཉེས་གསོག་གི་དོགས་གཞི་ཡོད་པའི་ཐོག་ནས་ཧེ་ལུང་ཅང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཏང་ཙུའུ་ཁོངས་མི་དང་ཀྲུའུ་རེན་གཞོན་པ་ལི་ཞན་ཀང་ཁྲིམས་ལྟར་འཛིན་བཟུང་བྱ་རྒྱུའི་གཏན་འབེབས་བྱས།  

df9c81dd63212074eec37248dbff355.jpg

ཉེ་ཆར། རང་རྒྱལ་གྱི་ཆུ་ཟབ་མཐོ་གནོན་རླངས་ཞིང་གསར་སྤེལ་རྣམ་གྲངས་དང་པོ“མཚོ་གཏིང་དང་པོའི(深海一号)”དུས་ཐེངས་གཉིས་པའི་ལས་གྲྭར་འཕྲུལ་ཆས་མཇུག་ལས་མཇུག་སྒྲིལ་ནས་ཞིབ་བཤེར་རྩིས་ལེན་བྱུང་བ་དང་། མི་རིང་བར་ཐོན་སྐྱེད་བྱེད་མགོ་རྩོམ་རྒྱུ་རེད།  

ཚེས26ཉིན། མཚོ་ལེ6500ལྷག་ཙམ་བསྐྱོད་པ་བརྒྱུད་ཚན་རིག་རྟོག་ཞིབ་ཀྱི་ལས་འགན་ཚང་མ་བདེ་བླག་ངང་ལེགས་གྲུབ་བྱུང་བའི2024ནུབ་ཞི་བདེ་རྒྱ་མཚོ་ཆེན་མོའི་རྒྱལ་སྤྱིའི་ཚན་རིག་རྟོག་ཞིབ་རུ་ཁག་ཧྲེན་ཀྲེན་དུ་ཕྱིར་ལོག་པ་རེད།  

རང་རྒྱལ་གྱི་ཚན་རིག་མཁས་ཅན་གྱིས་ནུས་པ་མང་བའི་ཕྲ་ཕུང་ཨ་མར་སྨན་བཅོས་བྱེད་པའི་ཞིབ་འཇུག་ཁྲོད་ཐོལ་བརྒལ་བྱུང་ནས། ཕྲ་ཕུང་ཨ་མར་བསྐྱར་སྐྱེས་སྨན་བཅོས་བྱེད་པའི་ནུས་པའི་རང་བཞིན་སྤྱད་དེ་གཅིན་པ་མངར་འགྱུར་ནད་རིགས་གཅིག་ཐོག་མར་སྨན་བཅོས་བྱས་པ་རེད།  

ཧོ་ཧྥེས“ལུག་གསུམ”གྱི་ཐད་ཀར་ཟོག་འཁྱེར་བརྟག་དཔྱད་གནས་ཚུལ་བརྡ་ཁྱབ་བཏང་སྟེ། ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་བ་དང་དངུལ་ཆད་ཁྱོན་སྒོར་ཁྲི6894.91གཅོད་རྒྱུའི་གཏན་འབེབས་བྱེད་རྩིས་ཡོད་པ་དང་། གནས་སྐབས་གཉེར་སྐྱོང་མཚམས་འཇོག་བྱས་ནས་དུས་བཀག་ནང་བཅོས་སྒྲིག་བྱེད་དགོས་པའི་བཀའ་བཏང་བ་རེད།  

ཧྲང་ཧའེ་ཉེན་རྟོག་ཕྱོགས་ཀྱིས་རྒྱལ་ཡོངས་ཀྱི་རྒྱལ་སྤྱིའི་ཀུན་སྤྱོད་ལག་རྟགས་བྱང་བུ་དེ་མི་དམངས་ཤོག་སྒོར་དང་ཕྱི་རྒྱལ་གྱི་དངུལ་ལོར་བརྗེ་འགྲུལ་གྱི་མཚམས་སྦྱོར་དུ་བྱས་པ་དང་ཁྲིམས་འགལ་ངང་མ་དངུལ་བརྗེ་འགྲུལ་བྱེད་པའི་གྱོད་གཞི་ཐོག་མ་དེ་རྩད་ཆོད་པར་གྱོད་འབྲེལ་དངུལ་འབོར་སྒོར་དུང་ཕྱུར20ལྷག་ཙམ་ཡིན་པ་རེད།  

3a0e3f9beecc94e6419e01f28c7e5e7.jpg

ཉེ་ཆར་ཆུར་ལྷུངས་བའི་མང་ཚོགས་གསུམ་སྐྱོབ་ཆེད་སྐུ་གཤེགས་པའི་མངག་གཏོང་ཁང་གི་ལས་རོགས་ཉེན་རྟོག་པ་ཨ་ལི་མུའུ•རེ་ཧོ་མན་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུས་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་ཡིན་པའི་ངོས་འཛིན་བྱས་པ་རེད།  

སྲིད་ཇུས། 

པེ་ཅིང་གིས་ཡིག་ཆ་བཀྲམ་ནས་མཐོང་དཀོན་པའི་ནད་ལ་ཁྱབ་པའི་ནད་ཐོག་སྨན་བཅོས་ཀྱི་དགོས་མཁོ་ཆེ་བའི་སྨན་རྫས་གནས་སྐབས་ནང་འདྲེན་དང་འཁོར་རྒྱུག སྔོན་ལ་བེད་སྤྱོད་བཅས་ཀྱི་འགན་ལེན་ཁུལ་བསྐྲུན་ནས་ནད་པའི་སྨན་སྤྱོད་སྒུག་པའི་དུས་ཚོད་ཐུང་དུ་འགྲོ་རེ་ཡོད་པ་རེད།  

ཧྲན་ཏུང་གིས་འགྲུལ་སྐྱེལ་རླངས་འཁོར་རྙིང་པ་སྤྱོད་མཁན་མི་སྒེར་གྱི་འཛད་སྤྱོད་པས་གལ་སྲིད་འབར་སྣུམ་རླངས་འཁོར་ཉོས་ཚེ་རླངས་འཁོར་རེར་སྒོར3000ནས12000བར་གྱི་ཁ་གསབ་ལོངས་སྤྱོད་བྱེད་ཆོག་པ་དང་།  གལ་སྲིད་ནུས་རྒྱུ་གསར་པའི་རླངས་འཁོར་ཉོས་ཚེ། རླངས་འཁོར་རེར་སྒོར4000ནས་སྒོར15000བར་གྱི་ཁ་གསབ་ལོངས་སུ་སྤྱོད་ཆོག་པ་ཁ་གསལ་བྱས།  

ཀུའེ་ཀྲོའུ་ཡིས་ཞིང་ཆེན་ནང་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་དུ་ཉིན་རེར་སློབ་ཚན་ཆེན་མོའི་ལུས་རྩལ་བྱེད་སྒོ་སྐར་མ30ཅན་ཐེངས་གཉིས་སྤེལ་དགོས་པ་ཁ་གསལ་བྱས།  

དེ་རིང་གི་གནམ་གཤིས།  

da0945a29e574b382e3b46f54614d61.jpg

ཞིན་ཅང་དབྱི་ལི་ཧོ་རོང་དང་ཀྲེ་ཅང་གི་དབུས་ལྷོ་རྒྱུད་སོགས་ཀྱི་ས་ཁུལ་ཁག་གཅིག་ཏུ་ཆར་པ་འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ་དང་། དེའི་ནང་ཀྲེ་ཅང་ལྷོ་རྒྱུད་ཀྱི་ས་ཆ་ཁག་གཅིག་ཏུ་དྲག་ཆར་འབབ་རྒྱུ་ཡིན་ལ།  བོད་ལྗོངས་ཀྱི་ལྷོ་ནུབ་རྒྱུད་དུ་ཁངས་འབྲིང་ནས་ཁངས་ཆེན་དང་། ས་ཆ་ཁ་ཤས་སུ་ཁངས་ཆེན་ནམ་ཁངས་ཤིན་ཏུ་ཆེན་པོ་འབབ་རྒྱུ་རེད།  


མཉམ་སྤྱོད།