དེ་རིང་ནི2025ལོའི་ཟླ06པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-10-21 07:19:37   |   731

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།  བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཞི་ཅིན་ཕིང་གིས་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་ནས་ནན་གྱིས་བསྟན་དོན། གསར་གཏོད་ཀྱི་གསོན་ཤུགས་དང་ནང་གནས་ཀྱི་སྒུལ་ཤུགས་རྒྱུན་མི་ཆད་པར་འཕེལ་བར་བྱས་ཏེ་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་བརྟེན་ནས་སྒྱུར་བཅོས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

  • ཟླ10ཚེས20ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕུའུ་ལ་པོ་ཨོ·སུའུ་པི་ཡན་ཏུའོ་ལ་གློག་འཕྲིན་བཏང་ནས་ཁོང་གིས་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་གི་འགན་བཞེས་པར་རྟེན་འབྲེལ་ཞུས་པ་རེད།

  • ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས《འབུམ་རམས་པའི་ཞིབ་འཇུག་སློབ་མའི་སློབ་གསོའི་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས།

  • རྒྱལ་ཁབ་ལྕགས་ལམ་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན། དུས་ཚིགས་གསུམ་པའི་ནང་རྒྱལ་ཁབ་ལྕགས་ལམ་གྱིས་རིམ་རྩིས་བྱས་ན་དངོས་ཟོག་ཏུན་དུང་ཕྱུར10.04སྐྱེལ་འདྲེན་བྱས་པ་དང་། དུས་མཚུངས་ལས3.8%འཕར་ནས་དུས་ཚིགས་རྐྱང་བའི་དངོས་ཟོག་སྐྱེལ་ཚད་ཀྱི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད།

01.JPG.jpg

  • ཟླ9པར། རང་རྒྱལ་གྱི་དམངས་སྤྱོད་མཁའ་འགྲུལ་ལས་རིགས་ཡོངས་ཀྱིས་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི80ཟིན་པ་དང་། དུས་མཚུངས་ལས13.9%འཕར་ནས་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཟླ་འཁོར་གྱི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བསྟུད་མར་བཏོད་ཡོད་པ་རེད།

  • རྒྱལ་ཁབ་སྡོམ་རྩིས་ཅུས་ཀྱི་གྲངས་གཞི་ལས་མངོན་པར་གཞིགས་ན། ཟླ9པར། ཁྱིམ་སྤྱོད་གློག་ཆས་དང་སྒྲ་བརྙན་ཡོ་བྱད་རིགས་ཀྱི་ཚོང་ཟོག་ད་ལོ20%ཡན་ཆེས་ཆེར་འཕར་བ་ཐོག་མར་མངོན་འགྱུར་བྱུང་བ་དང་། སིལ་ཚོང་དངུལ་འབོར་དུས་མཚུངས་ལས20.5%འཕར་ཡོད་པ་རེད།

  • རིག་གནས་གནས་སྐོར་པུས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔར་གྲོང་གསེབ་གནས་སྐོར་གྱི་གཙོ་གནད་གྲོང་ཚོ་དང་གྲོང་རྡལ9500ལྷག་ཙམ་ཡོད་པའི་ནང་རྒྱལ་ཁབ་ཀྱི་གྲོང་གསེབ་གནས་སྐོར་གྱི་གཙོ་གནད་གྲོང་ཚོ་དང་གྲོང་རྡལ1597ཡོད་པ་རེད།

  • ད་ལོའི་སྔོན་གྱི་ཟླ8པོར། རང་རྒྱལ་གྱི་ཚན་རྩལ་འགན་བཅོལ་གྱི་འགན་བཅོལ་གྲོན་དངུལ་གྱིས་ཚན་རྩལ་ཞིབ་སྤེལ་དང་། གྲུབ་འབྲས་གཞན་སྒྱུར། ཁྱབ་གདལ་བེད་སྤྱོད་སོགས་ཀྱི་ཚན་རྩལ་བྱེད་སྒོར་ཉེན་ཁ་འགན་ལེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི7ལྷག་ཙམ་ཟིན་ཡོད་པ་རེད།

  • ཀྲུང་གོ་རྡོ་སོལ་བཟོ་ལས་མཐུན་ཚོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། སྔོན་གྱི་དུས་ཚིགས་གསུམ་པོར། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་མ་བཅོས་རྡོ་སོལ་ཐོན་ཚད་ཏུན་དུང་ཕྱུར34.8ཟིན་པ་དང་། དུས་མཚུངས་ལས0.6%འཕར་ཡོད་པ་རེད།

སྤྱི་ཚོགས།

  • ཚེས21ནས་ཚེས22ཉིན་བར། གྲང་རླུང་གསར་པ་མུ་མཐུད་དུ་ལྡང་ནས་ས་གནས་ཁག་གི་གནམ་གཤིས་མུ་མཐུད་དུ་སྟོན་ཚུགས་པ་ནས་བཟུང་གི་དམའ་ཤོས་སུ་ཐོན་རྒྱུ་རེད།

  • མིག་སྔའི་བར་དུ། རང་རྒྱལ་གྱིས་རིམ་རྩིས་བྱས་ན་རྒྱལ་ཁབ་ཀྱི་གཅོང་ནད་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་དཔེ་སྟོན་ཁུལ488བསྐྲུན་ནས་རྒྱལ་ཡོངས་ཀྱི་རྫོང(གྲོང་ཁྱེར་དང་ཆུས)17.1%ལ་ཁྱབ་ཡོད་པ་རེད།

  • ཚེས19ཉིན་བར། ངོགས་གཉིས་ཀྱི“ཤར་གཏོང་ཆུང་གྲས་གསུམ”གྱི་འགྲུལ་སྐྱེལ་མཁའ་ལམ་ཐོག་ད་ལོ་འགྲུལ་པ་མི་ཐེངས་ཁྲི100ལྷག་ཙམ་ཟིན་པ་དང་དུས་མཚུངས་ལས87.6%འཕར་བ་རེད།

  • ཚེས20ཉིན། 2024ཆུ་རྐྱལ་འཛམ་གླིང་བུམ་པའི་ཧྲང་ཧའེ་ས་ཚིགས་ཀྱི་བུད་མེད་ཀྱི་སྨི800ཡི་རང་མོས་ཆུ་རྐྱལ་འགྲན་བསྡུར་ཁྲོད་ཀྲུང་གོའི་འགྲན་ཞུགས་པས་སྔོན་གྱི་ཨང་གསུམ་པོ་བླངས་པ་དང་ཐང་མུའུ་ཧན་དང་། ཀའོ་ཝུའེ་ཀྲུང་། ཁུང་ཡ་ཆི་བཅས་སོ་སོར་གསེར་དངུལ་ཟངས་བཅས་ཀྱི་རྟགས་མ་ཐོབ་པ་རེད།

  • ཚེས20ཉིན། 2024ཆུ་རྐྱལ་འཛམ་གླིང་བུམ་པའི་ཧྲང་ཧའེ་ས་ཚིགས་ཀྱི་བུད་མེད་ཀྱི་སྨི50ཡི་སྦལ་རྐྱལ་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ནང་ཀྲུང་གོའི་འགྲན་ཞུགས་པ་ཐང་ཆན་ཐིང་གིས་སྐར་ཆ28དང76གི་གྲུབ་འབྲས་ཐོག་ནས་རང་ཉིད་ཀྱིས་རྒྱུན་འཁྱོངས་བྱས་པའི་ཨེ་ཤེ་ཡའི་ཟིན་ཐོ་ལས་བརྒལ་ནས་ཨང་དང་པོ་བླངས་པ་རེད།

  • ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཧྲེང་ལི་ཅིས་དབྱང་རྡོ་གཡམ་སྣུམ་(胜利济阳页岩油)གྱི་རྒྱལ་ཁབ་རིམ་པའི་དཔེ་སྟོན་ཁུལ་གྱི་རྡོ་གཡམ་སྣུམ་གྱི་ཉིན་རེར་སྣུམ་ཐོན་ཚད་ཏུན262.8ཟིན་ནས་རྒྱལ་ནང་གི་རྡོ་གཡམ་སྣུམ་གྱི་རྡོ་གཡམ་སྣུམ་ཁྲོན་རྐྱང་པའི་ཉིན་རེར་ཐོན་ཚད་མཐོ་ཤོས་ཀྱི་ཟིན་ཐོ་བཏོད་ཡོད་པ་རེད།

02.JPG.jpg

  • ཀོང་ཏུང་གི་རྩྭ་འཕེལ་ཁོངས་ཀྱི་རྩི་ཤིང་གི་སྐྱེ་དངོས་རིགས་གསར་པ་ཀོང་ཀྲོའུ་ཡི་འཕེལ་རྩྭ(广州沿阶草)ཤེས་རྟོགས་བྱུང་།

  • ལེའོ་ཉིང་མཚོ་དོན་ཅུས་མཚོ་སྐྱོད་ཉེན་བརྡ་བཏང་ནས། ཚེས20ཉིན་གྱི་ཆུ་ཚོད16ནས་ཚེས27ཉིན་གྱི་ཆུ་ཚོད16བར། པོ་ཧའེ་མཚོ་འགག་གི་རྒྱ་མཚོ་སེར་པོའི་བྱང་རྒྱུད་ཀྱི་མཚོ་ཁོངས་ཁག་གཅིག་ཏུ་དམག་དོན་ལས་འགན་ལག་བསྟར་བྱས་ནས་མཚོ་སྐྱོད་གཏན་འགོག་བྱས་པ་རེད།

  • ཧུའུ་ནན་གྱི་སྨན་གཡོག་ཡིའུ་ཤང་ཕིང་གློ་བུར་དུ་གཤེགས་པ་དང་། མོའི་ནང་མིས་དབང་པོ་ཞལ་འདེབས་འབུལ་རྒྱུའི་ཐག་བཅད་དེ་ནད་གཞི་ཚབས་ཆེན་ཕོག་པའི་ནད་པ3ལ་སླར་ཡང་ཚེ་སྲོག་གསར་པ་ཐོབ་པ་རེད།

སྲིད་ཇུས།

  • པེ་ཅིང་གིས་དངུལ་རྩའི་ཚན་རྩལ་ཆེད་ལས་ཤེས་ལྡན་མི་སྣ་གོ་མིང་ཞིབ་དཔྱད་ནང་བཅུག་ནས། དམའ་རིམ་དང་འབྲིང་རིམ། མཐོ་རིམ་གཞོན་པ། མཐོ་རིམ་དངོས་བཅས་རིམ་པ་བཞི་བཀོད་སྒྲིག་བྱས་ཡོད་པ་རེད།

  • ཧུའུ་ནན་གྱིས་ཡིག་ཆ་བཀྲམས་ནས་སློབ་གྲྭ་ཆུང་འབྲིང་ལ་ལུས་རྩལ་བྱེད་སྒོ་དོན་འཁྱོལ་ནན་མོ་བྱེད་དགོས་པ་སྟེ། སློབ་ཆུང་ལོ་རིམ་དང་པོ་ནས་གཉིས་པའི་བར་གྱི་གཟའ་འཁོར་རེའི་སློབ་ཚན་བཞི་ཡི་ལུས་རྩལ་དང་བདེ་ཐང་སློབ་ཚན་དང་། ལོ་རིམ་གསུམ་པ་ནས་དྲུག་པ་བར་དང་དམའ་རིམ་སློབ་འབྲིང་གི་གཟའ་འཁོར་རེའི་སློབ་ཚན་གསུམ་གྱི་ལུས་རྩལ་དང་བདེ་ཐང་སློབ་ཚན་བཀོད་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

  • སི་ཁྲོན་ཁྲེང་ཏུའུ་ཡིས་གྲོང་ཁྱེར་དེ་གའི་སྲིད་འཛིན་ས་ཁོངས་ནང་ཚོང་ཟོག་སྡོད་ཁང་ཉོ་བའམ(བེད་སྤྱོད་བྱ་རྒྱུར་རྩིས་སྤྲད་ཟིན་པ)ཡང་ན་ལག་བརྒྱུད་སྡོད་ཁང་ཉོ་མཁན་གྱིས་སྡོད་ཁང་གནས་ཡུལ་དུ་ཐེམ་ཐོ་བཟོ་རྒྱུ་རེ་ཞུ་བྱེད་ཆོག་པ་དང་། དེའི་བཟའ་ཟླ་དང་ན་སོ་དར་ལ་མ་བབས་པའི་བུ་ཕྲུག  ཕ་མ་རྒན་རྒོན་བཅས་ཀྱིས་དངུལ་བཅོལ་ཆོག་པའི་ཆ་རྐྱེན་འཛོམས་རིགས་ཀྱིས་ཐེམ་ཐོ་དང་མཉམ་དུ་སྤོ་རྒྱུའི་རེ་ཞུ་བྱེད་ཆོག་ཅེས་ཁ་གསལ་བཏོན་ཡོད་པ་རེད།

དེ་རིང་གི་གནམ་གཤིས།

03.JPG.jpg

  • ནང་སོག་གི་དབུས་ཤར་རྒྱུད་དང་། ཧེ་ལུང་ཅང་གི་ནུབ་བྱང་རྒྱུད། བོད་ལྗོངས་ཀྱི་བྱང་ཤར་རྒྱུད་དང་ལྷོ་རྒྱུད། ཀན་སུའུ་ཡི་རྨ་ནུབ་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ཆུང་དང་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་དང་།  དེའི་ནང་། ནང་སོག་གི་བྱང་ཤར་རྒྱུད་དང་ཧེ་ལུང་ཅང་གི་ནུབ་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་འབྲིང་ཙམ་ནས་ཁངས་ཆེན་འབབ་རྒྱུ་རེད། ནང་སོག་གི་ཤར་ལྷོའི་རྒྱུད་དང་། བྱང་ཤར་གྱི་ས་ཁུལ་མང་ཆེ་བ། ནུབ་བྱང་ས་ཁུལ་གྱི་ཤར་རྒྱུད། ཧྭ་པེའི་དབུས་ནུབ་རྒྱུད། ཧོང་ཧའེ། ཅང་ཧའེ་ཡི་ས་ཁུལ་མང་ཆེ་བ། ལྷོ་ནུབ་ས་ཁུལ་གྱི་ས་ཆ་མང་ཆེ་བ། ཀོང་ཞིའི་ནུབ་བྱང་རྒྱུད། ཧའེ་ནན་གླིང་ཕྲན། ཐའེ་དབན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་ཆུང་ཆུང་ནས་འབྲིང་ཙམ་འབབ་རྒྱུ་དང་། དེའི་ནང་ཧྲན་ཏུང་ཕྱེད་གླིང་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆེན་འབབ་རྒྱུ་རེད།


མཉམ་སྤྱོད།