དེ་རིང་ནི2025ལོའི་ཟླ05པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-10-22 07:16:06   |   564

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།  བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉེ་ཆར《ཐོན་ལས་བཟོ་པའི་དཔུང་སྡེ་འཛུགས་སྐྱོང་དང་སྒྱུར་བཅོས་གཏིང་ཟབ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས།

  • རེས་སྐོར་གསུམ་པའི་ཁག་གསུམ་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚན་སྐོར8པོ་ཚང་མ་དངོས་སུ་བཅའ་སྡོད་བྱས་ཡོད།

  • ཉེ་ཆར་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་གཞུང་ལས་ཐིང་དང་། སྤྱི་བདེ་པུའི་གཞུང་ལས་ཐིང་། སྐྱེ་ཁམས་ཁོར་ཡུག་པུའི་གཞུང་ལས་ཐིང་བཅས་ཀྱིས་མཉམ་དུ་ཁོར་ཡུག་ལ་སྦགས་བཙོག་བཟོ་བའི་ཉེས་གསོག་གྱོད་གཞིའི་བདེན་དཔང་མཛུབ་སྟོན་པར་འགྲེམས་བྱས་པ་རེད།

  • ཚེས21ཉིན། དུས་ཐེངས་གསར་པའི་དངུལ་བུན་ཁྲོམ་རའི་རིན་གོང་ཁྱབ་བསྒྲགས་ཀྱི་སྐྱེད་ཚད(LPR)དངོས་སུ་བཏོན་པ་དང་། དུས་ཐེངས་ལོ1ཅན་དང་ལོ5ཡན་གྱིLPRཆ་གཉིས་པོ་རྟེན་གཞི25མར་ཆག་པ་དང་། དུས་ཐེངས་ལོ1གིLPR 3.1%མར་ཆག དུས་ཐེངས་ལོ5ཡན་གྱིLPR 3.6%མར་ཆག་པ་རེད།

  • ད་ལོའི་དུས་ཚིགས2པའི་དུས་མཇུག་བར། རྒྱལ་ཡོངས་ཀྱི་རྒན་གསོའི་ཞབས་ཞུའི་སྒྲིག་གཞི་དང་སྒྲིག་ཆས་སྣ་ཚོགས་ཁྲི41ཟིན་པ་དང་། 2019ལོ་དང་བསྡུར་ན་ལྡབ1འཕར་ཡོད་པ་རེད།

  • རྒྱལ་ཁབ་ནུས་རྒྱུ་ཅུའི་གྲངས་གཞི་ལས་མངོན་པར། ཟླ9པའི་ཟླ་མཇུག་བར། རྒྱལ་ཡོངས་སུ་རིམ་རྩིས་བྱས་ན་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་དུང་ཕྱུར31.6ཙམ་ཟིན་པ་དང་། དུས་མཚུངས་ལས14.1%འཕར་ཡོད་པ་རེད།

  • རྒྱལ་ཁབ་ལྕགས་ལམ་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ1པོ་ནས9པའི་བར། ཀྲུང་གོ་དང་ཡོ་རོབ་དབར་གྱི་དུས་གཏན་མེ་འཁོར་རིམ་རྩིས་བྱས་ན་ཐེངས14689བཏང་བ་དང་། དངོས་ཟོག་ཚད་ལྡན་སྒམ་ཁྲི157.1བསྐུར་བ་དང་། དུས་མཚུངས་ལས་སོ་སོར13%དང11%འཕར་ཡོད་པ་རེད།

  • ཤར་རྒྱུད་འཐབ་ཁུལ་གྱི་གསར་འགྱུར་མགྲིན་ཚབ་པས་ཨ་རི་དང་ཁ་ན་ཏ་ཡི་དམག་གྲུ་ཐའེ་དབན་མཚོ་འགག་ཏུ་མཚོ་འགྲུལ་བྱེད་མྱོང་བའི་སྐོར་ལ་གཏམ་བཤད་སྤེལ་ནས་འཐབ་ཁུལ་དཔུང་སྡེས་དུས་དང་རྣམ་པ་ཀུན་ཏུ་དོགས་ཟོན་ཆེན་པོ་བྱས་ནས་རྒྱལ་ཁབ་ཀྱི་བདག་དབང་བདེ་འཇགས་དང་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།

  • ས་གནས་དེ་གའི་དུས་ཚོད་ཟླ10ཚེས21ཉིན། ཀྲུང་གོས་རོགས་སྐྱོར་བྱས་པའི་མི་ཆོས་རིང་ལུགས་ཀྱི་སྨན་བཅོས་དངོས་ཟོག་སྒམ3601ལེ་པ་ནོན་པེ་རུ་ཐེ་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་བ་རེད།

སྤྱི་ཚོགས།

01.JPG.jpg

  • ཚེས21ཉིན། ཝུའེ་ཧྥང་ནས་ཡན་ཐའེ་བར་གྱི་མྱུར་བགྲོད་ལྕགས་ལམ་དངོས་སུ་ཤར་གཏོང་ཐུབ་པ་རེད།

  • མིག་སྔར། ཞིང་ཆེན་མང་པོ་ཞིག་གིས2025ལོའི་མཐོ་སློབ་དཀྱུས་མའི་སློབ་བསྡུའི་ཡིག་རྒྱུགས་ཀྱི་མིང་ཐོ་འགོད་པའི་བཀོད་སྒྲིག་ཁྱབ་བསྒྲགས་བྱས་ཡོད།

  • ཉེ་ཆར་རྒྱལ་ཁབ་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་གྱིས《ཚོ་ནད་སྨན་བཅོས་ཕྱོགས་སྟོན(2024ལོའི་པར་གཞི)》ཁྱབ་བསྒྲགས་བྱས་ནས་རང་རྒྱལ་གྱི་ཚོ་ནད་སྨན་བཅོས་ཚད་ལྡན་ཅན་གྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་རྒྱུར་མཛུབ་ཁྲིད་བྱས་པ་རེད།

  • ད་ལོ་ནི་ཀང་ཀྲུའུ་ཨའོ་ཟམ་ཆེན་ཤར་གཏོང་ཐུབ་ནས་ལོ6འཁོར་བའི་ལོ་ཞིག་ཡིན་ཞིང་། སྡོམ་རྩིས་བྱས་པར་གཞིགས་ན། ཟམ་ཆེན་ཤར་གཏོང་བྱས་པ་ནས་བཟུང་འགག་སྒོ་ལས་ཁུངས་ཀྱིས་རིམ་རྩིས་བྱས་ན་ས་མཚམས་ནས་ཕར་འགྲོ་ཚུར་འོང་བྱེད་མཁན་རླངས་འཁོར་ཐེངས་གྲངས་ཁྲི1270ལྷག་ཙམ་ཞིབ་བཤེར་བྱས་ནས་འགྲོ་སྐྱོད་བྱེད་དུ་བཅུག་ཡོད།

  • རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་དཔལ་འབྱོར་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ་ཀྲང་ཞའོ་ལན་ལ་སྒྲིག་འགལ་ཁྲིམས་འགལ་གྱི་དོགས་གཞི་ཚབས་ཆེན་ཡོད་པ་དང་། མིག་སྔར། ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད།

  • ཉིན་ཤས་གོང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ལྐོག་རྔན་བླངས་པའི་ཉེས་གསོག་དང་འགན་དབང་གང་བྱུང་དུ་སྤྱོད་པའི་ཉེས་གསོག་གི་དོགས་གཞི་ཡོད་པའི་ཐོག་ནས་ཀུའེ་ཀྲོའུ་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའི་ཁོངས་མིའམ་ཀྲུའུ་ཞི་གཞོན་པ་ཁྲེན་ཡན་འཛིན་བཟུང་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།

  • ཚེས21ཉིན། རྒྱལ་ཁབ་གསར་སྤེལ་དངུལ་ཁང་གི་དེ་སྔའི་ཏང་ཨུའི་ཨུ་ཡོན་ཧང་ཀྲང་གཞོན་པ་ཝང་ཡུང་ཧྲེང་གིས་ལྐོག་རྔན་བླངས་པའི་གྱོད་གཞིར་འདྲི་ཞིབ་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་དང་། ཝང་ཡུང་ཧྲེང་དུས་བཀག་བཙོན་འཇུག་ལོ་བཅུ་གཉིས་ཀྱི་ཁྲིམས་ཐག་བཅད་པ་རེད།

02.JPG.jpg

  • ཉེ་ཆར། རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པ་དང་། འཛམ་གླིང་ཐོག་ཁ་ཞེང་ཆེ་ཤོས་ཀྱི་མྱུར་བགྲོད་ལྕགས་ལམ་གྱི་ཕུབ་གཟུགས་སྦུག་འདུའི་འཕྲུལ་འཁོར་ཏེ། ཧྲང་ཧའེ་ནས་ནན་ཅིང་བར་དང་ཧོ་ཧྥེ་བར་གྱི་མྱུར་བགྲོད་ལྕགས་ལམ་ཚུང་ཐའེ་འབྲི་ཆུའི་ཕུག་ལམ་གྱི“སྣེ་ཁྲིད་རྟགས་ཅན”དེ་གདུབ1000བར་བདེ་བླག་ངང་སྔོག་འདོན་བྱས་པ་རེད།

  • ཡུས་ཧྭ་དབྱིན་གྱིས་བྱིས་པ་བསླུ་འཚོང་བྱས་པའི་གྱོད་གཞི་དེ་ཟླ10ཚེས25ཉིན་བསྐྱར་ཞིབ་འདྲི་གཅོད་ཐེངས་དང་པོ་བྱ་རྒྱུ་ཡིན་པ་རེད།

03.JPG.jpg

  • ཅང་སུའུ་སུའུ་ཀྲོའུ་ཡི་བུད་མེད་ཅིག་གཙང་པོའི་ནང་ལྷུང་བའི་སྐབས་སུ། ཉ་བ་དབྱང་ཀེན་ཧྲེང་གིས་མྱུར་དུ་གྲུ་བརྒྱབ་ནས་བུད་མེད་དེ་བསྐྱབས་རྗེས། ཉེ་འགྲམ་གྱི་གྲོང་མི་དང་མཉམ་དུ་བུད་མེད་དེ་མཚོ་འགྲམ་དུ་བསྐྱལ་བ་རེད།

སྲིད་ཇུས།

  • ཐེན་ཅིན་གྱིས་གཏན་འབེབས་ཁ་གསལ་བྱས་དོན། མཐོ་སློབ་དཀྱུས་མ་དང་འབྲིང་རིམ་ལས་རིགས་སློབ་གྲྭའི་འབྲེལ་ཡོད་ཆ་རྐྱེན་དང་མཐུན་པའི་སློབ་ཐོན་སློབ་ལོ་ཉིན་གང་ལམ་ལུགས་ཀྱི་མཐོ་སློབ་སློབ་ཐོན་སློབ་མས་མི་རེར་ཐེངས་གཅིག་ཅན་གྱི་ལས་འཚོལ་ཁ་གསབ་སྒོར3000རེ་ཞུ་བྱས་ཆོག

  • ཁྲུང་ཆིང་གིས་བརྡ་ཐོ་པར་འགྲེམས་བྱས་ཏེ“ཁེ་ལས་སུ་སྒྱུར་བའི”སྐྱེད་སྲིང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་མི་སྒེར་བཟོ་ཚོང་དུད་ཚང་གིས་ཐད་ཀར་ཐོ་འགོད་འགྱུར་ལྡོག་གཏོང་བའི་བྱེད་སྟངས་སྤྱད་དེ་ཁེ་ལས་སུ་སྒྱུར་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་རེད།

  • ཀྲེ་ཅང་གིས་ཡིག་ཆ་བཀྲམས་ནས《རྒན་པར་འཚམ་པའི་སྒྱུར་བཀོད་རྣམ་གྲངས་ཀྱི་ཁ་གསབ་ཁྱབ་ཁོངས་ཀྱི་དཀར་ཆག》ལེགས་སྒྲིག་བྱས་པ་དང་། མེ་ཐབ་ཀྱི་རང་འགུལ་མེ་གསོད་སྒྲིག་ཆས་དང་། སར་འགྱེལ་ལྟ་ཞིབ་ཚད་ལེན་གྱི་ལེ་ཏ་སོགས་རྣམ་གྲངས་ཁག8གསར་དུ་བསྣན་ཡོད་པ་རེད།

དེ་རིང་གི་གནམ་གཤིས།

04.JPG.jpg

  • ནང་སོག་གི་བྱང་ཤར་རྒྱུད་དང་། ཧེ་ལུང་ཅང་གི་ནུབ་བྱང་རྒྱུད། ཧྲན་ཏུང་གི་བྱང་རྒྱུད། ཧོ་པེ་ཡི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ཆུང་དང་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་དང་། བྱང་ཤར་ས་ཁུལ་གྱི་ཤར་རྒྱུད་དང་ལྷོ་རྒྱུད་དང་། ཧྭ་བྱང་གི་དབུས་བྱང་རྒྱུད། ཧོང་ཧོའེ་ཡི་ཤར་རྒྱུད། ཅང་ཧོའེ་ཡི་ཤར་རྒྱུད། ཅང་ཧན་གྱི་ཤར་རྒྱུད། ཅན་ནན་གྱི་ལྷོ་རྒྱུད་དང་ནུབ་རྒྱུད། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད་དང་ལྷོ་རྒྱུད། ཀོང་ཞིའི་ནུབ་རྒྱུད། ཧའེ་ནན་གླིང་ཕྲན་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་ཆུང་ཆུང་ནས་འབྲིང་ཙམ་འབབ་རྒྱུ། དེའི་ནང་། ལིའོ་ཉིང་གི་ལྷོ་རྒྱུད་དང་། ཧུའུ་ནན་གྱི་ནུབ་རྒྱུད། ཀུའེ་ཀྲོའུ་ཡི་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆེན་འབབ་རྒྱུ་རེད།


མཉམ་སྤྱོད།