དེ་རིང་ནི2025ལོའི་ཟླ05པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-10-24 07:11:34   |   600

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།  བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

01.JPG.jpg

  • ཞི་ཅིན་ཕིང་འབོ་གསེར་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་ཐུག་འཕྲད་ཐེངས་བཅུ་དྲུག་པར་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་གནང་།

02.JPG.jpg

  • ས་གནས་དེ་གའི་དུས་ཚོད་ཟླ10ཚེས23ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁ་ཧྲན་དུ་འབོ་གསེར་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་ཐུག་འཕྲད་ལ་ཞུགས་པའི་རིང་རྒྱ་གར་གྱི་ཙུང་ལི་མོ་ཏི་དང་མཇལ་འཛོམས་གནང་།

03.JPG.jpg

  • ས་གནས་དེ་གའི་དུས་ཚོད་ཟླ10ཚེས23ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁ་ཧྲན་དུ་འབོ་གསེར་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་ཐུག་འཕྲད་ལ་ཞུགས་པའི་རིང་དབྱི་རན་གྱི་ཙུང་ཐུང་ཕེ་ཙེ་ཤིས་ཆི་དབྱང་དང་མཇལ་འཛོམས་གནང་།

04.JPG.jpg

  • ས་གནས་དེ་གའི་དུས་ཚོད་ཟླ10ཚེས23ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁ་ཧྲན་དུ་འབོ་གསེར་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་ཐུག་འཕྲད་ལ་ཞུགས་པའི་རིང་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཤིས་དང་མཇལ་འཛོམས་གནང་།

  • 《གྲོང་ཁྱེར་གྱི་སྤྱི་པའི་འགྲིམ་འགྲུལ་སྲོལ་ཡིག》ཉེ་ཆར་ཁྱབ་བསྒྲགས་བྱས་པ་དང་། ཟླ12ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

  • བཟོ་ལས་དང་ཆ་འཕྲིན་ཅན་པུས་གནས་ཚུལ་སྤེལ་བར་གཞིགས་ན། སྔོན་གྱི་དུས་ཚིགས་གསུམ་པོར། རང་རྒྱལ་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་དེ་དུས་མཚུངས་ལས5.8%འཕར་བ་རེད།

  • རྒྱལ་ཁབ་ནུས་རྒྱུ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། སྔོན་གྱི་དུས་ཚིགས་གསུམ་པོར། རང་རྒྱལ་གྱི་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་རིམ་རྩིས་བྱས་ན་སྟོང་ཝ་ཆུ་ཚོད་དུང་ཕྱུར་ཁྲི7.4ལྷག་ཙམ་ཟིན་པ་དང་། དུས་མཚུངས་ལས7.9%འཕར་ཡོད་པ་རེད།

  • གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཀྲུང་དབྱང་ཁེ་ལས་ཀྱིས་སྔོན་གྱི་དུས་ཚིགས་གསུམ་པོར་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ལ་མ་དངུལ་སྒོར་དུང་ཕྱུར་ཁྲི1.4བཏང་བ་དང་། སྤྱིའི་མ་འཇོག་སྡོམ་འབོར་གཞི་ཁྱོན་གྱི40%ཙམ་ཟིན་ཡོད་པ་རེད།

  • རྒྱལ་ཁབ་སྦྲག་སྲིད་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། སྔོན་གྱི་དུས་ཚིགས་གསུམ་པོར། སྦྲག་སྲིད་ལས་རིགས་ཀྱི་སྦྲག་སྐྱེལ་ལས་སྒོ་སྤེལ་ཚད་དུང་ཕྱུར1376.7ཡིན་པ་དང་། དུས་མཚུངས་ལས19.6%འཕར་ཡོད་པ་རེད།

  • ཚེས23ཉིན། རང་རྒྱལ་གྱིས་པེ་ཅིང་དང་། ཧྲང་ཧའེ། ཧའེ་ནན། ཧྲེན་ཀྲེན་བཅས་ས་གནས4ནས་གནས་ཐང་འཕར་བའི་གློག་འཕྲིན་ལས་སྒོ་རྒྱ་སྐྱེད་ཀྱི་ཕྱི་ཕྱོགས་སྒོ་འབྱེད་བྱེད་པའི་ཚོད་ལྟའི་ལས་དོན་སྤེལ་འགོ་ཚུགས་པ་རེད།

05.JPG.jpg

  • ཚེས23ཉིན་གྱི་ཆུ་ཚོད9དང་སྐར་མ9ཡི་ཐོག  རང་རྒྱལ་གྱིས་ཤིས་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་ཨང་གཉིས་པ་ག་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་དེ། ཡོ་ཀན་ཨང་ཞེ་གསུམ་པའི་སྲུང་སྐར་ཚོགས་ཆུང03འཕེན་གཏོང་ལེགས་འགྲུབ་བྱུང་པ་རེད།

    སྤྱི་ཚོགས།

  • ཚེས25ཉིན་ནས་ཚེས28ཉིན་བར། སྔོན་དཔག་ལྟར་ན་གྲང་རླུང་ཆུང་བའི་ཤུགས་རྐྱེན་ཕོག་ནས། རང་རྒྱལ་གྱི་ས་ཁུལ་མང་ཆེ་བའི་དྲོད་ཚད་ཧྲེ་ཧྲི་ཏུའུ3ནས6བར་མར་ཆག་རྒྱུ་དང་། ས་ཆ་ཁག་གཅིག་ཏུ་དྲོད་ཚད་མར་ཆག་ཚད་ཧྲེ་ཧྲི་ཏུའུ8ལ་སླེབས་རྒྱུ་རེད།

  • ཚེས23ཉིན་གྱི་ཆུ་ཚོད24ནས་བཟུང་། རྒྱལ་ནང་གི་རླངས་སྣུམ་དང་ཁྲའེ་ཡིའུ་སྣུམ་གྱི་རིན་གོང་སོ་སོར་ཏུན་རེར་སྒོར90དང་སྒོར85འཕར་ཡོད་པ་རེད།

  • གྲངས་གཞི་ལས་མངོན་པར། ཟླ9པའི་ཟླ་མཇུག་བར། རང་རྒྱལ་གྱིས་རིམ་རྩིས་བྱས་ན5Gཡི་སྦྲེལ་ཚུགས་ཁྲི408.9བསྐྲུན་ཡོད་པ་རེད།

  • དམངས་སྲིད་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱིས་ནང་ལོག་སྡོད་མིའི“ཞིང་ཆེན་བརྒལ་ནས་གཅིག་གྱུར་སྒྲུབ་རྒྱུར”སྐུལ་འདེད་བརྟན་པོ་བཏང་ཞིང་། ཟླ9པའི་ཟླ་མཇུག་བར། རྒྱལ་ཡོངས་སུ་རིམ་རྩིས་བྱས་ན“ཞིང་ཆེན་བརྒལ་ནས་གཅིག་གྱུར་སྒྲུབ”ནས་གཉེན་སྒྲིག་ཐོ་འགོད་བྱེད་མཁན་མི་ཆ་ཁྲི41.6ཡིན་པ་རེད།

06.JPG.jpg

  • 2018ལོའི་ཟླ10ཚེས23ཉིན་དངོས་སུ་ཤར་གཏོང་ཐུབ་ཚུན། ཤང་ཀང་དང་། ཀྲུའུ་ཅང་གཙང་པོ། ཨའོ་མོན་བཅས་ཟམ་ཆེན་གྱི་ལོ་དྲུག་ནང་མཐའ་མཚམས་ནས་འགྲོ་འོང་བྱེད་མཁན་མི་ཐེངས་ཁྲི6235ལས་བརྒལ་ཡོད།

  • ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་ཏང་ཨུའི་དེ་སྔའི་ཧྲུའུ་ཅི་གཞོན་པའམ་དབྱིན་ཁྲོན་གྲོང་ཨུའི་དེ་སྔའི་ཧྲུའུ་ཅི་ཅང་ཀྲི་ཀང་གིས་ལྐོག་རྔན་བླངས་པའི་གྱོད་གཞིའི་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་ནས། ཅང་ཀྲི་ཀང་དུས་བཀག་བཙོན་འཇུག་ལོ་བཅོ་ལྔའི་ཁྲིམས་ཐག་བཅད་པ་རེད།

07.JPG.jpg

  • ཉེ་ཆར། རང་རྒྱལ་གྱིས་བཟོས་པའི་མཚོ་གཏིང་སྐྱེ་དངོས་ཕྲ་རབ་ཀྱི་མ་དཔེ་འཚོལ་བསྡུ་བྱེད་པའི་རང་བརྟེན་མཚོ་འོག་མཁའ་འགྲུལ་ཡོ་བྱད་ཐོག་མ་དེ་ཞིབ་བཟོ་ལེགས་འགྲུབ་བྱུང་བ་རེད།

  • ཉེ་ཆར་སི་ཁྲོན་ཉེན་རྟོག་ཕྱོགས་ཀྱིས་གོ་མིང་ཚབ་འདེམས་མགོ་སྐོར་གྱི་གྱོད་གཞི་ཚབས་ཆེན་ཞིག་རྩད་ཆོད་པ་དང་། གྱོད་འབྲེལ་མ་དངུལ་སྒོར་ཁྲི5000ལྷག་ཙམ་ཟིན་ཡོད་ལ་གནོད་འཚེ་ཕོག་མཁན་མི6000ལྷག་ཙམ་ཡིན།

08.JPG.jpg

  • ཕུའུ་ཅན་ཆོན་ཀྲོའུ་ཡི་བུ་མོ་ཞིག་ལ་རླངས་འཁོར་གྱི་དོན་རྐྱེན་བྱུང་ནས་རླངས་འཁོར་གྱི་འོག་ཏུ་མནན་ཡོད་སྐབས་འགྲིམ་འགྲུལ་ཉེན་རྟོག་པ་དང་ལམ་འགྲོ་བ་ཚང་མས་མཉམ་དུ་རླངས་འཁོར་ཡར་བཀྱགས་ནས་སྐར་ཆ30ལས་བུ་མོ་བསྐྱབས་སོང་། དུས་ཐོག་ཏུ་རོགས་སྐྱོབ་ཐོབ་པའི་དབང་གིས་རྨས་སྐྱོན་ཕོག་པའི་བུད་མེད་དེར་སྐྱོན་ཆེན་པོ་མེད།

སྲིད་ཇུས།

  • ཐེན་ཅིན་གྱིས་གསར་དུ་བསྐྲུན་པའི་སྡོད་གནས་རྣམ་གྲངས་ཀྱི་བཀོད་སྒྲིག་བྱས་པའི་གློག་སྒུལ་རྐང་འཁོར་འཇོག་ཡུལ་དེ་བུ་བཅོལ་ཁང་དང་། བྱིས་པ་ཁང་དང་དེའི་བྱེད་སྒོ་སྤེལ་ཡུལ། རྒན་རྒོན་ལ་ལྟ་རྟོག་བྱེད་པའི་སྒྲིག་ཆས་དང་རྒན་པའི་བྱེད་སྒོ་སྤེལ་ཡུལ་སོགས་དང་ཉེ་བའི་ས་ནས་བཀོད་སྒྲིག་བྱེད་མི་རུང་ཞེས་ཁ་གསལ་བཏོན་ཡོད།

  • ཅི་ལིན་གྱིས་བརྡ་ཐོ་བཏང་ནས་འཛུམ་བུ་ལྟག་དགྱེ་དང་། ཆམ་རིམས། མཆིན་ནད་ཁ་པ་སོགས་འགོ་ནད་ཐར་བའི་འཆར་འགོད་མིན་པའི་རིམས་འགོག་སྨན་ཁབ་ཀྱི་གཅིག་གྱུར་ཚད་གཞི་དམའ་རུ་གཏོང་རྒྱུ་ཡིན་པ་རེད།

  • ཡུན་ནན་གྱིས་ཟླ་མཚན་ཡོང་དུས་ན་ཟུག་ཚབས་ཆེན་ཡིན་པའི་བུད་མེད་ལས་བཟོ་པར། སྨན་བཅོས་ལས་ཁུངས་སམ་ཡང་ན་མ་བུ་འཕྲོད་སྦྱོར་ལས་ཁུངས་ཀྱིས་ངོས་འཛིན་བྱས་རྗེས། ཟླ་མཚན་འབབ་དུས་ཉིན1ནས་ཉིན2བར་གནང་བ་སྟེར་རྒྱུ་གཏན་འབེབས་བྱས་པ་རེད།

དེ་རིང་གི་གནམ་གཤིས།

09.JPG.jpg

  • ཞིན་ཅང་གི་ནུབ་རྒྱུད་དང་བྱང་རྒྱུད་ཀྱི་རི་ཁུལ་དང་། བོད་ལྗོངས་ཀྱི་བྱང་རྒྱུད། མཚོ་སྔོན་གྱི་ལྷོ་རྒྱུད་དང་ནུབ་རྒྱུད། ཁྲོན་ཞི་ས་མཐོ། ནང་སོག་གི་བྱང་ཤར་རྒྱུད། ཧེ་ལུང་ཅང་གི་ནུབ་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ཆུང་ངམ་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་དང། དེའི་ནང་། ཞིན་ཅང་གི་ཨ་ལེ་ཐའེ་རི་ཁུལ་དང་ཞིན་ཅང་གི་ནུབ་རྒྱུད་རི་ཁུལ་སོགས་ས་ཁུལ་ཁ་ཤས་སུ་ཁངས་འབྲིང་ཙམ་ནས་ཁངས་ཆེན་འབབ་རྒྱུ་རེད། ཡུན་ནན་གྱི་ནུབ་བྱང་རྒྱུད་དང་། སི་ཁྲོན་གྱི་ནུབ་རྒྱུད། ཐའེ་དབན་གླིང་ཕྲན་སོགས་ཀྱི་ས་ཁུལ་ཁག་གཅིག་ལ་ཆར་བ་འབྲིང་ཙམ་ནས་ཆར་ཆེན་འབབ་རྒྱུ་དང་། དེའི་ནང་། ཐའེ་དབན་གླིང་ཕྲན་གྱི་བྱང་རྒྱུད་དང་ཤར་རྒྱུད་སོགས་ས་ཁུལ་ཁག་གཅིག་ལ་དྲག་ཆར་འབབ་རྒྱུ་དང་ཐའེ་དབན་གླིང་ཕྲན་ཤར་རྒྱུད་ཀྱི་ས་ཆ་ཁག་གཅིག་ཏུ་དྲག་ཆར་ཆེན་པོའམ་ཡང་ན་དྲག་ཆར་ཧ་ཅང་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།