དེ་རིང་ནི2025ལོའི་ཟླ05པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-10-25 07:03:28   |   632

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།  བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

01.JPG.jpg

  • ས་གནས་དེ་གའི་དུས་ཚོད་ཟླ10ཚེས24ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཁ་ཧྲན་ཚོགས་འགྲེམས་ལྟེ་གནས་སུ“འབོ་གསེར+”མགོ་ཁྲིད་པའི་གཏམ་བཤད་ཚོགས་འདུར་ཞུགས་པ་མ་ཟད། 《“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”ཀྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུས་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས》ཞེས་པའི་གསུང་བཤད་གལ་ཆེན་གནང་།

  • ཟླ10ཚེས24ཉིན་གྱི་མཚན་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་འབོ་གསེར་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་ཐུག་འཕྲད་ཐེངས་བཅུ་དྲུག་པ་མཇུག་འགྲིལ་རྗེས་ཆེད་གཏོང་གནམ་གྲུར་བསྡད་དེ་པེ་ཅིང་དུ་ཕྱིར་ལོག་པ་རེད།

  • ཟླ9པར། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་སྡོམ་འབོར་སྒོར་དུང་ཕྱུར་ཁྲི4.11ཟིན་པ་དང་། དུས་མཚུངས་ལས3.2%འཕར་བ་རེད།

  • བཟོ་ལས་དང་ཆ་འཕྲིན་ཅན་པུས་གནས་ཚུལ་སྤེལ་བར་གཞིགས་ན། སྔོན་གྱི་དུས་ཚིགས་གསུམ་པོར། གཞི་ཁྱོན་ཡན་གྱི་གློག་རྡུལ་ཆ་འཕྲིན་བཟོ་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མ་དེ་དུས་མཚུངས་ལས12.8%འཕར་ཡོད།

  • ཉིན་ཤས་གོང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་བསྟན་དོན། ནུས་པ་ཡོད་པའི་དམངས་གཉེར་ཁེ་ལས་ཀྱིས་སྣེ་ཁྲིད་དེ་རྒྱལ་ཁབ་ཀྱི་ཚན་རྩལ་འགག་སྒྲོལ་གྱི་ལས་འགན་གལ་ཆེན་འཁུར་རྒྱུར་རྒྱབ་སྐྱོར་བྱས་ནས། དམངས་གཉེར་ཁེ་ལས་ལ་རྒྱལ་ཁབ་ཀྱི་ཚན་ཞིབ་གལ་ཆེན་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་སྒོ་མོ་སྔར་བས་འབྱེད་རྒྱུ་ཡིན་ཞེས་བཤད་ཡོད།

  • ཚོང་དོན་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོར་རྒྱལ་ཁབ་རིམ་པའི་དཔལ་འབྱོར་གསར་སྤེལ་ཁུལ་གྱི་ཕྱིར་གཏོང་ནང་འདྲེན་གྱི་སྡོམ་འབོར་སྒོར་དུང་ཕྱུར་ཁྲི10རེད།

  • རྒྱལ་ཁབ་སྦྲག་སྲིད་ཅུའི་གྲངས་གཞི་ལས་མངོན་པར། རང་རྒྱལ་གྱི་མྱུར་སྐྱེལ་ལས་སྒོ་དེ་རྒྱས་དུས་ལ་དངོས་སུ་སླེབས་པ་དང་། ཚེས21ནས23ཉིན་བར། རྒྱལ་ཡོངས་ཀྱི་སྦྲག་སྲིད་མྱུར་སྐྱེལ་ལས་རིགས་ཀྱིས་མྱུར་སྐྱེལ་བསྐུར་མ་ཧ་ལམ་དངོས་ཟོག་དུང་ཕྱུར19.20བླངས་པ་དང་། དུས་མཚུངས་ལས48.7%འཕར་བ་རེད།

  • སྐབས་བདུན་པའི་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་བཤམས་སྟོན་ཚོགས་འདུ་ཟླ11ཚེས5ནས་ཚེས10ཉིན་བར་ཧྲང་ཧའེ་རུ་གཉེར་རྒྱུ་ཡིན་པ་དང་། སྐབས་འདིའི་དངོས་མང་བཤམས་སྟོན་ཚོགས་འདུའི་ནང་རྒྱལ་ཁབ་དང་། ས་ཁུལ། རྒྱལ་སྤྱིའི་རྩ་འཛུགས་བཅས152རྒྱལ་ཁབ་འགྲེམས་སྟོན་དང་ཁེ་ལས་འགྲེམས་སྟོན་ནང་ཞུགས་རྒྱུ་ཡིན་པ་རེད།

  • ས་གནས་དེ་གའི་དུས་ཚོད་ཚེས23ཉིན། པེར་ཀྲེམ་ཐེན་ཐང་སྲོག་ཆགས་གླིང་གས་ཕྱི་ཕྱོགས་ལ་གནས་དེར་སྐྱེས་པའི་དོམ་ཁྲ་གསུམ་པོ“ཐན་པའོ”དང་། “པོ་ཏེས”“པོ་མེ”བཅས་ཟླ12ཚེས10ཉིན་ཀྲུང་གོར་ཕྱིར་ལོག་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།

སྤྱི་ཚོགས།

02.JPG.jpg

  • གྲང་རླུང་དང་རྒྱ་མཚོའི་རླུང་འཚུབ“ཐན་མེ”ཡི་ཐུན་མོང་ཤུགས་རྐྱེན་ཐེབས་ནས། དེ་རིང་། ཐའེ་དབན་མཚོ་འགག་གི་དབུས་རྒྱུད་དང་། ལྷོ་རྒྱ་མཚོའི་བྱང་ཤར་རྒྱུད་དང་དབུས་ཤར་རྒྱུད། ཏུང་ཧྲ་གླིང་ཚོམ། ཕུའུ་ཅན་གྱི་དབུས་རྒྱུད་མཚོ་རྒྱུད་བཅས་སུ་རླུང་ཤུགས་རིམ་པ9ནས10བར་དང་ཐོལ་རླུང་རིམ་པ11ནས12བར་ཐོན་རྒྱུ་རེད།

  • རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། རེས་སྐོར་གསར་པའི་རྒྱལ་ཁབ་སྨན་བཅོས་འགན་བཅོལ་གྱི་གྲོས་མོལ་བྱེད་འགོ་ཚུགས་ཉེ་ཡོད་པ་དང་། སྨན་རྫས162གྲོས་མོལ་རིན་གོང་འགྲན་རྩོད་ནང་ཞུགས་ཡོད་པ་རེད།

03.JPG.jpg

  • ཚེས23ཉིན་བར། ཀྲུང་གོ་ནས་ལོ་སི་བར་གྱི་ལྕགས་ལམ་གྱིས་རིམ་རྩིས་བྱས་ན་འགྲུལ་སྐྱེལ་མེ་འཁོར་ཐེངས60000ལས་བརྒལ་བ་དང་། རིམ་རྩིས་བྱས་ན་འགྲུལ་པ་མི་ཐེངས་ཁྲི4120སྐྱེལ་འདྲེན་བྱས་པ་རེད།

  • ཉིན་ཤས་གོང་། ཞིབ་དཔྱོད་ལས་ཁུངས་ཀྱིས་ལྐོག་རྔན་བླངས་པའི་ཉེས་གསོག་གི་དོགས་གཞི་ཡོད་པའི་ཐོག་ནས་ཀྲུང་གོའི་གློག་ཤུགས་ཁོའོ་ཡི་དེ་སྔའི་ཏང་ཙུའི་ཁོངས་མིའམ་སྤྱི་ཁྱབ་ཅིང་ལི་གཞོན་པ་ཧོ་ཝུན་ཀྲུང་ཁྲིམས་ལྟར་འཛིན་བཟུང་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།

  • ཚེས24ཉིན། ཧྲན་ཤིས་ཞིང་ཨུའི་དེ་སྔའི་ཧྲུའུ་ཅི་གཞོན་པ་ཧྲང་ལི་ཀོང་གིས་ལྐོག་རྔན་བླངས་པའི་གྱོད་གཞིར་འདྲི་གཅོད་དང་པོའི་ཁྲིམས་ར་འཚོགས་པ་རེད།

  • ཚེས24ཉིན། 2024ཆུ་རྐྱལ་འཛམ་གླིང་བུམ་པའི་རེན་ཁྲོན་ས་ཚིགས་ཀྱི་སྐྱེས་པའི་སྨི400ཡི་རང་མོས་ཆུ་རྐྱལ་གྱི་མཐའ་བསྡུར་མཇུག་འགྲིལ་ནས་ཀྲུང་གོའི་འགྲན་ཞུགས་པ་ཕན་ཀྲན་ལེ་ཡིས་གསེར་གྱི་རྟགས་མ་བླངས་པ་རེད།

  • ཚེས24ཉིན། WTA500ཏུང་ཅིང་ས་ཚིགས་ཀྱི་བུད་མེད་རྐྱང་འགྲན་གྱི་རེས་སྐོར་གཉིས་པའི་འགྲན་བསྡུར་ནང་། ཀྲེན་ཆིན་ཝུན་གྱིས་མི་སྒེར་གྱི་ཏུང་ཅིང་ས་ཚིགས་ཀྱི་རྒྱལ་ཁ་ཐེངས་དང་པོ་བླངས།

04.JPG.jpg

  • ཚེས30ཉིན། ཀྲུང་དབྱང་དངུལ་ཁང་གིས2025པར་གཞིའི་དོམ་ཁྲའི་གསེར་གྱི་དྲན་གསོའི་སྒོར་མོ་ཆ་ཚང14འགྲེམས་སྤེལ་བྱ་རྒྱུ་དང་། དེའི་ནང་དོམ་ཁྲའི་སྤྱིར་བཏང་གི་དྲན་གསོའི་གསེར་གྱི་སྒོར་མོ6དང་དོམ་ཁྲའི་ཞིབ་བཟོས་གསེར་གྱི་དྲན་གསོའི་སྒོར་མོ8ཡོད་པ་དེ་དག་ཚང་མ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་གཏན་དངུལ་ལོར་ཡིན་པ་རེད།

05.JPG.jpg

  • ཉེ་ཆར། ལས་དོན་མི་སྣས་མཚོ་སྔོན་ཞིང་ཆེན་དཔལ་དགེ་གྲོང་རྡལ་ནས་ཕྱིར་བསྡུས་པའི་དམར་ཕྱིའི་པར་ཆས་ནས་གསའ་དང་མཚོ་སྔོན་པོ་མཉམ་དུ་མངོན་པའི་གཟུགས་བརྙན་གསལ་པོ་མཐོང་བྱུང་།

སྲིད་ཇུས།

  • པེ་ཅིང་གིས་ས་ཁང་བདག་ཁོངས་ཀྱི་སྡོད་གནས་དབང་ཆའི་གཏན་འབེབས་གསར་པ་བཟོ་རྩིས་ཡོད་ཅིང་། གཏན་གནས་གཅིག་ལ་སྡོད་གནས་ཀྱི་དབང་ཆ་གཅིག་ལས་བཟོས་མི་ཆོག་པ་དང་། སྡོད་གནས་ཀྱི་དབང་ཆ་ཡོད་མཁན་མང་པོ་ཡོད་ཆོག

  • ཧའེ་ནན་གྱིས་འཛུགས་སྐྲུན་གད་སྙིགས་བཅོས་སྒྲིག་བྱ་རྒྱུ་ཚད་ལྡན་དུ་བཏང་ནས། ལས་ཁུངས་དང་ཚན་པས“གཏན་འཁེལ་བྱས་མེད་པའི་སར་འཛུགས་སྐྲུན་གད་སྙིགས་གཤོ་བ་དང་འཕེན་པ། ཡང་ན་སྤུངས་པའི”རིགས་ལ་དངུལ་ཆད་མང་ན་སྒོར་ཁྲི100བཅད་ཆོག

  • ཧུའུ་པེས་གསལ་བོར་བསྟན་དོན། དངུལ་བུན་གཏོང་ཡུལ་ཚན་རྩལ་ཤེས་ལྡན་མི་སྣ་མི་སྒེར་རམ་ཡང་ན་ཚན་རྩལ་ཤེས་ལྡན་མི་སྣ་གནས་སའི་ཁེ་ལས་ཡིན་ན། ཐེངས་གཅིག་གི་ཚན་རྩལ་ཤེས་ལྡན་མི་སྣའི་དངུལ་བུན་མཐོ་ཤོས་སྒོར་ཁྲི1000བསྐྱིས་ཆོག

དེ་རིང་གི་གནམ་གཤིས།

06.JPG.jpg

  • ཞིན་ཅང་གི་ཨ་ལེ་ཐའེ་རི་ཁུལ་དང་ཞིན་ཅང་གི་ལྷོ་རྒྱུད་རི་ཁུལ། བོད་ལྗོངས་ཀྱི་བྱང་རྒྱུད་དང་ཤར་རྒྱུད། མཚོ་སྔོན་གྱི་ཤར་རྒྱུད་དང་དབུས་ལྷོ་རྒྱུད། ནང་སོག་གི་བྱང་ཤར་རྒྱུད། ཧེ་ལུང་ཅང་གི་ནུབ་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ཆུང་དང་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་ཡིན་པ་དང་། དེའི་ནང་། ཞིན་ཅང་གི་ཨ་ལེ་ཐའེ་རི་ཁུལ་གྱི་ས་ཁུལ་ཁ་ཤས་སུ་ཁངས་འབྲིང་ཙམ་ནས་ཁངས་ཆེན་འབབ་རྒྱུ་རེད། ཀྲེ་ཅང་ལྷོ་རྒྱུད་ཀྱི་མཚོ་རྒྱུད་དང་། ཧྥུ་ཅན་གྱི་བྱང་ཤར་རྒྱུད་ཀྱི་མཚོ་རྒྱུད། ཐའེ་ཝན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་འབྲིང་ཙམ་ནས་ཆར་ཆེན་འབབ་རྒྱུ་དང་། དེའི་ནང་། ཐའེ་ཝན་གླིང་ཕྲན་གྱི་ཤར་རྒྱུད་ཀྱི་ས་ཁུལ་ཁ་ཤས་སུ་དྲག་ཆར་རམ་ཡང་ན་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།