དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-11-07 07:13:01   |   619

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

55.jpg

  • ཞི་ཅིན་ཕིང་གིས་ཧུའུ་པེར་རྟོག་ཞིབ་གནང་སྐབས། ངར་ཤུགས་གཅིག་སྒྲིལ་དང་།    འབད་འབུངས་ཡར་བརྩོན། འབད་བརྩོན་ལྷོད་མེད། ལེགས་བྱས་ལེགས་སྒྲུབ་བཅས་ཀྱི་ཐོག་ནས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཧུའུ་པེའི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་དགོས་ཞེས་ནན་བཤད་གནང་།     

  • ཞི་ཅིན་ཕིང་གིས་སྤྱི་ཚོགས་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་སྐབས། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལམ་བུའི་ཐོག་བསྐྱོད་དེ། དུས་རབས་གསར་པའི་སྤྱི་ཚོགས་ལས་དོན་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་།

  • སྐོར་ཞིབ་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཟླ11པའི་ཚེས5ཉིན་བར་སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་རེས་སྐོར་བཞི་པའི་སྐོར་ཞིབ་ཚོགས་ཆུང་བཅའ་སྡོད་བྱེད་པའི་ལས་དོན་ལེགས་གྲུབ་བྱུང་ཡོད། སྐོར་ཞིབ་ཚོགས་ཆུང15ཡིས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཚན་པ34ལ་རྒྱུན་གཏན་གྱི་སྐོར་ཞིབ་བྱ་རྒྱུ་རེད།    

  • ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《གངས་དར་ལུས་རྩལ་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་བཏང་ནས་གངས་དར་དཔལ་འབྱོར་གྱི་གསོན་ཤུགས་འཕེལ་བར་བྱ་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》པར་འགྲེམ་བྱས།

  • ཚོང་དོན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་རང་རྒྱལ་གྱི་ཞབས་ཞུའི་ཕྱིར་གཏོང་ནང་འདྲེན་སྡོམ་འབོར་སྒོར་དུང་ཕྱུར55181.4ཟིན་པ་དེ་དུས་མཚུངས་ལས14.5%འཕར་ཡོད།     

  • ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ9པའི་ཟླ་མཇུག་བར་རང་རྒྱལ་དུ་དམངས་གཉེར་དཔལ་འབྱོར་གྱི་གཙོ་གཟུགས་སྡོམ་འབོར་དུད་ཚང་ཁྲི18086.48ཡོད་ཅིང་། ལོ10ལྷག་ཙམ་ནང་ལྡབ4ལྷག་ཙམ་འཕར་ཡོད།     

  • ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན།    ད་ལོའི་ཟླ་དང་པོ་ནས་དགུ་པའི་བར་སྲིད་འཛིན་ཞིབ་དཔྱོད་ལྟ་སྐུལ་གྱི་གྱོད་གཞི་ཁྲི15.9ཐག་གཅོད་བྱས་ཡོད།     

    2.png

  • རྒྱལ་སྤྱིའི་སྡོང་དམར་ནགས་ཚལ་ལྟེ་གནས་འཛུགས་པའི་གྲོས་མཐུན་ལ་ཚེས6ཉིན་ཧྲེན་ཀྲེན་དུ་དངོས་སུ་མིང་རྟགས་བཀོད་པ་དང་། ཁག་དང་པོའི་ཁོངས་མིའི་རྒྱལ་ཁབ18ཀྱི་འཐུས་མིས་གྲོས་མཐུན་ལ་ཐུན་མོང་ཐོག་མིང་རྟགས་བཀོད་པ་དང་འབྲེལ་རྒྱལ་སྤྱིའི་སྡོང་དམར་ནགས་ཚལ་ལྟེ་གནས་ཀྱི་སྒོ་བྱང་ཕྱེས།     

  • ཚེས6ཉིན། ཨ་རིའི་སྨྱན་སྦྱོར་ཚན་པ་མང་པོ་ཞིག་གིས་ཚོད་རྩིས་དང་གནས་ཚུལ་སྤེལ་གསལ། སྤྱི་མཐུན་ཏང་གི་ཙུང་ཐུང་གི་འོས་མིའམ་ཙུང་ཐུང་ཟུར་པ་ཁྲོམ་ཕུ་ལ2024ལོའི་ཨ་རིའི་ཙུང་ཐུང་འདེམ་བསྐོའི་ཁྲོད་དགོས་ངེས་ཀྱི་འདེམ་ཤོག270ལས་ལྷག་པའི་འདེམ་ཤོག་ཐོབ་འདུག

    སྤྱི་ཚོགས།

  • ཚེས6ཉིན་གྱི་ཆུ་ཚོད24ནས་བཟུང་རྒྱལ་ནང་གི་རླངས་འཁོར་དང་ཁྲའེ་སྣུམ་གྱི་རིན་གོང་སོ་སོར་ཏུན་རེར་སྒོར145དང་སྒོར140རེ་ཆག་ཡོད།  

3.png 

  • ཚེས6ཉིན་ཀྲུང་གོའི་མཁའ་དབྱིངས་ཆ་འཕྲིན་དང་སྲུང་སྐར་དྲ་སྦྲེལ་གསར་གཏོད་མནའ་འབྲེལ་ཞུང་ཨན་ཁུལ་གསར་དུ་སྒོ་བྱང་བཀལ་ནས་བཙུགས།   

4.jpg  

  • ཚེས6ཉིན་ལི་ཡ་ཏེའི(利雅得)WTAཡི་ལོ་མཇུག་གི་རྟིང་རྩོད་འགྲན་བསྡུར་གྱི་ཚོགས་ཆུང་འགྲན་བསྡུར་ནང་། རྟིང་རྩོད་འགྲན་སྡུར་ནང་ཐོག་དང་པོར་ཞུགས་མཁན་གྱི་ཀྲེན་ཆིན་ཝུན་ཨང་རྟགས4པ་པའོ་ལི་ཉི་ལས་རྣམ་པར་རྒྱལ་ནས་ཨང་རིམ་བཞི་པར་སླེབས།     

  • ཚེས6ཉིན། ཧེ་ལུང་ཅང་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའི་ཁོངས་མིའམ་ཀྲུའུ་ཞི་གཞོན་པ་ཟུར་པ་ཆུས་མིན་གྱིས་ལྐོག་རྔན་བླངས་པའི་གྱོད་གཞིའི་འདྲི་ཞིབ་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་ཤིང་། ཆུས་མིན་ལ་དུས་བཀག་བཙོན་འཇུག་ལོ13བྱ་རྒྱུའི་ཁྲིམས་ཐག་བཅད།     

  • ཉེ་ཆར། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ལྐོག་རྔན་བླངས་པའི་ཉེས་གསོག་དང་རང་འཁྲིའི་ལས་འགན་སྣང་མེད་དུ་བཞག་པའི་ཉེས་གསོག་གི་དོགས་གཞི་ཡོད་པའི་ཐོག་ནས་པེ་ཅིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཏང་ཙུའི་ཁོངས་མིའམ་ཧྲི་ཀྲང་གཞོན་པ་ཟུར་པ་ཀའོ་ཕུང་ཁྲིམས་ལྟར་འཛིན་བཟུང་བྱ་རྒྱུའི་གཏན་འབེབས་བྱས།           

  • ཉེ་ཆར་རང་རྒྱལ་གྱི་གཏིང་ཚད་སྨི5000ལས་བརྒལ་བའི་ས་འོག་ཚ་ནུས་ཀྱི་ཚན་རིག་རྩད་ཞིབ་ཁྲོན་པ་ཐོག་མ་སྟེ། ཧྥུ་ཧྲེན་ཚ་ནུས་ཁྲོན་པ་དང་པོ་དེ་ཧའེ་ནན་ཧའེ་ཁོའུ་རུ་དངོས་སུ་ལས་ནས་གྲུབ་པ་དང་། དྲོད་ཚད188℃ལས་བརྒལ་བའི་དྲོད་ཚད་མཐོ་བའི་ས་འོག་ཚ་ནུས་ཐོན་ཁུངས་ཤེས་རྟོགས་བྱུང་།   

5.jpg 

  • ཧྲན་ཞི་ཞིང་ཆེན་ལིན་ཧྥུན་གྲོང་ཁྱེར་གྱི་ཞང་ཧྥུན་རྫོང་དུ་གནས་པའི་ཐའོ་དགོན་གནའ་ཤུལ་རྟེན་མཛོད་ཁང་ཟླ11པའི་ཚེས12ཉིན་དངོས་སུ་སྒོ་འབྱེད་རྒྱུ་རེད།   

6.png

  • ཉིན་ཤས་གོང་། ཅང་ཞི་ནན་ཁྲང་ཁྲང་པེ་གནམ་ཐང་གི་འགག་སྒོ་ལས་ཁུངས་ཀྱིས་ཕྱི་ནས་འཁྱེར་ཡོང་བའི་གྲོག་མ་མི་ཆེན་བཟུང་།

7.png

  • ཅང་སུའུ་ནན་ཅིང་མྱུར་བགྲོད་ལྕགས་ལམ་འབབ་ཚུགས་སུ། ལོ་གཉིས་ལ་སླེབས་པའི་བྱིས་པ་ཞིག་མེ་འཁོར་དང་འབབ་ཚུགས་ཀྱི་བར་གསེང་དུ་ལྷུང་ཞིང་། ཧོ་ནན་ནས་ཡོང་བའི་གནས་སྐོར་བ་ལིའུ་ཧྥེང་ཡོན་སྨི་གཉིས་ལྷག་ཙམ་གྱི་སྟེགས་བུའི་ཐོག་ནས་བབས་ཏེ་ཕྲུ་གུ་དེ་བདེ་བླག་ངང་བསྐྱབས།     

    སྲིད་ཇུས།

  • པེ་ཅིང་གིས་སྐོར་ལམ་ལྔ་པའི་ནང་ཚུན་གྱི་ནུས་རྒྱུ་གསར་པའི་ཟོག་འདྲེན་རླངས་འཁོར་གྱི་ཉིན་མོའི་སྐྱེལ་འདྲེན་ཆོག་འཐུས་ལག་ཁྱེར་བཀོད་སྒྲིག་བྱ་རྒྱུ་ཡིན་ཞེས་ཁ་གསལ་བཏོན།     

  • ཧྲང་ཧའེ་ཡིས་གྲོང་ཁྱེར་འདི་གའི་རུ་འཁྱུར་དམག་མི་ཁྲིམས་ནང་གཏན་འཁེལ་བའི་ལས་འཁྱུར་ངལ་གསོའི་ལོ་ཚོད(སྔོན་ལ་རྒན་ཡོལ་ཞུས་པ་དང་ལས་ཞབས་དགོངས་ཞུ་བྱས་པ་ཚུད)ལ་མ་སླེབས་གོང་། སློབ་ཡོན་མི་དགོས་པའི་ལས་རིགས་རྩལ་ནུས་གསོ་སྦྱོང་ལ་ཐེངས་གཅིག་ཞུགས་ཆོག་པའི་གཏན་འབེབས་ཁ་གསལ་བྱས།     

  • ཐེན་ཅིན་གྱིས་གཞུང་བཙུགས་རྒན་གསོའི་སྒྲིག་གཞིས་སྒྲིག་གཞིའི་སྤྱིའི་ཉལ་ཁྲིའི་གྲངས་འབོར་གྱི3%ནས8%གཞིར་བཟུང་འཕྲལ་སྡོམ་ཉལ་ཁྲི་བཀོད་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན།     

    དེ་རིང་གི་གནམ་གཤིས།      

8.jpg

  • ཞིན་ཅང་གི་བྱང་རྒྱུད་དང་ནུབ་རྒྱུད་ཀྱི་རི་ཁུལ་དང་། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད། ཁྲོན་ནུབ་མཐོ་སྒང་གི་ལྷོ་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁ་བ་ཆུང་བ་ནས་འབྲིང་བའམ་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། དེའི་ནང་དུ་ཞིན་ཅང་གི་ཨ་ལེ་ཐའེ་རི་ཁུལ་དང་ཞིན་ཅང་གི་ནུབ་རྒྱུད་རི་ཁུལ་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་ཆེན་ནས་ཁངས་ཆག་འབབ་རྒྱུ་རེད། སི་ཁྲོན་གྱི་ལྷོ་རྒྱུད་དང་ཡུན་ནན་གྱི་ས་ཆ་ཕལ་ཆེ་བར་ཆར་པ་འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ་རེད། དེའི་ནང་ཡུན་ནན་གྱི་ལྷོ་ནུབ་རྒྱུད་སོགས་ཀྱི་ས་ཁུལ་ཆ་ཤས་སུ་དྲག་ཆར་འབབ་རྒྱུ་རེད།   


མཉམ་སྤྱོད།