དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-11-08 07:10:29   |   643

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

1.jpg

  • ཟླ11པའི་ཚེས7ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་འཚམས་འདྲི་གནང་བར་ཕེབས་པའི་མ་ལེ་ཞི་ཡའི་ཙུང་ལི་ཨན་ཝར་དང་ཐུགས་འཕྲད་གནང་།

  • ཟླ11པའི་ཚེས7ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐང་ན་ཏེ·ཁྲོམ་ཕུ་ལ་གློག་འཕྲིན་བཏང་ནས་ཁོང་ཨ་རིའི་ཙུང་ཐུང་ལ་བདམས་པར་རྟེན་འབྲེལ་ཞུས།  

  • ཟླ11པའི་ཚེས6ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མ་ཡ·སང་ཏུའུ་ལ་གློག་འཕྲིན་བཏང་ནས་ཁོ་མོ་མོ་ཏོ་ཝ(摩尔多瓦)སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་མུ་མཐུད་དུ་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས།    

  • ཟླ11པའི་ཚེས7ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐབས་དང་པོའི་འཛམ་གླིང་གནའ་གཞུང་རིག་པའི་ཚོགས་ཆེན་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས།     

  • འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་བཅུ་པའི་བར་རང་རྒྱལ་གྱི་དངོས་ཟོག་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་སྡོམ་འབོར་སྒོར་དུང་ཕྱུར་ཁྲི36.02ཟིན་པ་དེ་དུས་མཚུངས་ལས5.2%འཕར་ཡོད།     

  • རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཁྱབ་བསྒྲགས་བྱས་པའི་གནས་ཐང་འཕར་ཁྲལ་གྱི་འཛིན་ཤོག་གྲངས་གཞི་ལས་མངོན་པ་ལྟར་ན། ཟླ10པར་རྒྱལ་ཡོངས་ཀྱི་ཁེ་ལས་ཀྱི་བྲིན་ཚོང་ཡོང་འབབ་ཟླ་གོང་མ་ལས་བརྒྱ་ཆའི་གྲངས1.3འཕར་ཡོད།     

  • གྲངས་གཞི་ལས་མངོན་པ་ལྟར་ན། ཟླ10པར་རྒྱལ་ཡོངས་ཀྱི་དུས་བཅད་ཚོང་ཟོག་ཁྲོམ་རའི་ཚོང་འགྲིག་ཚད་དུང་ཕྱུར6.95ཟིན་པ་དང་ཚོང་འགྲིག་ཚད་ཀྱི་སྒོར་དུང་ཕྱུར་ཁྲི58.56ཟིན་པ་དེ་དུས་མཚུངས་ལས་སོ་སོ26.3%དང45.41%འཕར་ཡོད།     

  • སྐབས34པའི་ཀྲུང་གོའི་གསར་འགྱུར་བྱ་དགའི་དཔྱད་འདེམས་འབྲས་བུ་ཚེས7ཉིན་ཁྱབ་བསྒྲགས་བྱས་པ་དང་། བརྩམས་ཆོས373ལ་ཀྲུང་གོའི་གསར་འགྱུར་བྱ་དགའ་ཐོབ།     

  • ཚེས7ཉིན་ཀྲུང་གོ་དང་སུའོ་ལུའོ་མོན་གླིང་ཚོམ(所罗门群岛)་དབར་ཕན་ཚུན་ཐོངས་མཆན་འགོད་མི་དགོས་པའི་གྲོས་མཐུན་བཞག     

  • འཛམ་གླིང་ཤེས་བྱའི་བདག་དབང་རྩ་འཛུགས་ཀྱི་སྙན་ཞུ་ལས་མངོན་པ་ལྟར་ན། 2023ལོར་ཀྲུང་གོས་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་ཁྲི164རེ་ཞུ་བྱས་པ་དང་། རེ་ཞུ་བྱེད་ཚད་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་ཡོད།  

    སྤྱི་ཚོགས།

  • ཀྲུང་གོ་ཚོང་ལས་མཉམ་འབྲེལ་ལྷན་ཚོགས་ཀྱི་གྲངས་གཞི་གསར་ཤོས་ལས་མངོན་པ་ལྟར་ན། ཟླ11པར་ཀྲུང་གོའི་སིལ་ཚོང་ལས་རིགས་ཀྱི་དར་རྒྱས་སྟོན་གྲངས51.0%ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས0.2འཕར་ཡོད།     

  • རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོའི་ལོ་མཇུག་བར་རྒྱལ་ཡོངས་སུ་ཀྲུང་ལུགས་གསོ་རིག་གི་སྨན་བཅོས་སྒྲིག་གཞི་ཁྲི9.3དང་ཉལ་ཁྲི་ཁྲི173.2ཡོད།  

2.jpg

  • ཀྲུང་གོ་མི་དམངས་དངུལ་ཁང་གིས་ཚེས18ཉིན2025ལོའི་ཀྲུང་གོའི་ཤིང་སྦྲུལ་ལོའི་རྩ་ཆེའི་ལྕགས་རིགས་ཀྱི་དྲན་རྟེན་དངུལ་ལོ་ཆ་ཚང་ཞིག་འགྲེམ་སྤེལ་བྱ་རྒྱུའི་གཏན་འཁེལ་བྱས།

  • ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན།    2024ལོའི་དུས་ཚིགས་གསུམ་པར་རྒྱལ་ཡོངས་ཀྱི་བཟའ་བཅའི་བདེ་འཇགས་ཀྱི་ལྟ་སྐུལ་འཐེན་བཤེར་གྱི་ཚད་གཞི་མ་ལོན་ཚད2.95%ཟིན།    

  • ཉིན་ཤས་གོང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ལྐོག་རྔན་བླངས་པའི་ཉེས་གསོག་གི་དོགས་གཞི་ཡོད་པའི་ཐོག་ནས་ཁྲིམས་འཛིན་པུའི་ཏང་ཙུའི་ཁོངས་མིའམ་པུ་ཀྲང་གཞོན་པ་ཟུར་པ་ལིའུ་ཀྲེ་ཆང་ཁྲིམས་ལྟར་འཛིན་བཟུང་བྱ་རྒྱུའི་གཏན་འབེབས་བྱས།    

  • ཉེ་ཆར་ཀྲུང་གོའི་སྤྱི་བདེ་པུ་དང་ཨ་རིའི་རྒྱལ་ཁབ་མངའ་ཁོངས་བདེ་འཇགས་པུའི་འབྲེལ་ཡོད་ཁྲིམས་འཛིན་སྡེ་ཚན་གྱིས་རྒྱལ་མཚམས་བརྒལ་བའི་གློག་འཕྲིན་དང་དྲ་རྒྱའི་མགོ་སྐོར་གྱོད་གཞི་ཞིག་མཉམ་དུ་ཐག་གཅོད་བྱས་ཤིང་། གྱོད་འབྲེལ་མ་དངུལ་ཨ་སྒོར་ཁྲི170ལྷག་ཙམ་ཚུར་བླངས།     

3.jpg

  • ཅང་སུའུ་ནན་ཅིང་དུ་རྒྱལ་ཁབ་གསུམ་གྱི་ཏུང་ཝུའུ་ཁྲེང་ཁྲེན་ཀྲང་ཀྲའོ་ཡི་བང་སོ་རྙེད།     

4.jpg

  • ཉེ་ཆར་རང་རྒྱལ་གྱི་ཚན་ཞིབ་མི་སྣས་ཧྥུ་ཅན་ཞིང་ཆེན་ཉིང་ཏེ་གྲོང་ཁྱེར་གྱི་ནན་ཅི་རི་བོ་ནས་སྐམ་ཆུ་གཉིས་འཚོའི་སྲོག་ཆགས་རིགས་གསར་པ་སྟེ་དཔྱིད་ཚུགས་སྦལ་ནག་ཤེས་རྟོགས་བྱུང་།   

6.gif

  • ཉེ་ཆར་ཀྲེ་ཅང་ཐའེ་ཀྲོའུ་རུ་བུ་མོ་ཆུང་ཆུང་གཉིས་ཀྱིས་སེམས་ཆུང་མ་བྱས་པར་ཆུ་ཡུར་ནང་ལྷུང་། ཉེན་ཁའི་དུས་སུ་ལམ་ཁར་འགྲོ་བཞིན་པའི་ཕོ་གསར་ཡེ་ཅི་ཧའོ་ཆུ་ཡུར་འགྲམ་དུ་ཕྱིན་ཏེ་བུ་མོ་གཉིས་རིམ་བཞིན་ཆུ་ཡུར་ལས་ཡར་བླངས།  

    སྲིད་ཇུས།

  • ཧྲང་ཧའེ་ཡིས་ཇུས་གཞི་པར་འགྲེམ་བྱས་ནས2025ལོར་སླེབས་སྐབས། སློབ་ལོ་ལོན་པའི་བུད་མེད་ལ་ན་སོ་དར་ལ་མ་བབས་པའི་མིའིHPVཡི་རིམས་འགོག་སྨན་ཁབ་རྒྱག་པའི་ཞབས་ཞུ་ཚོད་ལྟ་བྱ་རྒྱུ་དང་ཁྱབ་གདལ་གཏོང་དགོས་ཞེས་བཏོན།    

  • ཧྲའན་ཞིས་ཡིག་ཆ་བཀྲམས་ནས་རྒན་གསོའི་སྒྲིག་གཞིས་ཟླ་རེར་གྲོན་དངུལ་འཇལ་བའི་བྱེད་ཐབས་སྤྱད་དེ་གྲོན་དངུལ་བསྡུ་བའི་སྐུལ་མ་བྱས་ལ།   རྒན་གསོའི་སྒྲིག་གཞིའི་ཞབས་ཞུའི་གྲོན་དངུལ་སྔོན་བསྡུའི་དུས་ཡུན་རིང་ཤོས་ཟླ་བ12ལས་རིང་མི་རུང་།

  • ཧོ་ནན་གྱིས་བྱ་ཐབས་པར་འགྲེམ་བྱས་ནས་ཕྱི་རྒྱལ་གྱི་གནས་སྐོར་ཚོགས་པའི་མི་ཐེངས་ལྟར་སྐུལ་ལྕག་བྱ་དགའ་བཀོད་སྒྲིག་བྱ་རྒྱུ་དང་།    གནས་སྐོར་ལས་དོན་ཁང་གིས་ཕྱི་རྒྱལ་གྱི་གནས་སྐོར་བ་མི་ཐེངས1000དང་དེའི་ཡན་ཧོ་ནན་དུ་དགོང་མ་གཉིས་དང་དེའི་ཡན་ལ་ཞག་སྡོད་བྱེད་དུ་འཇུག་དགོས་པ་མ་ཟད། བླང་བྱ་གཞིར་བཟུང་ཞིབ་མཆན་འགོད་པའི་མ་ལག་གི་རེའུ་མིག་བྲི་དགོས།    

    དེ་རིང་གི་གནམ་གཤིས།     

5.jpg

  • ཞིན་ཅང་གི་བྱང་རྒྱུད་དང་ཁྲོན་ནུབ་ས་མཐོའི་ལྷོ་རྒྱུད་སོགས་སུ་ཁངས་ཆུང་བ་ནས་འབྲིང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད།  དེའི་ནང་ཞིན་ཅང་གི་དབྱི་ལི་ལུང་གཞུང་དང་ཐ་ཁྲེང་སོགས་ཀྱི་ས་ཁུལ་ཁ་ཤས་ལ་ཁ་བ་ཆེན་པོ་འབབ་རྒྱུ་རེད། ཡུན་ནན་གྱི་དབུས་ནུབ་རྒྱུད་དང་། སི་ཁྲོན་གྱི་ལྷོ་རྒྱུད། ཀུའེ་ཀྲོའུ་ཡི་ནུབ་རྒྱུད། ཐའེ་ཝན་གླིང་ཕྲན་གྱི་བྱང་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁག་ཅིག་ལ་ཆར་པ་འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ་རེད། དེའི་ནང་ཡུན་ནན་གྱི་ལྷོ་ནུབ་རྒྱུད་ཀྱི་ས་ཁུལ་ཁག་ཅིག་ལ་དྲག་ཆར་འབབ་རྒྱུ་རེད།


མཉམ་སྤྱོད།