དེ་རིང་ནི2024ལོའི་ཟླ12པའི་ཚེས26ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-12-02 07:19:10   |   304

སྒྲིག་སྒྱུར། མཁའ་འགྲོ་མཚོ།   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • བཟོ་འཕྲིན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་དང་པོ་ནས་བཅུ་པའི་བར་རང་རྒྱལ་གྱི་གཞི་ཁྱོན་ཡན་གྱི་གློག་རྡུལ་ཆ་འཕྲིན་བཟོ་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མ་དེ་དུས་མཚུངས་ལས12.6%འཕར་ཡོད་པ་རེད། 

  • ཀྲུང་གོ་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་བཅུ་པར་རྒྱལ་ཡོངས་ཀྱི་སྤྱི་ཚོགས་ཟོག་འགྲེམས་སྤྱི་འབོར5.7%འཕར་ནས་འཕར་ཚད་དེ་ཟླ་དྲུག་པ་རིང་གི་ཆུ་ཚད་མཐོ་ཤོས་ཡིན་པ་རེད། 

  • ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དང་སྤྱི་བདེ་པུས་ཁག་བཞི་པའི་ས་ཁོངས་བརྒལ་བའི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་གྱོད་གཞི་ཆེན་པོ་བརྒྱད་མུ་མཐུད་དུ་མཉམ་འབྲེལ་ཐོག་སྒོ་བྱང་བཀལ་ནས་བསྒྲུབ་རྒྱུར་གཏན་འབེབས་བྱས། 

  • མིག་སྔའི་བར་རང་རྒྱལ་གྱིས་ཆེད་ཞིབ་ཁྱད་གསར་ཅན་གྱི“གྱད་མི་ཆུང་གྲས”ཀྱི་ཁེ་ལས་ཁྱོན་ཁྲི1.46གསོ་སྐྱོང་བྱས་ཡོད་པ་རེད། 

  • ཚེས2ཉིན་ནས་བཟུང་། འཕྲུལ་སྒུལ་འཁོར་རིགས་ཀྱི་འགྲོ་སྐྱོད་ལག་ཁྱེར་གློག་རྡུལ་ཅན་དུ་བསྒྱུར་རྒྱུ་རྒྱལ་ཡོངས་སུ་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་བ་དང་རྒྱལ་ཡོངས་ཀྱི་འཁོར་བདག་ཚང་མས“འགྲིམ་འགྲུལ་དོ་དམ་12123”APPབརྒྱུད་གློག་རྡུལ་འགྲོ་སྐྱོད་ལག་ཁྱེར་རེ་ཞུ་བྱེད་ཆོག་གི་ཡོད་པ་རེད། 

  • ཚེས1ཉིན། རྒྱལ་ཡོངས་སྨན་བཅོས་འགན་བཅོལ་གྱིས་རླུང་རླན་ཚིགས་ནད་དང་སྙིང་རྩ་རེངས་པའི་ནད་སོགས་སྒོ་བསྟེན་སྨན་བཅོས་ཀྱི་གཅོང་ནད་དང་དམིགས་བསལ་ནད་ཀྱི་འབྲེལ་ཡོད་སྨན་བཅོས་གྲོན་དངུལ་ཞིང་ཆེན་བརྒལ་ནས་ཐད་ཀར་རྩིས་རྒྱག་པའི་ཞབས་འདེགས་དངོས་སུ་ཞུས་པ་རེད། 

1.jpg

  • 2025ལོ་འཁོར་གྱི“རྒྱལ་རྒྱུགས”གྱི་སྤྱི་པའི་སློབ་ཚན་གྱི་ཡིག་རྒྱུགས་དེ་ཚེས1ཉིན་འཚོགས་པ་དང་མི་ཁྲི258.6དངོས་སུ་ཡིག་རྒྱུགས་ནང་ཞུགས་ཡོད་པ་རེད། 

  • ཟླ11པར་རྒྱལ་ཡོངས་སུ་རྒྱལ་སྤྱིའི་ཟོག་འདྲེན་མཁའ་ལམ11གསར་དུ་བཏོད་ཡོད་པ་རེད། 

སྤྱི་ཚོགས། 

  •  དེ་རིང་དང་སང་ཉིན་ཅུང་དྲང་བའི་མཁའ་རླུང་གིས་འབྲི་ཆུའི་དབུས་རྒྱུད་དང་སྨད་རྒྱུད་ཀྱི་བྱང་རྒྱུད་ས་ཁུལ་ལ་མུ་མཐུད་དུ་ཤུགས་རྐྱེན་ཐེབས་ནས་ས་ཁུལ་མང་ཆེ་བའི་དྲོད་ཚད4~6℃བར་མར་ཆག་རྒྱུ་རེད། 

2.jpg

  • བཟོ་འཕྲིན་པུའི་ཆ་འཕྲིན་ལ་གཞིགས་ན། “ལག་ཁྱེར་གཅིག་མཉམ་བཤེར”སྤྱོད་མཁན་གྱི་མིང་ཐོག་ནས་ལག་ཁྱེར་ཁ་པར་གྱི་ཨང་གྲངས་དང་འབྲེལ་བ་ཡོད་པའི་དྲ་སྦྲེལ་ཨང་རྟགས་ཀྱི་ཞིབ་བཤེར་བྱེད་ཆོག་པའི་ཁྱབ་ཁོངས་དེ་ཁག25མང་དུ་བཏང་བ་རེད། 

  • 2025ལོ་འཁོར་གྱི་ཁྲལ་བསྡུའི་ཆེད་དོན་ཟུར་བསྣན་འཐེན་འཕྲིའི་ཆ་འཕྲིན་ཚེས1ཉིན་ནས་བཟུང་གཏན་འཁེལ་བྱ་རྒྱུ་རེད། 

  • དུས་ཡུན་ཟླ་བ་གཅིག་ཡིན་པའི་རྒྱལ་ཡོངས་མི་ཤུགས་ཐོན་ཁུངས་ཁྲོམ་རའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཞབས་ཞུའི་ཆེད་དོན་བྱེད་སྒོ་ཚེས1ཉིན་སྤེལ་མགོ་ཚུགས་པ་རེད། 

  • 2025ལོའི་རྒྱལ་ཡོངས་དམག་བསྡུས(སྐྱེས་པ་དམག)ལོ་སྟོད་ཀྱི་དམག་བསྡུས་ཚེས1ཉིན་ནས་བཟུང་མིང་ཐོ་འགོད་མགོ་བརྩམས་པ་རེད།

  • ལྷོ་ཆུ་བྱང་འདྲེན་དབུས་རྒྱུད་ཀྱི་དུས་ཐེངས་དང་པོའི་ལས་གྲྭས་ཚེས1ཉིན2024ལོ་ནས2025ལོ་འཁོར་གྱི་འཁྱགས་དུས་ཀྱི་ཆུ་འདྲེན་ལས་དོན་སྤེལ་མགོ་ཚུགས་པ་རེད། 

  • ནན་ཅིང་དམར་གསོད་ཆེན་པོའི་ནང་རྐྱེན་ལམ་དུ་ཤོར་མཁན་གྱི་ཁྱིམ་ཚང་ལ་མྱ་ངན་ཞུ་བའི་བྱེད་སྒོ་ཚེས1ཉིན་སྤེལ་མགོ་ཚུགས་པ་རེད། མིག་སྔའི་བརའཇར་པན་དམག་གིས་ཀྲུང་གོར་བཙན་འཛུལ་བྱས་ནས་གནོད་འཚེ་ཕོག་མཁན་རོགས་སྐྱོར་མཐུན་ཚོགས་ཀྱིས་ཐོ་འགོད་བྱས་པའི་འཛམ་གླིང་ནན་ཅིང་དམར་གསོད་ཆེན་པོའི་ནང་སྟེས་དབང་དུ་གསོན་པོར་གནས་པའི་མི32ལས་མེད་པ་རེད། 

  • མཚོ་སྔོན་ཚྭ་ཁ་ཚྭ་མཚེའུ་མཛེས་ལྗོངས་ཁུལ་དུ་ཟླ12ཚེས1ཉིན་ནས་བཟུང་ཟླ་བ་གསུམ་རིང་བསྟུད་མར་སྒོ་འཛིན་མི་དགོས་པ་གཏན་འབེབས་བྱས། 

  • གནས་སྐོར་སྣེ་ཤན་པ་ཆའོ་ལགས་སོགས་མི་གསུམ་གྱིས་ཧེ་ལུང་ཅང་ནས་སྐད་ཆས་འཇིགས་སྐུལ་གྱི་སྒོ་ནས་གནས་སྐོར་བར་བཙན་གྱིས་རང་གྲོན་རང་གཏོང་གི་རྣམ་གྲངས་ཉོ་རུ་བཅུག་པས། ཟླ་བདུན་གྱི་དུས་བཀག་བཙོན་འཇུག་དང་གནས་སྐོར་སྣེ་ཤན་པའི་དཔང་ཡིག་རྩིས་མེད་དུ་བཏང་བ་རེད། 

3.png

  • ཅང་སུའུ་ཝུའུ་ཞིའི་རྒན་པ་ཞིག་ཆར་ཆུའི་ཁྲོན་པའི་ནང་དུ་ལྷུང་དུས་ཉེ་འགྲམ་གྱི་སྤྱི་གཉེར་བདེ་འཇགས་མི་སྣ་ལིའུ་དབྱི་ཧྥུང་གིས་བློ་ཐག་ཆོད་པོས་ཁྲོན་པའི་ནང་དུ་མཆོངས་ནས་རྒན་པོ་དེ་སྲོག་བསྐྱབས་པ་རེད། མིག་སྔར་རྒན་པ་ལ་སྐྱོན་ཆེན་པོ་མེད། 

སྲིད་ཇུས།

  • ཀྲེ་ཅང་གིས་ཉིན་རེར་ཆ་སྙོམས་མི་ཐེངས3000ལས་བརྒལ་བའམ་ཡང་ན་འཛུགས་སྐྲུན་རྒྱ་ཁྱོན་ཁ་སྨི་ཁྲི4ལས་བརྒལ་བ་སོགས་ཀྱི་སྤྱི་པའི་འདུ་གནས་སུ་ཉུང་མཐར་ཡང་རང་འགུལ་ལུས་ཕྱིའི་འདར་སེལ་ཆས(AED)གཅིག་སྒྲིག་སྦྱོར་བྱེད་དགོས་པ་ཁ་གསལ་བཏོན་ཡོད། 

  • ཧུའུ་ནན་གྱིས་རིམ་པ་ཁག་གི་སྲིད་གཞུང་གིས་མ་འཇོག་བྱས་ནས་བསྐྲུན་པའི་རུམ་ཆས་སོགས་གསར་གཏོད་ལས་གཏོད་གཞི་རྟེན30%ལས་མི་ཉུང་བ་བཀོད་སྒྲིག་བྱས་ནས་སློབ་ཆེན་སློབ་མར་རིན་མེད་ངང་འདོན་སྤྲོད་བྱེད་དགོས་པ་གཏན་འབེབས་བྱས་པ་རེད། 

  • ཀུའེ་ཀྲོའུ་ཡིས“ཁམས་དམར་ལེན་ཐབས”སོགས་སྐྱེ་འཕེལ་རམ་འདེགས་རིགས་ཀྱི་སྨན་བཅོས་ཞབས་ཞུའི་རྣམ་གྲངས12སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་ཁྱབ་ཁོངས་ནང་འཇུག་རྒྱུ་ཁ་གསལ་བཏོན་ཡོད། 

དེ་རིང་གི་གནམ་གཤིས། 

4.jpg

  • ཞིན་ཅང་གི་བྱང་རྒྱུད་དང་ལྷོ་ནུབ་རྒྱུད་དང་། ནང་སོག་གི་བྱང་ཤར་རྒྱུད། ཧེ་ལུང་ཅང་གི་ས་ཁུལ་མང་ཆེ་བ། ཅི་ལིན་གྱི་དབུས་ཤར་རྒྱུད། ལིའོ་ཉིང་གི་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁ་བ་ཆུང་ངུ་ནས་འབྲིང་བའམ་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། དེའི་ནང་ནས་ཞིན་ཅང་གི་ཐེན་ཧྲན་ས་ཁུལ་གྱི་ནུབ་རྒྱུད་དང་། ཧེ་ལུང་ཅང་གི་ཤར་རྒྱུད་དང་བྱང་རྒྱུད། ཅི་ལིན་གྱི་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁ་བ་ཆེན་པོ་འབབ་རྒྱུ་རེད། ལིའོ་ཉིང་གི་ཤར་ལྷོ་རྒྱུད་དང་ཧྲའན་ཞི་དབུས་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་བ་སིམ་སིམ་འབབ་རྒྱུ་རེད།


མཉམ་སྤྱོད།