དེ་རིང་ནི2024ལོའི་ཟླ12པའི་ཚེས26ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-12-03 07:29:53   |   241

སྒྲིག་སྒྱུར། མཁའ་འགྲོ་མཚོ།   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།༡.jpg

  • ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བཞི་པའི་སྟེང་འཐབ་ཇུས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་འགན་འཁྲི་འཁུར་ཕོད་པ་བྱས་ཏེ“རྒྱུད་གཅིག་ལམ་གཅིག”གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་། ‍ 

  •  བཟོ་འཕྲིན་པུའི་གྲངས་གཞི་ལས་མངོན་པར། ད་ལོའི་ཟླ་དང་པོ་ནས་བཅུ་པའི་བར་རང་རྒྱལ་གྱི་གཞི་ཁྱོན་ཡན་གྱི་འཁལ་འཐག་ཁེ་ལས་ཀྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་དེ་དུས་མཚུངས་ལས4.4%འཕར་ཡོད་པ་རེད། 

  •  རྒྱལ་ཁབ་ཤེས་བྱའི་ཐོན་དབང་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔར་རྒྱལ་ཡོངས་སུ་རྒྱལ་ཁབ་རིམ་པའི་ཤེས་བྱའི་ཐོན་དབང་སྲུང་སྐྱོང་ལྟེ་གནས75བཙུགས་ཡོད་པ་རེད། 

  •  ད་ལོ་རང་རྒྱལ་གྱི་སྨན་བཅོས་ཡོ་བྱད་བཟོ་ལས་ཁྲོམ་རའི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི1.2ལས་བརྒལ་རྒྱུ་ཡིན་པ་དེ་དུས་མཚུངས་ལས2.2%ཙམ་འཕར་རྒྱུ་ཡིན་པ་རེད། 

  •  སློབ་གསོ་པུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔའི་བར་ས་གནས་ཁག་དང་མཐོ་སློབ་ཁག་གིས་སྐབས2025ཡི་མཐོ་སློབ་སློབ་ཐོན་སློབ་མར་ཕྱོགས་ནས་གདན་ཞུའི་བྱེད་སྒོ་ཆེ་གྲས་ཐེངས་ཁྲི9.2སྤེལ་བ་དང་ལས་ཞུགས་ལས་གནས་ཀྱི་ཆ་འཕྲིན་ཁྲི1964.2ལྷག་ཙམ་མཁོ་འདོན་བྱས་ཡོད་པ་རེད། 

  •  སྐྱེ་ཁམས་ཁོར་ཡུག་པུ་ཡིས་ཉེ་ཆར་ཀོང་ཏུང་གི་ཀོང་ཀྲོའུ་དང་ཀྲེ་ཅང་གི་ཨན་ཅི་སོགས་ས་ཁུལ23རྒྱལ་ཁབ་ཁོར་ཡུག་བདེ་ཐང་དོ་དམ་གྱི་ཚོད་ལྟའི་ས་ཁུལ་ནང་དངོས་སུ་བཅུག་པ་རེད། 

༢.png

  •  ཚེས2ཉིན། རང་རྒྱལ་གྱི་མདོང་རྐྱང་གི་རླངས་འདྲེན་བྱེད་ཚད་ཆེ་ཤོས་ཀྱི་རང་བྱུང་སོལ་རླངས་མདོང་ལམ་ཏེ་ཀྲུང་གོ་དང་ཨུ་རུ་སུའི་ཤར་རྒྱུད་ཀྱི་རང་བྱུང་སོལ་རླངས་མདོང་ལམ་ཧྲིལ་པོ་ཤར་གཏོང་ཐུབ་པ་རེད། 

  •  ཉིན་ཤས་གོང་། ཀྲུང་གོའི་ལྷོ་སྣེའི་རྟོག་ཞིབ་ཐེངས40པའི་ཀྲུང་ཧྲན་ས་ཚིགས་ཀྱི་དགུན་སྒྲོལ་རུ་ཁག་གིས་དུས་ཡུན་ལོ་གཅིག་གི་ཚན་ཞིབ་ལས་འགན་བདེ་བླག་ངང་ལེགས་སྒྲུབ་བྱུང་བ་རེད། 

  •  ཚེས2ཉིན། ལི་ཐུ་ཝན་ནི་ཡ(立陶宛)ཡི་ཕྱི་འབྲེལ་པུས་རང་རྒྱལ་གྱི་ཕྱི་འབྲེལ་མི་སྣ་དུས་བཀག་ནང་རྒྱལ་མཚམས་ནས་ཁ་བྲལ་དགོས་པའི་བླང་བྱ་བཏོན་པར་ཀྲུང་གོའི་ཕྱི་འབྲེལ་པུའི་མགྲིན་ཚབ་པས་འདི་འདྲའི་འཁྲུག་རྐྱེན་སློང་བའི་བྱ་སྤྱོད་ལ་རྒོལ་གཏམ་དྲག་པོ་བཏང་བ་དང་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། 

  •  ཚེས2ཉིན། ཀྲུང་གོའི་མཚོ་ཐོག་ཉེན་རྟོག་ཅུའི་གསར་འགྱུར་མགྲིན་ཚབ་པས་ཧྥི་ལི་ཕིན་གྱི་གྲུ་གཟིངས་ཧོའུ་ཐེང་ཅའོ་མཚོ་ཁུལ་དུ་ཁྲིམས་འགལ་ངང་འདུ་འཛོམས་བྱས་པའི་ཐད་གཏམ་བཤད་སྤེལ་སྟེ། ཀྲུང་གོའི་མཚོ་ཐོག་ཉེན་རྟོག་པས་ཧྥི་ལི་ཕིན་གྱི་གྲུ་གཟིངས་ལ་ཁྲིམས་དང་སྒྲིག་སྲོལ་ལྟར་དགོས་ངེས་ཀྱི་དོ་དམ་ཚོད་འཛིན་བྱ་ཐབས་སྤྱོད་རྒྱུ་ཡིན་ཞེས་བཤད།

 སྤྱི་ཚོགས།

  •  དེ་རིང་འབྲི་ཆུའི་དབུས་རྒྱུད་དང་སྨད་རྒྱུད་ཀྱི་བྱང་རྒྱུད་ས་ཁུལ་ལ་གྲང་རླུང་གིས་མུ་མཐུད་དུ་ཤུགས་རྐྱེན་ཐེབས་ནས་ས་ཁུལ་མང་ཆེ་བའི་དྲོད་ཚད་4℃ནས6℃བར་ཆག་རྒྱུ་ཡིན་པ་རེད། 

  •  ཚེས2ཉིན། རྒྱལ་ཡོངས་ཀྱི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཐེམ་ཞིང་ཆེན་སྒྲོལ་ནས་ཐུན་མོང་ཐོག་རོགས་སྐྱོབ་བྱེད་པའི་ལས་དོན་དངོས་སུ་སྤེལ་མགོ་ཚུགས་པ་རེད།

  • ཚེས1ཉིན་ནས་བཟུང་ཁྲལ་འཇལ་བས་མི་སྒེར་གྱི་ཐོབ་ཁྲལ་གྱིAppབརྒྱུད་ནས་2025ལོ་འཁོར་གྱི་ཁྲལ་བསྡུའི་ཆེད་དོན་ཟུར་བསྣན་འཐེན་འཕྲིའི་ཆ་འཕྲིན་ངོས་འཛིན་བྱེད་ཆོག་པ་རེད། 

  • ཚེས2ཉིན། ཨའོ་མོན་གྱི་ཡང་བའི་ལྕགས་ལམ་ཧེང་ཆིན་ལམ་རྒྱུད་དུ་དངོས་སུ་མེ་འཁོར་ཤར་གཏོང་ཐུབ་ནས་ཀོང་ཏུང་དང་། ཞང་ཀང་། ཨའོ་མོན་བཅས་མཚོ་ཁུག་ཆེན་པོའི་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་སྦྲེལ་མཐུད་ལ་སྔར་བས་སྐུལ་མ་ཐེབས་རྒྱུ་ཡིན་པ་རེད། 

  • རྒྱལ་ཁབ་གསར་སྤེལ་དངུལ་ཁང་གིས“རྒྱལ་གསར་སྔོན་འཛུགས”Appཡིས་རྒྱལ་ཁབ་གསར་སྤེལ་དངུལ་ཁང་གི་མིང་ཐོག་ནས་དྲིལ་བསྒྲགས་རྫུས་མ་བྱས་ཡོད་པས་རྒྱ་ཆེའི་འཛད་སྤྱོད་པ་དང་མ་འཇོག་མཁན་གྱིས་མགོ་སྐོར་འོག་མི་ཚུད་པའི་གསལ་བསྒྲགས་སྤེལ་ཡོད། 

  • ཉིན་ཤས་གོང་རང་རྒྱལ་གྱི་ཚན་ཞིབ་མི་སྣས་ཆུའི་ནང་གི་འགྱིག་རྫས་ཕྲ་རབ་99.8%སེལ་ཐུབ་པའི་རྒྱུ་ཆ་གསར་པ་ཞིག་ཞིབ་བཟོ་བྱས་ཏེ། ཆུའི་ནང་གི་འགྱིག་རྫས་ཕྲ་རབ་སེལ་རྒྱུར་ཐབས་ཇུས་གསར་པ་ཞིག་མཁོ་འདོན་བྱས་ཡོད་པ་རེད། 

༣.jpg

  •  ཉེ་ཆར་གཟི་ཚ་སྡེ་དགུ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དུ་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོབ་ཀྱི་རི་སྐྱེས་སྲོག་ཆགས་རྩྭ་གཡི་ཤེས་རྟོགས་བྱུང་བ་རེད།

༤.png

  •  ཀྲེ་ཅང་ཅིན་ཧྭ་ཡི་འདྲུད་འཁོར་ཞིག་ལ་མེ་ཤོར་སྐབས་ཆུ་ཐོན་དངོས་རིགས་སྦྱིན་བདག་ཐུང་ལིན་སུང་གིས་འཕྲལ་དུ་ཉ་བླུགས་སའི་ཆུ་སྒམ་ནས་ཆུ་བླངས་ཏེ་མེ་བསྐྱབས། དེ་རྗེས་མེ་ཟོན་མི་སྣ་དངོས་སུ་ཐོན་ནས་མེ་ཚོད་འཛིན་བྱས་པ་རེད། 

 སྲིད་ཇུས།

  •  ཧོ་པེས་ལོ་གོང་མར་བཟོ་ལས་སྤྱོད་ཆུ་དེ་རྒྱལ་ཁབ་བཅད་གྲངས་ཀྱི་སྔོན་ཐོན་རིན་ཐང་ལ་སླེབས་པའི་ཁེ་ལས་ལ་ལོ་འཁོར་འདིའི་ཆུའི་ཐོན་ཁུངས་ཀྱི་དཔྱ་ཁྲལ20%ཆག་ཡང་གཏོང་རྒྱུའི་ཡིག་ཆ་བཀྲམས་པ་རེད།

  • ཧུའུ་ནན་གྱིས་ཁྲོམ་སྲང(ཡུལ་ཚོ་དང་གྲོང་རྡལ)གིས་ཉུང་མཐར་ཡང་གཞི་ཁྱོན་ངེས་ཅན་ལྡན་པའི་རྒན་གསོའི་ཞབས་ཞུའི་སྒྲིག་བཀོད་གཅིག་མཁོ་འདོན་དང་། ནུས་པ་ཤོར་བར་ལྟ་རྟོག་དང་རྒན་རྒོན་གྱི་ཟ་ཁང་སོགས་ཀྱི་ཕྱོགས་བསྡུས་ཞབས་ཞུ་མཁོ་འདོན་བྱ་དགོས་པའི་བརྡ་ཐོ་པར་འགྲེམས་བྱས།

  •  ཁྲུང་ཆིང་གིས་དངུལ་བུན་འཇལ་མཁན་གྱི་ཁྱིམ་ཚང་གིས་སྡོད་ཁང་གི་སྤྱི་གསོག་མ་དངུལ་གྱི་མི་སྒེར་གྱི་སྡོད་ཁང་དངུལ་བུན་ཐེངས་དང་པོ་གཙང་འཇལ་ཟིན་པ་མ་ཟད། ཆུས་རྫོང(རང་སྐྱོང་རྫོང)ནས་སྡོད་ཁང་མེད་པའི་རིགས་ཀྱིས་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་མི་སྒེར་གྱི་སྡོད་ཁང་དངུལ་བུན་རེ་ཞུ་བྱེད་སྐབས་སྡོད་ཁང་དང་པོའི་ཚད་གཞི་ལྟར་ལག་བསྟར་བྱ་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད་པ་རེད། 

 དེ་རིང་གི་གནམ་གཤིས། 

༥.png

  •  ནང་སོག་གི་བྱང་ཤར་རྒྱུད་དང་། ཧེ་ལུང་ཅང་གི་བྱང་རྒྱུད། ཞིན་ཅང་གི་བྱང་ཤར་ཁུལ་སོགས་ས་ཁུལ་ཁ་ཤས་སུ་ཁ་བ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་རེད། ཧོ་ནན་གྱི་ལྷོ་རྒྱུད་དང་། ཧུའུ་པེའི་ནུབ་རྒྱུད། ཧྲའན་ཞི་ཡི་ལྷོ་རྒྱུད། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད། ཀྲེ་ཅང་གི་ལྷོ་རྒྱུད། ཧྥུ་ཅན་གྱི་བྱང་ཤར་རྒྱུད། ཀོང་ཞིའི་ནུབ་བྱང་རྒྱུད། ཐའེ་ཝན་གླིང་ཕྲན་གྱི་ས་ཁུལ་མང་ཆེ་བ་སོགས་སུ་ཆར་ཆུང་ནས་འབྲིང་བའི་བར་འབབ་རྒྱུ་རེད།


མཉམ་སྤྱོད།