དེ་རིང་ནི2024ལོའི་ཟླ12པའི་ཚེས26ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-12-04 07:33:16   |   230

སྒྲིག་སྒྱུར། མཁའ་འགྲོ་མཚོ།   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

1.jpg

  • ཟླ12ཚེས3ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་གི་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཁམ་ཕུ་ཁྲེའི་མི་དམངས་ཏང་གི་ཀྲུའུ་ཞི་དང་གྲོས་ཁང་གོང་མའི་ཀྲུའུ་ཞི་ཧུང་སེན་དང་གྲོས་མོལ་གནང་བ་རེད། 

2.jpg

  • ཟླ12ཚེས3ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་གི་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་བལ་བོའི་རྒྱལ་ཁབ་ཀྱི་ཙུང་ལི་ཨའོ་ལི་དང་མཇལ་འཛོམས་གནང་བ་རེད། 

  • ཟླ12ཚེས3ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས2024ལོར“ཀྲུང་གོ་ཤེས་རྟོགས་བྱེད”ཅེས་པའི་རྒྱལ་སྤྱིའི་ཚོགས་འདུར(ཀོང་ཀྲོའུ)རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད། 

  • ཟླ12ཚེས3ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས2024ལོའི་འཛམ་གླིང་གི་སྲོལ་རྒྱུན་གསོ་རིག་སྨན་རྫས་ཚོགས་ཆེན་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད། 

  •  《ཞི་ཅིན་ཕིང་གི་རིག་གནས་ཀྱི་བསམ་བློར་སློབ་སྦྱོང་བྱ་རྒྱུའི་རྩ་གནད》ཅེས་པའི་དཔེ་དེབ་འདི་སློབ་སྦྱོང་དཔེ་སྐྲུན་ཁང་དང་མི་དམངས་དཔེ་སྐྲུན་ཁང་གིས་མཉམ་འབྲེལ་ཐོག་པར་དུ་བསྐྲུན་ཟིན་པས་དེ་རིང་ནས་བཟུང་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱ་རྒྱུ་རེད། 

  • ཉེ་ཆར་ཚོང་དོན་པུ་སོགས་སྡེ་ཚན9ཡིས་ཡིག་ཆ་བཀྲམས་ནས2027ལོར་སླེབས་སྐབས་ཕྱི་ནང་སྦྲེལ་མཐུད་དང་། གྲོང་ཁྱེར་དང་གྲོང་གསེབ་སྦྲེལ་མཐུད། ཐོན་ཚོང་སྦྲེལ་མཐུད། ནུས་ཆེ་ཤར་གཏོང་བཅས་ཀྱི་དེང་རབས་ཚོང་དོན་འཁོར་རྒྱུག་མ་ལག་ཅིག་གཞི་རྩའི་ཆ་ནས་བསྐྲུན་ཐུབ་པ་བྱ་རྩིས་ཡོད་པ་རེད། 

  • ད་ལོའི་ཟླ11པའི་ཟླ་མཇུག་བར་རྒྱལ་ཡོངས་སུ་དཀའ་ངལ་ཡོད་པ་དང་དབང་པོ་སྐྱོན་ཅན་ཚབས་ཆེན་གྱི་ཁྱིམ་ཚང་ཁྲི117.76ལ་གེགས་མེད་སྒྱུར་བཀོད་བྱས་ནས“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”ལས་འགན་སྔ་སྣུར་དུ་ཚད་བརྒལ་ངང་ལེགས་སྒྲུབ་བྱུང་བ་རེད། 

3.jpg

  • ཚེས3ཉིན་གྱི་ཆུ་ཚོད13དང་སྐར་མ56ཐོག་རང་རྒྱལ་གྱིས་ཞི་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་ཨང་གསུམ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཁ་པ་སྤྱད་དེ་འཕྲིན་གཏོང་ལག་རྩལ་ཚོད་ལྟའི་སྲུང་སྐར་ཨང་བཅུ་གསུམ་པ་མཁའ་དབྱིངས་སུ་འཕེན་གཏོང་བྱས་པ་རེད། 

  • ཚེས2ཉིན། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ལ་ཧོང་ཡན་གླིང་ཕྲན་གྱི་མངའ་ཁོངས་རྒྱ་མཚོའི་གཞི་རྟེན་ཐིག་ཚད་ཀྱི་གསལ་བསྒྲགས་དང་རྒྱ་མཚོའི་ས་བཀྲ་རྩིས་སྤྲད་པ་རེད། 

སྤྱི་ཚོགས།

  •  ཉེ་ཆར་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་དོན་པུ་དང་ནོར་སྲིད་པུས་བརྡ་ཐོ་བཏང་ནས2024ལོའི་ཟླ8ཚེས1ཉིན་ནས་བཟུང་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་ཁག་གཅིག་དང་གཟིགས་སྐྱོང་བྱ་ཡུལ་གཞན་དག་སོགས་ཀྱི་གཟིགས་སྐྱོང་དངུལ་དང་འཚོ་བའི་ཁ་གསབ་ཀྱི་ཚད་གཞི་སླར་ཡང་མཐོ་རུ་གཏོང་རྒྱུ་ཁ་གསལ་བཏོན་ཡོད། 

  • རྒྱལ་ཁབ་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱིས་སྡོད་བཅོས་སྨན་པ་ཚད་ལྡན་ཅན་གྱི་གསོ་སྦྱོང་ལམ་ལུགས་ལག་བསྟར་བྱས་བའི་ལོ་བཅུའི་རིང་སྡོད་བཅོས་སྨན་པ་ཁྲི107གསོ་སྦྱོང་བྱས་ཡོད་པ་རེད། 

  • རྒྱལ་ཁབ་ཤེས་བྱའི་ཐོན་དབང་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ10པའི་ཟླ་མཇུག་བར་རྒྱལ་ནང་དུ་ནུས་ལྡན་ངང་གསར་གཏོད་ཀྱི་ཆེད་ཁེ་བདག་ཐོབ་ལྡན་ཚད་ཁྲི466ཟིན་ཡོད་པ་རེད། 

  • ཚེས3ཉིན་འཛམ་གླིང་གི་བྱ་སྒྲོའི་སྤོ་ལོའི་མཉམ་འབྲེལ་ཚོགས་པས་ཨོ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་ཐོབ་མཁན་ཀྲུང་གོའི་བྱ་སྒྲོའི་སྤོ་ལོའི་རུ་ཁག་གི་རུ་མི་ཀྲན་ལུང2024ལོའི་འཛམ་གླིང་བྱ་སྒྲོའི་སྤོ་ལོའི་མིང་འབྲེལ་ཚོམས་ཆེན་ནང་བདམས་ཐོན་བྱུང་བ་ཁྱབ་བསྒྲགས་བྱས། 

  • ཚེས3ཉིན་གྱི་སྔ་དྲོ་རང་རྒྱལ་གྱིས་བཟོས་པའི་གནམ་གྲུ་ཆེ་གྲསC919ཡིས་འཕུར་སྐྱོད་ཀྱི་ལས་འགན་ལག་བསྟར་གནང་བའིMU5421གནམ་གྲུ་བདེ་བླག་ངང་ཁྲུང་ཆིང་དུ་འབྱོར་བ་དང་། དེ་ཐོག་ནས་རང་རྒྱལ་གྱིས་བཟོས་པའི་གནམ་གྲུ་ཆེ་གྲསC919ཡི་ཁྲུང་ཆིང་གི་ཚོང་ལས་གནམ་གྲུ་ཐོག་མ་དེ་དངོས་སུ་ཤར་གཏོང་ཐུབ་པ་མཚོན་ཡོད་པ་རེད། 

4.jpg

  • ཚེས3ཉིན་ཧྲང་ཧའེ་རྟེན་མཛོད་ཁང་གི་འགྲེམས་ཁང་ཤར་མ་ཕྱོགས་ཡོངས་ནས་སྒོ་ཕྱེ་ནས་རིག་དངོས་ཁྲི1.5ལྷག་ཙམ་འགྲེམས་སྟོན་བྱས་པ་རེད། 

640.gif

  • ཅང་སུའུ་དབྱང་ཀྲོའུ་ཡི་བྱིས་པ་བུ་མོ་ཞིག་སེམས་ཆུང་མ་བྱས་པར་ཆུར་ལྷུངས། ལོ་62ལ་སླེབས་པའི་ཏོན་ཧའེ་ཆིན་མཐོང་རྗེས་དེ་མ་ཐག་ཆུ་ནང་དུ་མཆོངས་ཏེ་སྐྱོབ་ཐབས་བྱས། མཐར་ཉེ་འཁོར་གྱི་གནས་སྐོར་བའི་སྟོབས་ཤུགས་གཅིག་སྒྲིལ་གྱིས་རོགས་སྐྱོར་བྱས་ནས་བྱིས་པ་བུ་མོ་དེ་བསྐྱབས་པ་རེད། 

སྲིད་ཇུས། 

  • པེ་ཅིང་གིས་སྐྱེལ་འདྲེན་གྱི་མགོ་འཛུགས་ས་དང་མཇུག་རྗོགས་ས་ཚང་མ་པེ་ཅིང་གྲོང་ཁྱེར་གྱི་སྲིད་འཛིན་ས་ཁོངས་ནང་ནས་མེད་པའི་ཕྱི་རོལ་གྲོང་ཁྱེར་གྱི་ཉེན་ཡོད་རྫས་འགྱུར་དངོས་རྫས་རླངས་འཁོར་དེ་པེ་ཅིང་གྲོང་ཁྱེར་གྱི་སྲིད་འཛིན་ས་ཁོངས་ནང་གི་འགྲོ་ལམ་བསྐྱོད་མི་ཆོག་པའི་བརྡ་ཁྱབ་བཏང་། 

  • ཐེན་ཅིན་གྱིས་རྒན་གསོ་བདག་སྐྱོང་གི་ལས་ཀ་བསྟུད་མར་ལོ10བྱས་པའི་ལས་མིར་འབྱུང་འགྱུར་གཞུང་བཙུགས་རྒན་གསོའི་སྒྲིག་གཞིར་སྡོད་དགོས་སྐབས་མི་དེ་རང་ལ་སྔོན་ལ་རེས་སྐོར་སྒུག་པའི་ཐོབ་ཐང་སྤྲོད་རྒྱུ་ཡིན་པའི་བསམ་འཆར་ཡོངས་བསྒྲགས་བྱས། 

  • ཅང་སུའུ་ཡིས་ཞིང་ཆེན་ཕྱི་ནང་གི་མཐོ་རིམ་སློབ་གྲྭ་དང་། ཚན་ཞིབ་ཁང་གིས་ཚན་རྩལ་གྲུབ་འབྲས་ཁེ་ལས་ལ་སྤྱོད་དུ་འཇུག་རྒྱུའི་ལྕག་སྐུལ་བྱས་པ་དང་། ཕྱོགས་གཉིས་པོས“སྒོ་ཐེམ་མེད་པའི་དངུལ་དང་དུས་མཚམས་རང་བཞིན་གྱི་གཏོང་སྤྲོད། ཡོང་འབབ་ཆ་བགོས་བཅས་ཟུང་དུ་འབྲེལ་བ”འམ“གཏོང་སྤྲོད་དུས་འགྱངས་བྱེད་པ”སོགས་ཀྱི་བྱེད་ཐབས་སྤྱད་ནས་ཆོག་འཐུས་གྲོན་དངུལ་སྤྲོད་ཆོག་པའི་བརྡ་ཐོ་ཡོངས་བསྒྲགས་བྱས། 

དེ་རིང་གི་གནམ་གཤིས། 

6.jpg

  •  ཞིན་ཅང་གི་ཐེན་ཧྲན་རི་བོའི་ས་ཁུལ་དང་། ནང་སོག་གི་བྱང་ཤར་རྒྱུད། ཧེ་ལུང་ཅང་གི་ས་ཁུལ་ཕལ་ཆེ་བ། སི་ཁྲོན་ནུབ་རྒྱུད་ས་མཐོའི་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁ་བ་ཆུང་བའམ་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། ནུབ་བྱང་ས་ཁུལ་གྱི་ཤར་ལྷོའི་རྒྱུད་དང་། ཧོང་ཧོའེ་ཡི་ལྷོ་རྒྱུད། ཅང་ཧའེ། ཅང་ཧན། འབྲི་ཆུའི་ལྷོ་རྒྱུད་ཀྱི་ནུབ་རྒྱུད། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད། ཀོང་ཞིའི་ནུབ་བྱང་རྒྱུད། ཧྥུ་ཅན་གྱི་བྱང་རྒྱུད། ཐའེ་ཝན་གླིང་ཕྲན་གྱི་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་བ་ཆུང་བ་ནས་འབྲིང་བ་འབབ་རྒྱུ་རེད། དེའི་ནང་ཐའེ་ཝན་གླིང་ཕྲན་གྱི་བྱང་ཤར་རྒྱུད་དུ་ཆར་བ་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།