དེ་རིང་ནི2024ལོའི་ཟླ12པའི་ཚེས26ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-12-05 07:32:26   |   209

སྒྲིག་སྒྱུར། མཁའ་འགྲོ་མཚོ།   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ད་ལོའི་ཟླ་དང་པོ་ནས་ཟླ་བཅུ་གཅིག་པའི་བར་རྒྱལ་ཡོངས་ལྕགས་ལམ་གྱིས་རིམ་རྩིས་བྱས་ན་འགྲུལ་པ་མི་ཐེངས་དུང་ཕྱུར40.08སྐྱེལ་འདྲེན་བྱས་པ་དང་། ལོ་འཁོར་དུ་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་དུང་ཕྱུར40ཡི་འགག་སྒོ་ཆེན་པོ་ལས་ཐོག་མར་བརྒལ་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད། 

  •  ཀྲུང་གོ་འཕྲུལ་ཆས་བཟོ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་བཅུ་པའི་བར་འཕྲུལ་ཆས་བཟོ་ལས་ཀྱི་རིན་ཐང་འཕར་མ་དེ་དུས་མཚུངས་ལས5.5%འཕར་ཡོད་པ་རེད། 

  • རྒྱལ་ཁབ་དངུལ་རྩ་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་ཞིང་ལས་འགན་བཅོལ་གྱིས་འགན་བཅོལ་ནང་ཞུགས་མཁན་གྱི་ཞིང་དུད་དུང་ཕྱུར1.36ལ་ཉེན་ཁའི་འགན་ལེན་སྒོར་དུང་ཕྱུར་ཁྲི4.3འདོན་སྤྲོད་བྱས་པ་རེད། 

  • རྒྱལ་ཁབ་གསར་སྤེལ་དངུལ་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་བཅུ་གཅིག་པའི་བར་དུས་ཡུན་རིང་འབྲིང་གི་དངུལ་བུན་སྒོར་དུང་ཕྱུར2730བཏང་ནས་གྲོང་ཁྱེར་གསར་སྒྱུར་ལ་རྒྱབ་སྐྱོར་བྱས་ཡོད་པ་རེད། 

  •  ཀྲུང་གོ་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ11པར་རང་རྒྱལ་གྱི་ཟོག་འགྲེམས་ལས་རིགས་ཀྱི་དར་རྒྱས་སྟོན་གྲངས52.8%ཟིན་པ་དེ་ཟླ་བ་གོང་མ་ལས་བརྒྱ་ཆའི་གྲངས0.2འཕར་ཡོད་པ་རེད། 

  • ཚེས4ཉིན། “ལུགས་རྙིང་ལོ་གསར-ཀྲུང་གོ་བས་སྲོལ་རྒྱུན་ལོ་གསར་ལ་རྟེན་འབྲེལ་ཞུ་བའི་སྤྱི་ཚོགས་ལག་ལེན”དེ་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས་ཀྱི་མིང་གཞུང་ནང་བཅུག་པ་རེད། 

  •  སློབ་གསོ་པུས་སློབ་གྲྭ་ཆུང་འབྲིང་གི་མི་ཐབས་རིག་ནུས་སློབ་གསོའི་ལག་བསྟར་ཐབས་ལམ་འཚོལ་ཞིབ་བྱས་ནས་སློབ་གྲྭ་ཆུང་འབྲིང་གི་མི་ཐབས་རིག་ནུས་སློབ་གསོར་ཤུགས་སྣོན་རྒྱག་དགོས་པའི་ཡིག་ཆ་བཀྲམས།

1.png

  • ཚེས4ཉིན་གྱི་ཆུ་ཚོད12དང་སྐར་མ46ཐོག་རང་རྒྱལ་གྱིས་ཞི་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་མྱུར་གྲུ་ཨང་དང་པོ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཀ་པ་སྤྱད་དེ་མཚོ་དམག་སོ་ལྟ་དང་པོ་རྟགས་ཅན་གྱི་སྲུང་སྐར་བདེ་བླག་ངང་འཕེན་གཏོང་བྱས། 

  •  ཀྲུང་གོའི་རྒྱ་མཚོའི་རྡོ་སྣུམ་གྱི་གནས་ཚུལ་ལ་གཞིགས་ན། རང་རྒྱལ་པོའོ་ཧའེ་རུ་གནས་པའི་མཚོ་ཐོག་གི་རིམ་མང་སྣུམ་འཚག་གསར་སྤེལ་རྣམ་གྲངས་ཐོག་མ་དེ་ཉེ་ཆར་དངོས་སུ་ཐོན་སྐྱེད་བྱེད་མགོ་ཚུགས་པ་དང་། སྔོན་དཔག་བྱས་ན་ཐོན་ཚད་མང་ཤོས་སྐབས་ཉིན་རེར་མ་བཅོས་རྡོ་སྣུམ་ཏུན2600ཙམ་ཐོན་རྒྱུ་ཡིན་པ་རེད། 

  • ཚེས4ཉིན། ཀྲུང་གོའི་མཚོ་ཐོག་ཉེན་རྟོག་ཅུའི་གསར་འགྱུར་མགྲིན་ཚབ་པས་ཧྥི་ལི་ཕིན་གྱི་གྲུ་གཟིངས་ཀྱིས་བསམ་བཞིན་དུ་ཀྲུང་གོའི་མཚོ་ཐོག་ཉེན་རྟོག་གྲུ་གཟིངས་ལ་གདོང་ཐུག་བརྒྱབ་པའི་སྐོར་ལ་གཏམ་བཤད་གནང་སྟེ། ཀྲུང་གོའི་མཚོ་ཐོག་ཉེན་རྟོག་པས་ཧྥི་ལི་ཕིན་གྱི་གྲུ་གཟིངས་ལ་ཁྲིམས་དང་སྒྲིག་སྲོལ་ལྟར་དོ་དམ་ཚོད་འཛིན་བྱ་རྒྱུ་ཡིན་ཞེས་བཤད།

 སྤྱི་ཚོགས།

2.jpg

  • ཚེས5ཉིན་གྱི་སྔ་དྲོ་ཧོ་པེ་དང་། ཧོ་ནན། ཧྲན་ཏུང་། ཨན་ཧུའེ་སོགས་ཀྱི་ས་ཁུལ་ཁག་གཅིག་ཏུ་མཐོང་ཐུབ་ཚད་སྨི500ལས་དམའ་བའི་སྨུག་པ་སྟུག་པོ་ཡོད་པ་དང་། ས་ཁུལ་ཁག་གཅིག་ཏུ་མཐོང་ཐུབ་ཚད་སྨི200ལས་དམའ་བའི་སྨུག་པ་སྟུག་པོ་ཡོད་པ་རེད། 

  • རྒྱལ་ཁབ་གནམ་གཤིས་ལྟེ་གནས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་སྟོན་དུས་སུ་རྒྱལ་ཡོངས་ཀྱི་ཆ་སྙོམས་དྲོད་ཚད11.8℃ཡིན་པ་དེ1961ལོར་གནམ་གཤིས་ལྟ་ཞིབ་ཚད་ལེན་གྱི་ཐོ་འགོད་ཆ་ཚང་བྱས་པ་ནས་བཟུང་ལོ་རྒྱུས་ཀྱི་དུས་མཚུངས་ལས་ཆ་སྙོམས་དྲོད་ཚད་མཐོ་ཤོས་ཡིན་པ་རེད། 

  • རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུ་ཡིས་བརྡ་ཁྱབ་བཏང་སྟེ། ཧྥ་ཚའེ་ཏི་སྐྲ་འཁྲུ་འདག་རྫས་སོགས་བྱུག་རྫས་ཁག15ལས་སྤྱོད་མི་ཆོག་པའི་མ་བཅོས་རྒྱུ་ཆ་ཡོད་པ་ཞིབ་བཤེར་བྱས། 

  • ཚེས4ཉིན། རང་རྒྱལ་གྱིས་བཟོས་པའིC919རྟགས་ཅན་གྱི་གནམ་གྲུ་ཆེ་མོར“ཧྲང་ཧའེ་ཧུང་ཆའོ་ནས་ཝུའུ་ཧན་ཐེན་ཧོ”བར་གྱི་མཁའ་ལམ་གསར་པ་བསྣན་ཡོད། 

3.jpg

  •  སྐད་གྲགས་ཆེ་བའི་རྩོམ་པ་པོ་ཆུང་ཡའོ(琼瑶)ཚེས4ཉིན་ཐའེ་ཝན་ཏན་ཧྲུའེ་ཡི་ཁྱིམ་དུ་ཚེ་ལས་འདས། དགུང་ལོ86ཡིན། 

  • རང་རྒྱལ་གྱི་ཚན་རིག་མཁས་ཅན་གྱིས་རུས་པ་ཉམས་གསོ་མགྱོགས་སུ་གཏོང་ཐུབ་པའི་འཇུག་རྒྱུ་ཞིབ་བཟོ་བྱས། 

4.jpg

  • ཉེ་ཆར་རི་སྐྱེས་སྲོག་ཆགས་བྱང་ཤར་སྟག་ལོ30ཡི་རྗེས་སུ་སླར་ཡང་ཁྲང་པའེ་རི་བོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་མངོན་པ་རེད། 

  •  ཨན་ཧུའེ་ཁྲུའུ་ཀྲོའུ་ཉེན་རྟོག་ཕྱོགས་ཀྱིས་མརྒད་ཐད་གཏོང་བརྒྱུད་ནས་འཚོང་བའི་ཁ་བསླུས་རྒྱག་པའི་གྱོད་གཞི་ཚབས་ཆེན་ཞིག་རྩད་ཆོད་པ་དང་གྱོད་འབྲེལ་དངུལ་སྒོར་ཁྲི1500ལྷག་ཙམ་ཟིན་ཡོད་པ་རེད། 

640.gif

  •  ཧོ་ནན་ཀྲེང་ཡའོ་ཡི་མྱུར་བགྲོད་གཞུང་ལམ་ནས་ཟོག་འདྲེན་རླངས་འཁོར་ཞིག་གཞོགས་ངོས་ནས་མགོ་རྟིང་ལོག་སྐབས། ལམ་འགྲོ་བ་ཧའོ་གོ་ལི་དང་ཏོན་ཡུན་ཕུང་གིས་མྱུར་དུ་རླངས་འཁོར་བསྡད་ནས་མི་བསྐྱབས། ཧའོ་གོ་ལི་ཡིས་ད་དུང་འཕྲལ་སྡོམ་འཁོར་ལམ་སྟེང་དུ་ལྭ་བ་ཡང་ཡང་གཡུག་ནས་འགྲོ་འོང་གི་རླངས་འཁོར་ལ་ལམ་སྐྱོང་མི་སྣ་འབྱོར་བར་དྲན་སྐུལ་བྱས་པ་རེད། 

སྲིད་ཇུས།

  • ཀྲེ་ཅང་གིས་རྩ་དོན་ཐོག་གྲོང་ཁྱེར་དུ་སྤྱི་ལེ3ལས་ཆུང་བ་དང་། གྲོང་གསེབ་ས་ཁུལ་དུ་སྤྱི་ལེ8ནས10བར་རམ་ཡང་ན་སྒྲིག་གཞི་ཚང་བའི་ཡུལ་གྲོང་དུ་ཉུང་མཐར་ཡང་མྱུར་སྐྱོབ་ས་ཚིགས1འཛུགས་དགོས་པའི་བླང་བྱ་བཏོན། 

  • ཧོ་པེས་འབྲས་སྐྲན་དང་སྦྲུམ་རྒྱུའི་གདོད་འགོག་ཚད་འཇལ་གཏན་འཁེལ་སོགས་སྨན་བཅོས་ཞབས་ཞུའི་རྣམ་གྲངས10ཡི་རིན་གོང་དམའ་རུ་གཏོང་རྒྱུ་ཡིན་པ་ཁ་གསལ་བཏོན།

  • ཧའེ་ནན་གྱིས་སྲིད་གཞུང་གིས་གསར་སྤེལ་བྱས་པའི་དབང་པོ་སྐྱོན་ཅན་ལ་འཚམ་པའི་སྤྱི་ཕན་རང་བཞིན་གྱི་ལས་གནས་སུ10%ལས་མི་ཉུང་བའི་བསྡུར་ཚད་གཞིར་བཟུང་ནས་དབང་པོ་སྐྱོན་ཅན་སྔོན་ལ་ལས་ཞུགས་བཀོད་སྒྲིག་བྱ་རྒྱུ་ཡིན་པ་ཁ་གསལ་བཏོན། 

དེ་རིང་གི་གནམ་གཤིས། 

5.jpg

  • ནང་སོག་གི་བྱང་ཤར་རྒྱུད་དང་། ཧེ་ལུང་ཅང་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁ་བ་ཆུང་ངུ་ནས་འབྲིང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། ཨན་ཧུའེ་ཡི་དབུས་ལྷོ་རྒྱུད་དང་། ཅང་སུའུ་ཡི་ལྷོ་རྒྱུད། ཧྲང་ཧའེ། ཀྲེ་ཅང་། ཧུའུ་པེའི་ས་ཆ་མང་ཆེ་བ། ཧུའུ་ནན་གྱི་ས་ཆ་མང་ཆེ་བ། ཅང་ཞིའི་བྱང་རྒྱུད། སི་ཁྲོན་ནུབ་རྒྱུད་ས་མཐོའི་ཤར་རྒྱུད། སི་ཁྲོན་གཤོང་སའི་ཤར་རྒྱུད།  ཁྲུང་ཆིང་། ཀུའེ་ཀྲོའུ། ཡུན་ནན་གྱི་ཤར་རྒྱུད། ཀོང་ཞིའི་ནུབ་བྱང་རྒྱུད། ཧའེ་ནན་གླིང་ཕྲན་གྱི་ཤར་རྒྱུད། ཐའེ་ཝན་གླིང་ཕྲན་གྱི་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་བ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་། ས་ཆ་ཁ་ཤས་སུ་ཆར་བ་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།