དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-12-09 06:17:33   |   179

སྒྲིག་སྒྱུར། ཀླུ་མོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།  


གསར་འགྱུར་གལ་ཆེན། 

  • ཀྲུང་གུང་ཀྲུང་དབྱང་གི་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི་བློ་མཐུན་ཞི་ཅིན་ཕིང་གི《མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གླེང་བ》ཞེས་པ་དེ། ཉེ་ཆར་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔར་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམ་སྤེལ་བྱས།  

  • གྲངས་གཞི་ལས་མངོན་པ་ལྟར་ན། ཟླ་དང་པོ་ནས་བཅུ་པའི་བར་དམངས་སྤྱོད་མཁའ་འགྲུལ་ལས་རིགས་ཡོངས་ཀྱི་ཟོག་འདྲེན་དངོས་ཟོག་ཏུན་ཁྲི729.8ཡིན་པ་དེ་2019ལོའི་དུས་མཚུངས་ལས19.3%འཕར་ཡོད་པ་རེད།  

  • བཟོ་ལས་དང་ཆ་འཕྲིན་ཅན་པུས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་དུ་ཆེད་ལས་དང་། སྤུས་ལེགས། ཁྱད་ལྡན། གསར་བ་བཅས་ཡིན་པའི་ཁེ་ལས་འབྲིང་ཆུང་ཁྲི14ལས་བརྒལ་འདུག

33bcaa94dccaa821b2e5737ff206757.jpg

  • ཀྲུང་གོ་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པ་ལྟར་ན། ཟླ11པར་ཀྲུང་གོའི་དྲ་ཐོག་ཚོང་དོན་གྱི་ཟོག་འགྲེམས་སྟོན་གྲངས115.5ཡིན་པ་དེ་ཟླ་བ་གོང་མ་ལས0.5མཐོ་རུ་ཕྱིན་ནས། ཉེ་བའི་ལོ7ནང་གི་ཟིན་ཐོ་གསར་པ་བཏོད་ཡོད།  

  • སྤྱི་བདེ་པུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོ་ཉེན་རྟོག་ཕྱོགས་ཀྱིས་དཔལ་འབྱོར་ཉེས་གསོག་གྱོད་གཞི་ཁྲི6.2རྩད་ཆོད་པ་དང་གྱོད་འབྲེལ་དངུལ་འབོར་སྒོར་དུང་ཕྱུར7295.1ཡོད་པ་རེད།  

  • ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་གི་གྲངས་གཞི་ལས་མངོན་པ་ལྟར་ན། ཟླ10ཚེས1ཉིན་ནས་སྟོན་འབྲུ་ཉོ་སྒྲུབ་བྱེད་མགོ་ཚུགས་པ་ནས་ཟླ11ཚེས30ཉིན་བར། རིམ་རྩིས་བྱས་ན་སྟོན་འབྲུ་ཉོ་སྒྲུབ་དངུལ་བུན་སྒོར་དུང་ཕྱུར739བཏང་བ་དང་། ཁེ་ལས་ཀྱིས་སྟོན་འབྲུ་རྒྱ་མ་དུང་ཕྱུར1408ཉོ་སྒྲུབ་བྱ་རྒྱུར་རྒྱབ་སྐྱོར་བྱས་པ་རེད།  

  • ཉེ་ཆར་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས《ཕྱིར་འཚོང་བཟའ་བཏུང་ཆུད་ཟོས་ལ་སྔོན་འགོག་བྱེད་པའི་གཉེར་ཚོང་བྱ་སྤྱོད་ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད》ཁྱབ་བསྒྲགས་བྱས།  

  • ཚེས8ཉིན། ཨུ་རུ་སུའི་ཕྱི་འབྲེལ་པུས་ཨ་ས་ཏེས་སི་རི་ཡའི་གདོང་ཐུག་ཕྱོགས་མང་པོ་དང་གྲོས་མོལ་བྱས་རྗེས་ཙུང་ཐུང་གི་གོ་གནས་དགོངས་ཞུ་བྱས་པ་དང་སི་རི་ཡ་ནས་ཁ་བྲལ་བ་མ་ཟད། ཞི་བའི་ངང་དབང་ཆ་རྩིས་སྤྲོད་བྱ་རྒྱུའི་བཀའ་བཏང་ཡོད་ཅེས་བཤད་པ་རེད།  

  • ཚེས8ཉིན། ལྷོ་ཁོ་རེ་ཡའི་སྲིད་དབང་བཟུང་མེད་པའི་ཏང་ཆེ་ཤོས་ཀྱི་ཐུན་མོང་དམངས་གཙོ་ཏང་གི་མགོ་གཙོ་ལི་ཙུའེ་མིང་གིས་ཚེས14ཉིན་རྒྱལ་ཚོགས་ཐོག ཙུང་ཐུང་དབྱིན་ཞི་ཡུའེ་ཡི་ནག་ཉེས་ཐེར་འདོན་གྱི་འཕྲལ་འདོན་གྲོས་གཞིར་སླར་ཡང་བརྡས་ཐག་གཅོད་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།  

    སྤྱི་ཚོགས། 

  • མཁའ་རླུང་གྲང་མོ་གསར་པའི་ཤུགས་རྐྱེན་ཐེབས་ནས། ཚེས10ནས13ཉིན་བར། འབྲི་ཆུའི་བྱང་རྒྱུད་ཀྱི་ས་ཁུལ་མང་ཆེ་བར་བསྟུད་མར་དྲོད་ཚད་ཆག་པའི་ནང་ནུབ་བྱང་ས་ཁུལ་གྱི་ཤར་རྒྱུད་དང་། ནང་སོག་གི་དབུས་རྒྱུད། ཧེ་ལུང་ཅང་སོགས་ཀྱི་ས་ཁུལ་ཁག་གཅིག་ཏུ8℃ཡན་ཆག་རྒྱུ་རེད།  

94e7c6a9eb259ad49fe5e677c9bc0f6.jpg

  • ཚེས8ཉིན། 2024ལོའི་རྒྱལ་སྤྱིའི་ཕིང་ཕང་སྤོ་ལོའི་མཉམ་འབྲེལ་ཚོགས་པའི་འཛམ་གླིང་བུམ་པའི་འགྲན་བསྡུར་སི་ཁྲོན་ཁྲེང་ཏུའུ་རུ་མཇུག་སྒྲིལ་ཞིང་།  རྟིང་རྩོད་འགྲན་བསྡུར་ཁྲོད། ཀྲུང་གོའི་རུ་ཁག་ལྷོ་ཁོ་རེ་ཡའི་རུ་ཁག་ལས་རྣམ་པར་རྒྱལ་ཏེ། རྒྱལ་ཁའི་རྒྱལ་ཁ་ཐེངས་བཅུ་གཅིག་བླངས་ནས་ཨང་དང་པོ་བླངས་པ་རེད།  

    a3aeb21fe13469c816d5ea48df1ef27.jpg

  • ཚེས8ཉིན་རང་རྒྱལ་གྱི་ཧྭ་ལུང་བྲག་ཕུག་གི་རྗེས་ཤུལ་གནའ་རྫས་རྟོག་ཞིབ་ཀྱི་གྲུབ་འབྲས་གལ་ཆེན་དེ་ཨན་ཧུའེ་ཡི་ཤར་ངོས་སུ་ཡོངས་བསྒྲགས་བྱས་ནས། ཧྭ་ལུང་བྲག་ཕུག་བ་ནི་ཨེ་ཤེ་ཡ་ཤར་མའི་ས་ཁུལ་ནས་དེང་རབས་ཀྱི་མིར་རིམ་འགྱུར་བྱེད་པའི་གནའ་བོའི་མིའི་རིགས་ཆེས་སྔ་ཤོས་ཡིན་པ་ཞིབ་འཇུག་ར་སྤྲོད་བྱས་པ་རེད། 

  • འགག་སྒོ་ལས་ཁུངས་ཀྱིས་སྡོམ་རྩིས་བྱས་པར་གཞིགས་ན། ཉིང་པོ་ཀྲོའུ་ཧྲན་གྲུ་ཁས་ཟླ་དང་པོ་ནས་བཅུ་པའི་བར་དངོས་ཟོག་འདོན་འཇུག་བྱེད་ཚད་ཏུན་དུང་ཕྱུར11.6ལས་བརྒལ་བ་དེ་དུས་མཚུངས་ལས3%འཕར་ནས། འཛམ་གླིང་གི་ཨང་དང་པོར་སླེབས་ཡོད་པ་རེད།  

  • ཟླ12ཚེས7ཉིན་བར། ད་ལོ་ཨའོ་མོན་དུ་རིམ་རྩིས་བྱས་ན་མཐའ་མཚམས་ནས་འགྲོ་འོང་བྱེད་མཁན་མི་ཐེངས་དུང་ཕྱུར2ལས་བརྒལ་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།  

12bb693e51318180434b0fda250096d.jpg

  • ཀྲུང་དབྱང་གིས་ཤང་ཀང་དུ་ཐེངས་གསུམ་པར་སྤྲད་པའི་དོམ་ཁྲ“ཨན་ཨན”དང“ཁེ་ཁེ”ནི། ཚེས8ཉིན་ཤང་ཀང་རྒྱ་མཚོའི་སྤྱི་གླིང་དུ་སྤྱི་དམངས་དང་དངོས་སུ་ཐུག་འཕྲད་བྱས།  

  • ཉེ་ཆར། ཧྲང་ཧའེ་ཉེན་རྟོག་ཕྱོགས་ཀྱིས“ཞིབ་འཇུག་སློབ་མའི་བསླབ་གནས་མཐོར་གཏོང་བྱ་རྒྱུ”ལ་ཁ་གཡར་ནས་གློག་འཕྲིན་དང་དྲ་རྒྱའི་ཁ་བསླུས་ཉེས་གསོག་ཚོགས་པ་གསར་པ་གསུམ་མེད་པར་བཟོས་པ་དང་། གྱོད་འབྲེལ་མ་དངུལ་སྒོར་ཁྲི4300ཡིན་པ་དང་ཉེས་གསོག་དོགས་ཅན213འཛིན་བཟུང་བྱས།  

  • ས་གནས་དེ་གའི་དུས་ཚོད་ཚེས7ཉིན་གྱི་དགོང་མོར། ཕ་རི་སིའི་མ་ཡུམ་མཆོད་ཁང་ལོ5རིང་ཉམས་གསོ་བྱས་རྗེས་སླར་ཡང་སྒོ་ཕྱེ་ཡོད།  

640.gif

  • ཉེ་ཆར། ཧྲན་ཏུང་ཆིང་ཏའོ་རུ་རྒན་པ་ཞིག་གིས་ཟ་མ་ཟ་སྐབས་གློ་བུར་དུ་བཟའ་རིགས་ཀྱིས་མིད་པ་འགག་པར་བརྟེན། དམག་མི་ཞིང་སུང་གིས་འཕྲལ་མར་རྒན་པར་སྨན་བཅོས་བྱས་མཐར་ཉེན་ཁ་ལས་ཐར་བ་རེད།  

    སྲིད་ཇུས།

  • ཡུན་ནན་གྱིས་རླངས་འཁོར་བརྗེ་ལེན་གསར་བརྗེས་ཁ་གསབ་སྲིད་ཇུས་ལེགས་སྒྲིག་བྱས་ནས། རླངས་འཁོར་གསར་པའི་རིན་གོང་སྒོར་ཁྲི20མན་ཡིན་པ་དང་། འབར་སྣུམ་རླངས་འཁོར་རེར་ཁ་གསབ་སྒོར་ཁྲི1.3སྤྲོད་པ་དང་། ནུས་རྒྱུ་གསར་པའི་རླངས་འཁོར་རེར་ཁ་གསབ་སྒོར་ཁྲི་1.8སྤྲོད་ཀྱི་འདུག  

  • ཀུའེ་ཀྲོའུ་ཡིས་ལས་རྨས་གུན་སྐྱོབ་ཀྱི་རྨས་སྐྱོན་ཁ་གསབ་དང་གཉེན་ཉེར་བསྙེན་བཀུར་གྱི་འཆི་གོད་ཁ་གསབ་ལེགས་སྒྲིག་བྱས་ཏེ། རྨས་སྐྱོན་གྱི་རིམ་པ་གཞིར་བཟུང་མི་རེར་ཟླ་རེར་ཆེས་མཐོ་ཤོས་སྒོར350མང་དུ་གཏོང་རྒྱུ་ཡིན་པ་རེད།  

  • ཀོང་ཏུང་གིས་མཛེས་ལྗོངས་ཁུལ་གྱིས་རྒྱུ་མཚན་སྣ་ཚོགས་ལ་ཁ་གཡར་ནས། ས་གནས་དེ་ག་དང་ས་གནས་གཞན་གྱི་གནས་སྐོར་བ་དང་ས་ཁོངས་ནང་ཁུལ་དང་ས་ཁོངས་ཕྱིའི་གནས་སྐོར་བ་དབྱེ་བ་འབྱེད་མི་ཆོག་པ་དང་། སྒོ་འཛིན་གྱི་རིན་གོང་མི་འདྲ་བའམ་ཡང་ན་གཟིགས་སྐྱོང་སྲིད་ཇུས་མི་འདྲ་བ་བཟོ་མི་ཆོག་པ་ཁ་གསལ་བཏོན་ཡོད་པ་རེད།  

    དེ་རིང་གི་གནམ་གཤིས།  

6cadf296140a1993517f50c0268f07d.jpg

  • ཞིན་ཅང་གི་ནུབ་བྱང་རྒྱུད་དང་། བོད་ལྗོངས་ཀྱི་ལྷོ་ནུབ་རྒྱུད་དང་ཤར་རྒྱུད། མཚོ་སྔོན་གྱི་ལྷོ་རྒྱུད་དང་ཤར་རྒྱུད། ཀན་སུའུ་ཡི་ཤར་རྒྱུད། ཉིང་ཞའི་ལྷོ་རྒྱུད། ཧེ་ལུང་ཅང་གི་ནུབ་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ངུ་ནས་འབྲིང་ངམ་ཁངས་མ་ཆར་འདྲེས་མ་འབབ་པ་དང་། དེའི་ནང་ཞིན་ཅང་གི་ནུབ་བྱང་རྒྱུད་ཀྱི་ས་བབ་མཐོ་བའི་ས་ཁུལ་དང་། བོད་ལྗོངས་ཀྱི་ལྷོ་ནུབ་རྒྱུད་དང་ཤར་རྒྱུད། མཚོ་སྔོན་གྱི་ཤར་ལྷོའི་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆེན་པོ་འབབ་ཀྱི་ཡོད་ལ། ས་ཆ་ཁ་ཤས་སུ་ཁངས་དྲག་པོ་འབབ་རྒྱུ་རེད།  བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་། སི་ཁྲོན་གཤོང་སའི་ནུབ་རྒྱུད། ཀུའེ་ཀྲོའུ་ཡི་ས་ཁུལ་མང་ཆེ་བ། ཡུན་ནན་ལྷོ་རྒྱུད། ཧུའུ་ནན་ནུབ་རྒྱུད། ཐའེ་ཝན་གླིང་ཕྲན་གྱི་ཤར་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆར་ཆུང་ནས་འབྲིང་འབབ་རྒྱུ་རེད།


མཉམ་སྤྱོད།