དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-12-10 07:10:50   |   215

སྒྲིག་སྒྱུར། ཀླུ་མོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།  


གསར་འགྱུར་གལ་ཆེན།

  • ཟླ12ཚེས9ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཚོགས་འདུ་འཚོགས་ནས། 2025ལོའི་དཔལ་འབྱོར་ལས་དོན་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་པ་དང་། ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་ལས་དོན་སྙན་ཞུ་ལ་གསན་ཞིང་། 2025ལོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་གནང་ལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུར་གཙོ་སྐྱོང་གནང་། 

  • ཟླ12ཚེས6ཉིན། ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་ནན་ཧའེ་རུ་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། ད་ལོའི་དཔལ་འབྱོར་དུས་བབ་དང་ཕྱི་ལོའི་དཔལ་འབྱོར་ལས་དོན་ཐད་དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མིའི་བསམ་འཆར་དང་གྲོས་གཞིར་གསན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཞུགས་མོལ་ཚོགས་འདུར་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་། 

  • ཉིན་ཤས་སྔོན་ལ། ཀྲུང་དབྱང་དྲིལ་སྒྲོག་པུས་བློ་མཐུན་ཧྲན་ཞིང་ཧྭ་ལ“དུས་རབས་ཀྱི་མིག་དཔེའི”མཚན་སྙན་གནང་། 

  • ཚེས9ཉིན་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས“སྦྲང་ནག་རུལ་སུངས”ལ་ཁྲིམས་ལྟར་ཆད་པ་གཅོད་པའི་དཔེ་མཚོན་གྱོད་དཔེ་ཁག6ཁྱབ་བསྒྲགས་བྱས་པ་དེ་དག་སྡོད་ཁང་འགན་ལེན་དང་། སློབ་གསོའི་སློབ་བསྡུ། སྨན་བཅོས་གུན་སྐྱོབ་སོགས་ཁྱབ་ཁོངས་དང་འབྲེལ་ཡོད་པ་རེད། 

  • ཉེ་ཆར་སྤྱི་བདེ་པུ་སོགས་སྡེ་ཁག9ཡིས་མཉམ་འབྲེལ་ཐོག་བསམ་འཆར་དཔར་འགྲེམ་བྱས་ནས། ཁྱིམ་ཚང་གཏུམ་སྤྱོད་ཀྱི་དཔང་རྟགས་ཚད་གཞི་གསལ་པོ་བཟོས་པ་རེད། 

  • ཉིན་ཤས་སྔོན་ལ། སློབ་གསོ་པུས2023ལོའི་ལས་རིགས་སློབ་གསོའི་རྒྱལ་ཁབ་ཀྱི་དྲ་ཐོག་སློབ་ཚན་གྱི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། སློབ་ཚན914མིང་ཐོའི་ནང་ཚུད་ཡོད་པ་རེད། 

  • རྒྱལ་ཁབ་སྡོམ་རྩིས་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ11པར་སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་དུས་མཚུངས་ལས0.2%འཕར་ཡོད་པ་རེད། 

  • ཉེ་ཆར། དབྱིན་ཝུའེ་ཏ་སྤྱི་གཉེར་སྒེར་སྡེམ་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་སུ་འགལ་བའི་དོགས་པ་ཡོད་པར་བརྟེན། ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཁྲིམས་ལྟར་དབྱིན་ཝུའེ་ཏ་སྤྱི་གཉེར་ལ་གྱོད་དོན་ཐོ་འགོད་ཀྱིས་བརྟག་དཔྱད་བྱས། 

  • ཚེས9ཉིན་ལྷོ་ཁོ་རེ་ཡ་མཉམ་འབྲེལ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ལྷོ་ཁོ་རེ་ཡའི་མཐོ་རིམ་གཞུང་ཞབས་པའི་ཉེས་གསོག་བརྟག་དཔྱད་ཁྲུའུ་ཡིས་ཙུང་ཐུང་དབྱིན་ཞི་ཡུའེ་རྒྱལ་མཚམས་ནས་འགྲོ་འོང་བྱེད་མི་ཆོག་པའི་མཛུབ་སྟོན་བྱས་པ་རེད། 

  • ཚེས9ཉིན་སི་རི་ཡ་ལ་ཉེ་བའི་ངོ་རྒོལ་ཤོག་ཁག་གི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ངོ་རྒོལ་ཤོག་ཁག་གིས“སི་རི་ཡའི་རྒྱལ་སྐྱོབ་སྲིད་གཞུང”གི་མུའུ་ཧན་མོ་ཏེ·པ་ཞིར་ལ་སི་རི་ཡའི་བར་བརྒལ་སྲིད་གཞུང་འཛུགས་རྒྱུར་དབང་ཆ་སྤྲད་པ་རེད། 

    སྤྱི་ཚོགས། 

  • ཚེས9ཉིན་གྱི་མཚན་མོ་ནས་ཚེས13ཉིན་བར། ཅུང་དྲག་པའི་མཁའ་རླུང་གིས་རང་རྒྱལ་གྱི་ས་ཁུལ་མང་ཆེ་བར་ཤུགས་རྐྱེན་ཐེབས་ནས། དྲོད་ཚད་བྱང་ཕྱོགས་ནས་ལྷོ་ཕྱོགས་སུ4~6℃མར་ཆག་གི་ཡོད་པ་རེད། 

  • ཀུང་པེ་འགག་སྒོའི་སྡོམ་རྩིས་ལ་གཞིགས་ན། ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ25སོང་རིང་། རྒྱལ་ནང་གི་ཐོན་རྫས་སོས་པ་ཏུན་ཁྲི470ལྷག་ཨའོ་མོན་ཁྲོམ་རར་བསྟུད་མར་བརྟན་པོའི་ངང་མཁོ་འདོན་བྱས་པ་དང་། ཨའོ་མོན་ཁྲོམ་རའི་ཐོན་རྫས་སོས་པ80%རྒྱལ་ནང་གི་མཁོ་སྤྲོད་བྱེད་ཀྱི་ཡོད་པ་རེད། 

  • ཚེས9ཉིན་ནོར་སྲིད་པུས་བརྡ་ཐོ་བཏང་ནས། དུས་ཡུན་ལོ10ཡི་རྒྱལ་བུན་སྒོར་དུང་ཕྱུར500མུ་མཐུད་འགྲེམ་སྤེལ་བྱ་རྩིས་ཡོད་པ་དང་། དངུལ་འཛིན་གྱི་སྒོར་གྲངས་སྐྱེད་ཀ2.04%ཡིན་པ་རེད། 

dc8469bdac0f8c0bfc9033dd38f156d.jpg

  • ཀྲུང་གོ་མི་དམངས་དངུལ་ཁང་གིས་ཟླ12ཚེས16ཉིན་ནས་བཟུང་། 2025ལོའི་རྟེན་འབྲེལ་དྲན་གསོའི་དངུལ་ལོར་དང་དྲན་གསོའི་ཤོག་སྒོར་སྔ་རྗེས་སུ་འགྲེམ་སྤེལ་བྱ་རྒྱུ་ཡིན་པ་རེད། 

  • ཚེས9ཉིན། ཀྲུང་གོ་ལག་གྲུག་སྤོ་ལོའི་མཐུན་ཚོགས་ཀྱིས2024ལོའི་ཀྲུང་གོའི་ལག་གྲུག་སྤོ་ལོའི་གྲགས་ཅན་མི་སྣའི་མིང་ཐོ་ཁྱབ་བསྒྲགས་བྱས་པའི་ནང་ཀུང་ཞའོ་པིན་དང་མེའོ་ལི་ཅེ་སོགས་ཚུད་ཡོད་པ་རེད། 

  • ཚེས9ཉིན། རྒྱལ་ཡོངས་ཀྱི་རང་མོས་རྣམ་པའི་གངས་ཤུད་ཀྱི་བར་སྣང་རྩལ་ནུས་ལེགས་སྐྱེས་འགྲན་བསྡུར་མགོ་བརྩམས་ཤིང་། ཞུས་མོང་ཐའོ་ཡིས་ཨང་དང་པོ་བླངས་པ་རེད། 

  • ཧྲང་ཧའེ་དབྱང་ཕུའུ་ཉེན་རྟོག་ཕྱོགས་ཀྱིས་ཁྲིམས་འགལ་ངང་མ་དངུལ་བསྡུ་རུབ་བྱེད་པའི་ཉེས་གསོག་གི“ཞི་མཐུན་མཉམ་ལས”ཀྱི་དངོས་སུ་ཚོད་འཛིན་བྱེད་མཁན་ལིན་ག་གེ་མོ་རྒྱལ་ནང་དུ་བཟུང་སྐྱེལ་བྱས་པའི་བརྡ་ཁྱབ་བཏང་བ་རེད། 

  • ཧར་པིན་རིག་གནས་གནས་སྐོར་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། གནས་སྐོར་ལས་དོན་ཁང5དང་། དོན་དེ་དང་འབྲེལ་བའི་གནས་སྐོར་སྣེ་ཤན་པ5ལ་གྱོད་དོན་ཐོ་འགོད་བྱས་ནས་བརྟག་དཔྱད་བྱས་པ་དང་། རྒྱ་ཆེའི་གནས་སྐོར་བར་རིན་གོང་དམའ་བའམ་རིན་མི་དགོས་པར་ཚོགས་པ་དང་མཉམ་དུ་གནས་སྐོར་བྱེད་པའི་གཡོ་སྒྱུ་ལ་དོགས་ཟོན་བྱེད་དགོས་པའི་དྲན་སྐུལ་བྱས། 

dfcb54395e93f4dfb332d0e0f78600c.jpg

  • ཉེ་ཆར། ཧྲེན་ཀྲེན་གྱི་སྐྱེས་པ་ཞིག་ལུས་སྦྱོང་བྱེད་སྐབས་གློ་བུར་དུ་ས་ལ་འགྱེལ་ནས་སྙིང་ལྡིང་མཚམས་བཞག་པ་དང་། ལུས་སྦྱོང་བྱེད་བཞིན་པའི་ལྷོ་ཕྱོགས་ཚན་རྩལ་སློབ་ཆེན་སྨན་ཁང་གི་ཝན་ཆིའུ་ཧྥང་དང་ཐང་ཅའོ་ཡིང་སོགས་སྨན་དོན་མི་སྣ་ཁག་གཅིག་དང་མཉམ་དུ་གློ་སྙིང་སླར་གསོ་བྱས་ཏེ་སྐྱེས་པ་དེའི་ཚེ་སྲོག་བསྐྱབས་པ་རེད། 

    སྲིད་ཇུས། 

  • ནང་སོག་གིས་བསམ་འཆར་དཔར་འགྲེམ་བྱས་ནས། གཏེར་རིའི་བདེ་འཇགས་ཐོན་སྐྱེད་ཀྱི་ཆོག་འཐུས་ཚད་གཞི་ནན་དུ་བཏང་སྟེ། གསར་དུ་བསྐྲུན་པའི་ཁྲོན་བཟོའི་རྡོ་སོལ་གཏེར་ཁའི་ཐོན་ནུས་དེ་རྩ་དོན་ཐོག་ལོ་རེར་ཏུན་ཁྲི300ལས་མི་ཉུང་བ་དང་། མཐོངས་ཡངས་རྡོ་སོལ་གཏེར་ཁའི་ཐོན་ནུས་དེ་ལོ་རེར་ཏུན་ཁྲི500ལས་མི་ཉུང་བ་བྱ་རྒྱུ་རེད། 

  • མཚོ་སྔོན་གྱིས་སྤྱི་ཚོགས་ཐོག་གི་དར་མའི་སློབ་གསོའི་གསོ་སྦྱོང་སྒྲིག་གཞིས་སྡོད་དམངས་སྡོད་ཁང་དང་ས་འོག་ཁང་པ། བཟོ་ལས་ཐད་སྤྱོད་པའི་ཁང་པ། གནས་སྐབས་བཟོ་སྐྲུན། རང་སྐྲུན་ཁང་པ། ཁྲིམས་འགལ་བཟོ་སྐྲུན་སོགས་སློབ་གཉེར་གསོ་སྦྱོང་བྱ་ཡུལ་དུ་སྤྱོད་མི་ཆོག་པ་ཁ་གསལ་བཏོན་འདུག

  • ཧུའུ་ནན་ཁྲང་ཧྲས་ཕྱོགས་སྟོན་གཏན་འབེབས་བྱས་ཏེ། ཚབ་གཉེར་སློབ་མའི་མི་གྲངས50ནས200བར་ཡོད་པའི་སློབ་གྲྭའི་ཕྱི་རོལ་གྱི་ཚབ་གཉེར་ལས་ཁུངས་ལ་ཆེད་གཉེར་ཆེད་ལས་བདེ་སྲུང་མི་སྣ1(ཡང་ན་དེ་ལས་ཡན)བཀོད་སྒྲིག་བྱེད་དགོས་པ་ཁ་གསལ་བྱས། 

    དེ་རིང་གི་གནམ་གཤིས། 

2f093be6e4c413374f297711ea7b704.jpg

  • བྱང་ཤར་ས་ཁུལ་གྱི་ཤར་རྒྱུད་དང་ཞིན་ཅང་གི་ཐེན་ཧྲན་རི་རྒྱུད། ཞིན་ཅང་གི་གཤོང་སའི་ནུབ་རྒྱུད་རི་ཁུལ། བོད་ལྗོངས་ཀྱི་ཤར་རྒྱུད། ནུབ་བྱང་ས་ཁུལ་གྱི་ཤར་རྒྱུད། ཁྲོན་ནུབ་མཐོ་སྒང་གི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ངུ་ནས་འབྲིང་ངམ་ཁངས་ཆར་འདྲེས་མ་འབབ་པ་དང་། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད་དང་། འབྲི་ཆུ་དང་ཧོའེ་ཧོའི་ས་ཁུལ་ཕལ་ཆེ་བ། ཅང་ཧན་གྱི་དབུས་ལྷོ་རྒྱུད། འབྲི་ཆུའི་ལྷོ་རྒྱུད་དང་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆུང་ནས་འབྲིང་འབབ་རྒྱུ་རེད།


མཉམ་སྤྱོད།