དེ་རིང་ནི2025ལོའི་ཟླ05པའི་ཚེས04ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-12-11 07:29:07   |   591

སྒྲིག་སྒྱུར། ཀླུ་མོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།  


གསར་འགྱུར་གལ་ཆེན།

  • ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཟླ12ཚེས9ཉིན་གྱི་ཕྱི་དྲོར་རང་རྒྱལ་ལོ་རྒྱུས་ཐོག་གི་མཐའ་མཚམས་བཅོས་སྐྱོང་ཐད་མཉམ་སྡེབ་སློབ་སྦྱོང་ཐེངས་བཅོ་བརྒྱད་པ་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་མཐའ་མཚམས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་ནི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་དགོས་ངེས་ཀྱི་དོན་སྙིང་ཞིག་ཡིན་ཞེས་ནན་གྱིས་བསྟན། 

c0f3ef344e3c702b75ac24553cd4291.jpg

  • ཟླ12ཚེས10ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར“1+10”ཡི་གླེང་མོལ་ཚོགས་འདུར་ཞུགས་མཁན་རྒྱལ་སྤྱིའི་དཔལ་འབྱོར་རྩ་འཛུགས་ཀྱི་འགན་འཁུར་བ་གཙོ་བོ་དང་མཇལ་འཛོམས་གནང་། 

  • ད་ལོའི་ཟླ་དང་པོ་ནས་བཅུ་གཅིག་བར་རྒྱལ་ཡོངས་ལྕགས་ལམ་གྱིས་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར7117བཏང་བ་དེ་དུས་མཚུངས་ལས11.1%འཕར་ཡོད་པ་རེད། 

  • ཉེ་ཆར་སློབ་གསོ་པུའུ་སོགས་སྡེ་ཁག་བདུན་གྱིས་མཉམ་འབྲེལ་ཐོག་ཡིག་ཆ་བཀྲམ་ནས། དགེ་རྒན་གྱི་ཐོབ་ཐང་འགན་ལེན་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ། དགེ་རྒན་གྱི་ཆབ་སྲིད་ཀྱི་གནས་བབ་དང་སྤྱི་ཚོགས་ཀྱི་གོ་གནས། ལས་རིགས་ཀྱི་གནས་བབ་བཅས་མཐོ་རུ་བཏང་བ་རེད། 

  • ཉིན་ཤས་སྔོན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུ་སོགས་སྡེ་ཁག་བཞིས་བརྡ་ཐོ་དཔར་འགྲེམ་བྱས་ནས། ས་གནས་ཁག་ལ་ལས་ཞུགས་རོགས་སྐྱོར་ལས་དོན་སྔར་བས་དོན་འཁྱོལ་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་པ་དེའི་ནང་རོགས་སྐྱོར་བྱ་ཡུལ་ལས་ཞུགས་བྱེད་མཁན་ཁེ་ལས་ལ་ཁྲལ་འབབ་ཆག་ཡང་དང་རྩ་ཆག་གཏོང་བའི་གཟིགས་སྐྱོང་སྲིད་ཇུས་དང་། རང་བརྟེན་ལས་གཏོད་བྱེད་མཁན་ལ་ཁག་ཐེག་དངུལ་བུན་དང་དེ་བཞིན་སྐྱེད་གསབ་གཟིགས་སྐྱོང་སོགས་ཚུད་ཡོད་པ་རེད། 

ba1dfaee1eb2cb8ae38a0f909c81bb9.jpg

  • འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡི་གྲངས་གཞི་ལས་མངོན་པར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་བཅུ་གཅིག་པའི་བར་རང་རྒྱལ་གྱི་དངོས་ཟོག་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་སྡོམ་འབོར་སྒོར་དུང་ཕྱུར་ཁྲི39.79ཡིན་པ་དེ་དུས་མཚུངས་ལས4.9%འཕར་ཡོད་པ་རེད། 

  • རྒྱལ་ཁབ་སྦྲག་སྲིད་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ11པར་ཀྲུང་གོའི་མྱུར་སྐྱེལ་འཕེལ་རྒྱས་སྟོན་གྲངས་དུས་མཚུངས་ལས14.2%འཕར་ཡོད་ཅིང་། མྱུར་སྐྱེལ་ལས་རིགས་ཀྱི་སྤྱི་ཡོངས་ཀྱི་འཕར་ཚད་མཐོན་པོ་ཡོད་པ་རེད། 

  • རང་རྒྱལ་ཕྱི་འབྲེལ་པུས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཀྲུང་གོ་ཕྱོགས་ཀྱིས་ཞང་ཀང་དང་འབྲེལ་ཡོད་བའི་གནད་དོན་ཐད་རྣམ་འགྱུར་ཧ་ཅང་ངན་པོ་འདོན་མཁན་ཨ་རི་ཕྱོགས་ཀྱི་མི་སྣར་ཐོངས་མཆན་འགོད་པ་ཚོད་འཛིན་བྱ་རྒྱུའི་གཏན་འབེབས་བྱ་རྒྱུ་ཡིན་ཚུལ་བསྟན། 

  • ཚེས10ཉིན་ལྷོ་ཁོ་རེ་ཡའི་རྒྱལ་ཚོགས་ཀྱིས་ཙུང་ཐུང་དབྱིན་ཞུ་ཡུའེ་མགྱོགས་མྱུར་འཛིན་བཟུང་བྱ་རྒྱུའི་གྲོས་ཆོད་ཀྱི་གྲོས་གཞིར་གྲོས་འཆམ་བྱུང་། 

  • ས་གནས་དེ་གའི་དུས་ཚོད་ཚེས10ཉིན། མུའུ་ཧན་མོ་ཏེ·པ་ཞིར་གྱིས་བརྙན་འཕྲིན་བརྒྱུད་ནས་རང་ཉིད་སི་རི་ཡ་བར་བརྒལ་སྲིད་གཞུང་གི་ལྟ་སྲུང་ཙུང་ལིར་བསྐོ་གཞག་བྱས་པ་དང་འགན་འཁུར་ཡུན2025ལོའི་ཟླ3ཚེས1ཉིན་བར་ཡིན་པ་གསལ་བསྒྲགས་བྱས། 

    སྤྱི་ཚོགས།

  • ཚེས10ཉིན་ནས་བཟུང་། ཅུང་གྲང་བའི་མཁའ་རླུང་གསར་པ་ཞིག་ཐོན་པར་བརྟེན། རང་རྒྱལ་གྱི་ས་ཁུལ་མང་ཆེ་བར་དྲོད་ཚད་མངོན་གསལ་གྱིས་མར་ཆག་རྒྱུ་དང་། བྱང་ཕྱོགས་སུ་དར་ཆགས་པའི་ས་ཁུལ་མང་དུ་ཕྱིན་ནས་གྲང་ཟུག་ཆེ་རུ་འགྲོ་རྒྱུ་ཡིན་པ་རེད། 

  • ཀྲུང་གོའི་ཁེ་ལས་འབྲིང་ཆུང་མཐུན་ཚོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ11པར་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་ཀྱི་སྟོན་གྲངས89.2ཡིན་པ་དེ་ཟླ10པ་དང་བསྡུར་ན0.2འཕར་ནས། ཟླ་བ་གཉིས་ལ་བསྟུད་མར་འཕར་ཡོད་པ་རེད། 

  • ཚོང་དོན་པུའི་གྲངས་གཞིའི་ཐོག་ནས་མངོན་པར་གཞིགས་ན། ཚེས9ཉིན་གྱི་ཆུ་ཚོད24བར། རྒྱལ་ཡོངས་ཀྱི་རླངས་འཁོར་རྙིང་ཚབ་གསར་བརྗེས་ཀྱི་ཁ་གསབ་རེ་ཞུ་བྱེད་ཚད་ཁྱོན་ཁྲི500ལས་བརྒལ་ཡོད་པ་རེད། 

  • ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ལྐོག་རྔན་བླངས་པའི་ཉེས་གསོག་གི་དོགས་གཞི་ཡོད་པའི་ཐོག་ནས་ཞིང་ལས་གྲོང་གསེབ་པུའི་དེ་སྔའི་ཏང་ཙུའུ་ཧྲུའུ་ཅི་དང་པུ་ཀྲང་ཐང་རེན་ཅན་ཁྲིམས་ལྟར་འཛིན་བཟུང་བྱ་རྒྱུའི་གཏན་འབེབས་བྱས། 

  • རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་དེ་སྔའི་རྒྱུན་ཨུ་དང་། རིག་གནས་ལོ་རྒྱུས་དང་སློབ་སྦྱོང་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཀྲུའུ་རེན་ཝུའུ་དབྱིང་ཅེས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས། ཏང་ཁོངས་དང་གཞུང་གི་ལས་གནས་ནས་ཕྱིར་འབུད་བྱས། 

  • ཀྲུང་དབྱང་དྲིལ་སྒྲོག་པུའི་དེ་སྔའི་པུ་ཀྲང་གཞོན་པ་ཀྲང་ཅན་ཁྲུན་གྱིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས། ཏང་ཁོངས་དང་གཞུང་གི་ལས་གནས་ནས་ཕྱིར་འབུད་བྱས།  

  • ནང་སོག་རང་སྐྱོང་ལྗོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གཞོན་པ་ཝང་པོ་ཡིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས། ཏང་ཁོངས་ནས་ཕྱིར་འབུད་བྱས། 

9afc33a3e1b3236a238cbab4d8699d0.jpg

  • དེ་རིང་གི་ཆུ་ཚོད15ནས་བཟུང་ཡུའེ་ཀང་ཨའོ་མཚོ་ཁུག་ཆེན་པོའི་ཁུལ་གྱི་ལས་གྲྭ་གལ་ཆེན་སྟེ་ཧོང་མའོ་ཧའེ་རྒྱ་མཚོའི་སྒྲོལ་ལམ་རྣམ་གྲངས་ལ་རླངས་འཁོར་དངོས་སུ་ཤར་གཏོང་ཐུབ་པ་དང་། རླངས་འཁོར་ཤར་གཏོང་ཐུབ་རྗེས། ཀོང་ཏུང་གི་ཀྲུའུ་ཧའེ་ནས་ཀོང་ཏུང་གི་ཅང་མོན་བར་སྐར་མ30ཙམ་གྱིས་སླེབས་ཐུབ་པ་རེད། 

6d417cbb5bca36585e72fca200766fe.jpg

  • རང་རྒྱལ་གྱིས་ཞིབ་བཟོ་བྱས་པའི་རྒྱལ་སྤྱིའི་ནུས་ཚད་དམའ་ཞིང་དྲག་རྒྱུག་གློག་ཁུར་མཐོ་བའི་གྱེས་རྡུལ་ལྕི་བའི་ཞིབ་འཇུག་སྒྲིག་ཆས་ཐོག་མ་དེ་ཉེ་ཆར་ཞིབ་བཤེར་རྩིས་ལེན་བྱས་པ་རེད། 

3e079557b141946fcfa7ad6035ee216.jpg

  • ཧྥུ་ཅན་ཅིན་ཅང་གི་སྐྱེས་པ་ཞིག་ལུས་རྩལ་ཐང་དུ་རྒྱུག་སྐབས། གློ་བུར་དུ་སྙིང་འཕར་ལྡིང་བྱེད་མཚམས་བཞག་ནས་ཡར་ལངས་མ་ཐུབ། ལུས་རྩལ་བྱེད་བཞིན་པའི་སྨན་པ་ཀྲང་ཆང་ཏུང་གིས་འཕྲལ་དུAEDབཙལ་ནས་སྐྱེས་པའི་གློག་འདར་སེལ་ཏེ་སྲོག་བསྐྱབས་པ་རེད། 

    སྲིད་ཇུས།

  • རྒྱལ་ཁབ་སྨན་བཅོས་གུན་སྐྱོབ་ཅུ་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཡིག་ཆ་བཀྲམ་ནས། སྡེ་བའི་འཕྲོད་བསྟེན་ཁང་དང་དམངས་གཉེར་སྨན་བཅོས་སྒྲིག་གཞི། སིལ་ཚོང་སྨན་འཚོང་ཁང་བཅས་སྨན་རྫས་གཅིག་སྡུད་ཉོ་སྒྲུབ་ནང་ཞུགས་རྒྱུའི་ལྕག་སྐུལ་བྱས། 

  • པེ་ཅིང་གིས་ཡིག་ཆ་བཀྲམ་ནས་སྤྲོད་ཐེངས་གཅིག་གི་ལས་གནས་རྒྱ་ཆེར་གཏོང་བའི་ཁ་གསབ་སྲིད་ཇུས་དེ2025ལོའི་ཟླ12ཚེས31ཉིན་བར་རྒྱུན་མཐུད་བྱ་རྒྱུ་ཡིན་པ་དང་། སྤྲོད་ཐེངས་གཅིག་གི་ལས་ཞུགས་ཁ་གསབ་དང་སྤྲོད་ཐེངས་གཅིག་གི་ལས་གནས་རྒྱ་ཆེར་གཏོང་བའི་ཁ་གསབ་སྲིད་ཇུས་ཟླ་སྒྲིལ་གཏོང་རྒྱུ་རེད། 

  • ཉིང་ཞ་ཡིས་ཆ་རྐྱེན་དང་མཐུན་པའི་རྒན་པར་ཀུན་ཕན་གྱི་ཁ་གསབ་སྤྲོད་རྒྱུ་སྟེ། ལོ80ནས89བར་གྱི་རྒན་པར་མི་རེར་ཟླ་རེར་སྒོར100དང་། ལོ90དང་དེའི་ཡན་གྱི་རྒན་པར་མི་རེར་ཟླ་རེར་སྒོར200སྤྲོད་རྒྱུ་ཡིན་ཞེས་ཁ་གསལ་བཏོན་འདུག

    དེ་རིང་གི་གནམ་གཤིས། 

0b4379a1469292c51380a6140506b3a.jpg

  • ཞིན་ཅང་གི་ཐེན་ཧྲན་རི་ཁུལ་དང་ཞིན་ཅང་གི་ལྷོ་རྒྱུད་གཤོང་ས། བོད་ལྗོངས་ཀྱི་ཤར་རྒྱུད་དང་ནུབ་བྱང་རྒྱུད། སི་ཁྲོན་ནུབ་ཕྱོགས་མཐོ་སྒང་གི་བྱང་རྒྱུད། མཚོ་སྔོན་གྱི་ཤར་རྒྱུད། ཀན་སུའུ་ཡི་ལྷོ་རྒྱུད། ཉིང་ཞ། ཧྲན་ཞིའི(山西)དབུས་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ངུའམ་ཁངས་ཆར་འདྲེས་མ་འབབ་པ་དང་། དེའི་ནང་དུ་ཞིན་ཅང་ལྷོ་ཕྱོགས་ཀྱི་ནུབ་རྒྱུད་རི་ཁུལ་ཁ་ཤས་སུ་ཁངས་ཆེན་འདུག ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད་དང་། ཅང་ཧུའེ་ས་ཁུལ་ཕལ་ཆེ་བ། ཅང་ཧན་ཤར་རྒྱུད། འབྲི་ཆུའི་ལྷོ་རྒྱུད་ཀྱི་ས་ཁུལ་ཕལ་ཆེ་བ། ཧྭ་ལྷའི་དབུས་ནུབ་རྒྱུད་སོགས་ས་ཁུལ་འགའ་ཤས་སུ་ཆར་ཆུང་ངུ་འབབ་པ་དང་། དེའི་ནང་ཨན་ཧུའེ་ཡི་ལྷོ་རྒྱུད་དང་ཅང་སུའུ་ཡི་ལྷོ་རྒྱུད། ཧྲང་ཧའེ། ཀྲེ་ཅང་གི་བྱང་རྒྱུད་སོགས་ས་ཁུལ་འགའ་ཤས་སུ་ཆར་འབྲིང་ཙམ་འབབ་རྒྱུ་རེད།


མཉམ་སྤྱོད།