དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-12-12 07:15:09   |   201

སྒྲིག་སྒྱུར། ཀླུ་མོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།  


གསར་འགྱུར་གལ་ཆེན།

  • ཟླ12ཚེས10ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀེ་ཁུའར་ལ་གློག་འཕྲིན་བཏང་ནས། ཁོང་གིས་མོ་རི་ཐིའུ་སི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་གི་འགན་བཞེས་པར་བཀྲ་ཤིས་བདེ་ལེགས་ཞུས།  

  • ཟླ12ཚེས11ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡུའེ་ཧན·ཏེ་ལ་མ་ཉི·མ་ཧ་མར་གློག་འཕྲིན་བཏང་ནས། ཁོང་གྷ་ན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བདམས་ཐོན་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུས།  

  • ཚེས11ཉིན་ནོར་སྲིད་པུ་དང་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུ། ཀྲུང་དབྱང་དྲིལ་སྒྲོག་པུ་བཅས་ཀྱིས་སྤྱི་བསྒྲགས་སྤེལ་ནས། གཉེར་སྐྱོང་རང་བཞིན་གྱི་རིག་གནས་བྱ་གཞག་ཚན་པའི་ལམ་ལུགས་དེ་ཁེ་ལས་སུ་བསྒྱུར་ནས་བར་བརྒལ་དུས་སྐབས་ཀྱི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་བྱེད་ཆོག་གི་ཡོད་པ་རེད།  

  • ད་ལོའི་ཟླ1ནས་ཟླ11བར། རྒྱལ་ཡོངས་ཀྱི་ལྕགས་ལམ་ཐོག་ཚོང་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་དུང་ཕྱུར47.15ཡིན་པ་དེ་དུས་མཚུངས་ལས2.5%འཕར་ཡོད་པ་རེད།  

  • ད་ལོའི་ཟླ1ནས་ཟླ11བར། རང་རྒྱལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་སྐྱེད་དང་ཕྱིར་འཚོང་བྱེད་ཚད་དུས་མཚུངས་ལས་བཅུ་ཆ་གསུམ་འཕར་བ་དང་། ནུས་རྒྱུ་གསར་པའི་རླངས་འཁོར་ཕྱིར་འཚོང་བྱེད་ཚད་རླངས་འཁོར་ཕྱིར་འཚོང་བྱེད་ཚད་སྡོམ་འབོར་གྱི40%ལས་ཐོག་མར་བརྒལ་ཡོད།  

  • ད་ལོའི་ཟླ1ནས་ཟླ10བར། རྒྱལ་ཡོངས་ཀྱི་ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཚོང་ལས་གསང་བའི་ཁེ་དབང་ལ་བཙན་གནོད་བཏང་བའི་གྱོད་གཞི113ཞིབ་བཤེར་ཐག་གཅོད་བྱས་པ་དང་། དངུལ་ཆད་སྒོར་ཁྲི3505.86བཅད་པ་རེད།  

  • ཚེས11ཉིན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ལྐོག་ཉན་དང་ལྐོག་ཏུ་པར་ལེན་པའི་སྒྲིག་ཆས་ཁྲིམས་འགལ་ངང་ཐོན་སྐྱེད་དང་བྲིན་ཚོང་། བེད་སྤྱོད་བཅས་བྱེད་པའི་ཉེས་གསོག་གྱོད་གཞི4ལ་ཁྲིམས་ལྟར་ཆད་པ་གཅོད་རྒྱུ་ཁྱབ་བསྒྲགས་བྱས་པ་རེད། 

  • ཚེས11ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་ལས་དོན་གཞུང་ལས་ཁང་གི་མགྲིན་ཚབ་པས་སྐུ་ཞབས་མ་དབྱིང་ཅིའུ་ཡིས་ཐའེ་ཝན་གྱི་གཞོན་ནུའི་སྣེ་འཁྲིད་དེ། ཟླ12ཚེས18ཉིན་ནས་ཚེས26ཉིན་བར། ཧེ་ལུང་ཅང་དང་སི་ཁྲོན་དུ་ངོགས་གཉིས་ཀྱི་གཞོན་ནུའི་གངས་ཤུད་དུས་ཆེན་གྱི་བྱེད་སྒོར་ཞུགས་རྒྱུ་མ་ཟད། ལྟ་སྐོར་འཚམས་འདྲི་ཡང་བྱ་རྒྱུ་ཡིན་ཚུལ་བསྟན།  

a6855eae964b0e1b8395984e6cc13fd.jpg

  • ཚེས11ཉིན་ཡུའེ་ཀང་ཨའོ་མཚོ་ཁུག་ཆེན་པོའི་ཁུལ་གྱི་ལས་གྲྭ་གལ་ཆེན་ཧོང་མའོ་ཧའེ་རྒྱ་མཚོ་སྒྲོལ་བའི་བགྲོད་ལམ་དངོས་སུ་ཤར་གཏོང་ཐུབ་པ་དང་། ཀོང་ཏུང་ཀྲུའུ་ཧའེ་ནས་ཀོང་ཏུང་ཅང་མོན་བར་གྱི་འགྲུལ་བཞུད་དུས་ཚོད་དེ་ཆུ་ཚོད་གཅིག་ལྷག་ཙམ་ནས་སྐར་མ30ཙམ་བར་ཐུང་དུ་ཕྱིན་ཡོད།  

  • ཚེས11ཉིན་ལྷོ་ཁོ་རེ་ཡའི་སྲིད་དབང་བཟུང་མེད་པའི་ཏང་ཆེས་ཆེ་ཤོས་ཐུན་མོང་དམངས་གཙོ་ཏང་གིས་ས་གནས་དེ་གའི་དུས་ཚོད་ཚེས14ཉིན་གྱི་ཕྱི་དྲོའི་ཆུ་ཚོད5པར་ཙུང་ཐུང་དབྱིན་ཞི་ཡུའེ་ཡི་ནག་ཉེས་ཐེར་འདོན་གྱི་འཕྲལ་འདོན་གྲོས་གཞིར་འདེམས་ཤོག་འཕེན་ཐེངས་གཉིས་པ་བྱ་རྩིས་ཡོད་ཚུལ་བསྒྲགས་འདུག  

    སྤྱི་ཚོགས། 

  • ད་ལོ་ནས་བཟུང་རྒྱལ་ཁབ་དྲ་སྦྲེལ་ཆ་འཕྲིན་གཞུང་དོན་ཁང་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་འཁྱུག་དབྱངས་དང་མགྱོགས་འཕྲིན། པོད་འཕྲིན། སྐད་འཕྲིན་སོགས་ལས་སྟེགས་ཐོག་ཁྲིམས་འགལ་ངང་འོས་སྦྱོར་མ་རྐང་དང་ཁྲིམས་འགལ་གྱི་དངུལ་རྩའི་མཚམས་སྦྱོར་སོགས་ཀྱི་བྱེད་སྤྱོད་སྤེལ་མཁན་གྱི་ཐོ་འགོད་ཨང་གྲངས་ཁག་གཅིག་ཐག་གཅོད་བྱས་པ་རེད།  

  • ལྕགས་ལམ12306གིས་སྤྱི་བསྒྲགས་སྤེལ་ནས་ཉེ་ཆར་ཕྱོགས་གསུམ་པའི་སྟེགས་བུ་ཞིག་གིས“དཔྱིད་གསར་སྐྱེལ་འདྲེན་གྱི་སྤ་སེ་ཧབ་ཐོབ་རྒྱག་མགོ་བརྩམས”དང“སྔ་ཤོས་སུ་ཉིན90ཡི་སྔ་སྣུར་དུ་སྔོན་མངགས་བྱེད་ཆོག”ཅེས་ཡོངས་བསྒྲགས་བྱས་པ་དེ་སྟེགས་བུ་གཉེར་ཚོང་དང་སྦིར་སྒྲོག་བྱས་པ་ཞིག་ཡིན་པ་ལས། ལྕགས་ལམ་གྱི་སྟེགས་བུ12306དང་འབྲེལ་བ་མེད་ཚུལ་བསྟན་ཡོད།  

  • ཉེ་ཆར་ཞིབ་དཔྱོད་ལས་ཁུངས་ཀྱིས་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུའི་དེ་སྔའི་ཧྲུའུ་ཅི་གཞོན་པ་ལི་ཕེང་ཤིན་གྱི་ལྐོག་རྔན་བླངས་པའི་དོགས་གཞི་ཡོད་པའི་གྱོད་གཞི་ཁྲིམས་ལྟར་གཞུང་གཏུག་བྱས་པ་རེད།  

  • མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཁོངས་མི་དང་ཀྲུའུ་ཞི་གཞོན་པ་མཱ་ཧྥེང་ཧྲེང་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པ་དང་། མིག་སྔར་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད། 

  • ཚེས11ཉིན། སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་འདྲི་ཞིབ་དང་པོའི་ཐོག་ནས། བོད་རང་སྐྱོང་ལྗོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཏང་ཙུའུ་ཁོངས་མི་དང་ཀྲུའུ་རེན་གཞོན་པ་ཅི་གོ་ཀང་གིས་ལྐོག་རྔན་བླངས་པ་དང་། གཞུང་ཁོངས་སྤྱི་གཉེར་གྱི་མི་སྣས་འགན་དབང་གང་བྱུང་དུ་སྤྱད་པའི་གྱོད་གཞིའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་དང་།  ཅི་གོ་ཀང་ལ་ལོ13གྱི་ཁྲིམས་ཐག་བཅད་པ་རེད། 

eb58419e37c8412ee820493059c7b28.jpg

  • ཉེ་ཆར་རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་སྐམ་ཆུ་གཉིས་འཚོའི་གནམ་གྲུ་ཆེ་གྲསAG600ཧའེ་ནན་སན་ཡ་ཧྥེང་ཧོང་རྒྱལ་སྤྱིའི་གནམ་ཐང་དུ་འཁྱག་གཏོང་རླུང་རྒྱུག་དང་ཚ་འདས་འཚོལ་ཞིབ་ཚད་ལེན་ཁོར་ཡུག་གི་དྲོད་ཚད་ཚད་འཇལ་ཚོད་ལྟ་དང་ཚོད་ལྟའི་འཕུར་སྐྱོད་ལེགས་འགྲུབ་བྱུང་བ་རེད།  

  • WTAཡིས་ཡོངས་བསྒྲགས་བྱས་པའི2024ལོའི་ལོ་འཁོར་གྱི་སྤོ་ལོ་རྒྱག་མཁན་གྱི་ལག་རྩལ་སྡོམ་རྩིས་ཁྲོད། ཀྲུང་གོའི་སྤོ་ལོ་རྒྱག་མཁན་ཀྲེན་ཆིན་ཝུནACEཡི་སྤོ་ལོ་རྒྱག་མཁན་གྱི་ཨང་རིམ་ནང་ཨང་དང་པོར་སླེབས་ཡོད་པ་རེད།  

    828e5336a898ddfd6618ed06bf43db5.jpg

  • ཚེས11ཉིན་པེར་ཀྲེམ་དུ་ཡོད་པའི་དོམ་ཁྲ“ཐན་པའོ”དང་། “གཅུང་པོ”དང་“གཅུང་མོ”བཅས་ཁྲེང་ཏུའུ་ལ་བདེ་བླག་ངང་འབྱོར་ནས། ཀྲུང་གོའི་དོམ་ཁྲ་སྲུང་སྐྱོང་ཞིབ་འཇུག་ལྟེ་གནས་ཀྱི་གཡག་རྔ་པི་ཧྥུང་ཞ་རྟེན་གཞིར་སྤོས་རྩིས་ཡོད་པ་རེད།  

  • ཧེ་ལུང་ཅང་མུའུ་ཏན་ཅང་ཉེན་རྟོག་ཕྱོགས་ཀྱིས་དུག་རྫས་ལྐོག་ཚོང་བྱ་ཡུལ་ཞིག་རྒྱལ་ཁའི་ངང་མེད་པར་བཟོས་པ་དང་། ཨན་ཧྥུན་ཆུ་མ་ཏུའོ་ཡི་སྨན་སྒམ2000ཙམ་དང་རིལ་བུ་ཁྲི2.3ལྷག་ཙམ་གཞུང་བཞེས་བཏང་།  

1f35e64ba577f64d3c4433601c78b6c.jpg

  • ཧྲན་ཞི་ཐའེ་ཡོན་གྱི་རྒན་པ་ཞིག་ལ་གློ་བུར་དུ་ན་ཟུག་ལངས་པ་དང་། དེ་རུ་ཡོད་པའི་སྨན་གཡོག་ཧྲེན་ཞིན་འཕྲལ་མར་མདུན་དུ་བསྐྱོད་དེ། སྐྱོབ་ཞོར་དུ་ནང་མིར120ལ་ཁ་པར་རྒྱག་ཏུ་བཅུག སྐར་མ་བཅུ་ལྷག་ཙམ་སོང་རྗེས་ཁོང་གི་དབུགས་རྔུབ་གཏོང་དང་རྩ་འཕར་ཚུལ་རིམ་བཞིན་སླར་གསོ་བྱུང་།  

    སྲིད་ཇུས། 

  • ཧྲན་ཏུང་གིས་གཙོ་བོ་གྲོང་གསེབ་ཀྱི་མི་འབོར་གྱི་འཚོ་བའི་སྤྱོད་ཆུར་མཁོ་འདོན་བྱེད་པའི་གཅིག་སྡུད་རྣམ་པའི་འཐུང་ཆུའི་འདུ་འགོད་ཀྱི་སྤྱོད་ཆུ་ཡིན་པ་དང་། ཆུའི་ཐོན་ཁུངས་ཀྱི་དཔྱ་ཁྲལ90%ཆག་ཡང་གཏོང་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད།  

  • ཧྲན་ཞིས(山西)ཡིག་ཆ་བཀྲམ་ནས་གྲོང་ཁྱེར་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ནས། གཉེན་འཕྲད་དང་མནའ་མ་བསུ་ལེན། གཤིན་པོ་དུར་སྐྱེལ། དོ་བདག་ལ་སྡེབ་སྐྱེལ་དང་ཉམས་གསོའི་ཞབས་ཞུ་སོགས་ཀྱི་གནས་སྐབས་རླངས་འཁོར་འཇོག་དགོས་རིགས་ལ་རིན་མེད་ངང་དུས་མཚམས་སྤྲོད་པ་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་བཟོ་དགོས་པ་སྐུལ་ལྕག་བྱས་པ་རེད།  

  • ཀོང་ཏུང་གིས་ས་གནས་རིམ་པ་ཡན་གྱི་གྲོང་ཁྱེར་གྱིས་གསར་དུ་བསྣན་པའམ་ཡང་ན་གསར་དུ་བརྗེས་པའི་གྲོང་ཁྱེར་གྱི་ཟོག་འགྲེམས་སྡེབ་སྐྱེལ་དང་སྦྲག་སྲིད་མྱུར་སྐྱེལ། ཁོར་ཡུག་སྲུང་སྐྱོང་རླངས་འཁོར་ཡང་གྲས་བཅས་སུ་ནུས་རྒྱུ་གསར་པའི་རླངས་འཁོར་སྤྱོད་པའི་བསྡུར་ཚད80%ཡན་ཟིན་པ་བྱེད་དགོས་པ་ཁ་གསལ་བཏོན་ཡོད།  

    དེ་རིང་གི་གནམ་གཤིས།  

584cf191246fd58c2845546d2dcf439.jpg

  • ནང་སོག་གི་དབུས་རྒྱུད་དང་ཞིན་ཅང་གི་ལྷོ་ཕྱོགས་རི་ཁུལ། ཀན་སུའུ་ཡི་ས་ཁུལ་ཕལ་ཆེ་བ། ཉིང་ཞའི་ལྷོ་རྒྱུད། ཧྲའན་ཞི་ཡི་ས་ཁུལ་ཕལ་ཆེ་བ། ཧྲན་ཞི། ཀུའེ་ཀྲོའུ་ཡི་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ངམ་ཁངས་ཆར་འདྲེས་མ་འབབ་པ་དང་། ས་ཁུལ་ཁ་ཤས་སུ་ཁངས་འབྲིང་ཙམ་ཡོད། ཀུའེ་ཀྲོའུ་ཤར་རྒྱུད་སོགས་ཀྱི་ས་བབ་མཐོ་བའི་ས་ཁུལ་ཁག་གཅིག་ཏུ་འཁྱགས་ཆར་འབབ་ཀྱི་ཡོད་ལ།  ཧྲའན་ཞི་དབུས་རྒྱུད་དང་སི་ཁྲོན་གཤོང་ས། ཁྲུང་ཆིན། ཀུའེ་ཀྲོའུ། ཧུའུ་ནན། ཅང་ཞིའི་བྱང་རྒྱུད། ཀྲེ་ཅང་། ཧྥུ་ཅན་བྱང་རྒྱུད། ཀོང་ཞིའི་ནུབ་རྒྱུད་དང་བྱང་རྒྱུད། ཡུན་ནན་ཤར་རྒྱུད། ཧའེ་ནན་གླིང་ཕྲན། ཐའེ་ཝན་གླིང་ཕྲན་གྱི་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་སིམ་སིམ་འབབ་པ་དང་། ས་ཆ་ཁ་ཤས་སུ་ཆར་འབྲིང་ཙམ་འབབ་རྒྱུ་རེད།


མཉམ་སྤྱོད།