དེ་རིང་ནི2024ལོའི་ཟླ12པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-12-13 07:29:27   |   178

སྒྲིག་སྒྱུར། ཀླུ་མོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།  


གསར་འགྱུར་གལ་ཆེན།

2a0c58d95ba073a2de0d754e9aa32dd.jpg

  • ཀྲུང་དབྱང་དཔལ་འབྱོར་ལས་དོན་ཚོགས་འདུ་ཟླ12ཚེས11ནས་ཚེས12ཉིན་བར་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་། 

923ec1586ce2535fb675a9b042d1206.jpg

  • ཟླ12ཚེས12ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཆེ་མོ་བ28ཀྱིས་ཕུལ་བའི་རྒྱལ་ཡིག་དང་ལེན་གནང་བ་རེད། 

fd1c6610d20d5f2e54455c26e898f6c.jpg

  • ཟླ12ཚེས12ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཨུ་རུ་སུའི་གཅིག་གྱུར་ཨུ་རུ་སུའི་ཏང་གི་ཀྲུའུ་ཞི་མེ་ཏེ་ཝུའེ་ཅེ་ཕུའུ་དང་མཇལ་འཛོམས་གནང་། 

  • ཟླ12ཚེས11ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ཀྲུང་ཚོང་དོན་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི2024ལོའི་ལོ་འཁོར་གྱི་རྟེན་འབྲེལ་མཛད་སྒོའི་དགོང་ཚོགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་དང་། ཨུ་ཡོན་ལྷན་ཁང་དང་ཁོངས་མི་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཞུས་ཤིང་། ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་ཡུན་རིང་སེམས་ཁུར་དང་རྒྱབ་སྐྱོར་གནང་མཁན་ཨ་རིའི་ལས་རིགས་ཁག་གི་མི་སྣར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་། 

  • ཟླ12ཚེས12ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས“2024ལོའི་ཚུང་ཏུའུ་རྒྱལ་སྤྱིའི་གླེང་སྟེགས”ལ་རྟེན་འབྲེལ་ཞུ་ཡིག་སྤྲིངས།  

  • ཆུ་བེད་པུས་ལྷོ་ཆུ་བྱང་འདྲེན་གྱི་ཤར་རྒྱུད་དང་དབུས་རྒྱུད་ཀྱི་དུས་ཐེངས་དང་པོའི་ལས་གྲྭར་ཆུ་ཁྱོན་ཡོངས་ནས་ཤར་གཏོང་ཐུབ་ནས་ལོ་བཅུ་འཁོར་བ་དང་། ཚེས12ཉིན་བར་ལས་གྲྭར་ཆུ་འདྲེན་ཚད་ཤོ་སྨི་དུང་ཕྱུར767ལྷག་ཙམ་ཡིན་པ་རེད། 

  • ཉེ་ཆར། ཀྲུང་དབྱང་རྩ་འཛུགས་པུ་སོགས་སྡེཁག་བཅུས་བསམ་འཆར་དཔར་འགྲེམ་བྱས་ནས་ཕྱི་རྒྱལ་དུ་སློབ་སྦྱོང་བྱས་ནས་མེས་རྒྱལ་དུ་ལོག་པའི་ཤེས་ལྡན་པ་རྒྱལ་ཁབ་ཀྱི་གཅིག་གྱུར་གྱི་ལས་ཞུགས་མ་ལག་ནང་འཇུག་རྒྱུ་ཁ་གསལ་བཏོན་ཡོད་པ་རེད། 

5dd59bb732f2ab3412c6185032a9201.jpg

  • ཚེས12ཉིན། རང་རྒྱལ་གྱིས་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་རྟགས་ཅན་གཉིས་པ་ཅན་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ང་པ་དང་རྒྱང་སྐྱོད་རྟགས་ཅན་གསུམ་པའི་སྟེང་ངོས་རིམ་པ་སྤྱད་དེ། འགྲོས་མགྱོགས་པའི་སྐུལ་འོད་རྡོ་རྗེ་ཕ་ལམ་གྱི་སྐར་ཁྱིམ་ཚོད་ལྟའི་མ་ལག་མཁའ་དབྱིངས་སུ་འཕེན་གཏོང་བྱས། 

  • ཚེས12ཉིན། “ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ75འཁོར་བ་དང་ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ25འཁོར་བར་རྟེན་འབྲེལ་ཞུ་བའི་ཨའོ་མོན་གྱི་ཉ་གྲུའི་སྐོར་སྐྱོད་ཆེན་མོ”དེ་ཨའོ་མོན་ཆིང་ཀྲོའུ་ཐང་གྲུ་ཁར་གཏོང་མགོ་བརྩམས་པ་རེད། 

  • ཚོང་དོན་པུས་སྐབས་གསར་པའི་ཨ་རི་སྲིད་གཞུང་གི་དཔལ་འབྱོར་ཚོང་དོན་ཚོགས་པ་དང་འབྲེལ་གཏུག་བྱ་རྒྱུར་སྒོ་དབྱེའི་རྣམ་འགྱུར་འཛིན་རྒྱུ་ཡིན་ཞེས་བཤད། 

    སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་བརྡ་བཏང་བ་ལྟར་ན། ཚེས12ཉིན་གྱི་ཆུ་ཚོད20ནས་ཚེས13ཉིན་གྱི་ཆུ་ཚོད20བར་ནང་སོག་དང་། ཧྲའན་ཞི་ནུབ་བྱང་རྒྱུད། ཧྲན་ཞི། ཧོ་པེ་བྱང་རྒྱུད། ཧོ་ནན། ཧྲན་ཏུང་སོགས་ས་ཁུལ་ཁ་ཤས་སུ་རླུང་རིམ་པ5པ་དང་ཐོལ་རླུང་རིམ་པ6པ་ནས8པའི་བར་འདུག

  • WTTའཛམ་གླིང་ཕིང་ཕང་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱི་གནས་ཚུལ་ལ་གཞིགས་ན། 2024ལོའི་རྒྱལ་སྤྱིའི་ཕིང་ཕང་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ལོ་མཇུག་ཏུ་རྐྱང་རྒྱག་འཛམ་གླིང་གི་ཨང་དང་པོ་དང་ཟུང་རྒྱག་འཛམ་གླིང་གི་ཨང་དང་པོ་ཁྱབ་བསྒྲགས་བྱས་པ་དང་། ཝང་ཁྲུའུ་ཆིན་དང་སུན་དབྱིན་ཧྲ། ཁྲེན་མོང་/ཝང་མན་ཡུས། ཝང་ཁྲུའུ་ཆིན/སུན་དབྱིན་ཧྲ་བཅས་སོ་སོར་སྐྱེས་པའི་རྐྱང་རྒྱག་དང་། བུད་མེད་རྐྱང་རྒྱག། བུད་མེད་ཟུང་རྒྱག མཉམ་བསྲེས་ཟུང་རྒྱག་བཅས་ཀྱི་ལོ་མཇུག་གི་འཛམ་གླིང་གི་ཨང་དང་པོ་ཐོབ་པ་རེད། 

  • ཉིན་ཤས་སྔོན་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ལྐོག་རྔན་བླངས་པའི་ཉེས་གསོག་གི་དོགས་གཞི་ཡོད་པའི་ཐོག་ནས། ཧའེ་ནན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གཞོན་པ་ལིའུ་ཞིང་ཐའེ་ཁྲིམས་ལྟར་འཛིན་བཟུང་བྱ་རྒྱུའི་ཐག་བཅད་པ་རེད། 

  • རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་དེ་སྔའི་རྒྱུན་ཨུ་དང་། མི་རིགས་དང་ཆོས་ལུགས་ཨུ་ལྷན་གྱི་དེ་སྔའི་ཀྲུའུ་རེན་གཞོན་པ་ཀུའོ་ཀྲུང་ཝུན་གྱིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས། ཏང་ཁོངས་དང་གཞུང་གི་ལས་གནས་ནས་ཕུད་པ་རེད། 

  • ཀན་སུའུ་ཞིང་ཆེན་སྲིད་གཞུང་གི་དེ་སྔའི་ཏང་ཙུའུ་ཁོངས་མི་དང་ཧྲེང་ཀྲང་གཞོན་པ་དབྱང་ཙི་ཞིང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས། ཏང་ཁོངས་ནས་ཕྱིར་འབུད་བྱས་པ་རེད། 

  • ཀྲུང་ཞིན་ཚོགས་པའི་དེ་སྔའི་ཏང་ཨུའི་ཨུ་ཡོན་དང་སྤྱི་ཁྱབ་ཅིང་ལི་གཞོན་པ་ཞུས་ཙུའོ་ཡིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས། ཏང་ཁོངས་དང་ལས་གནས་ནས་ཕུད་པ་རེད། 

  • ཚེས12ཉིན། རྒྱལ་ཡོངས་སྲིད་གྲོས་མི་འབོར་ཐོན་ཁུངས་ཁོར་ཡུག་ཨུ་ལྷན་གྱི་དེ་སྔའི་ཀྲུའུ་རེན་གཞོན་པ་དང་། ཧྲའན་ཞི་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའུ་ཧྲུའུ་ཅི་དང་ཀྲུའུ་ཞི་ཧན་ཡུང་གིས་ལྐོག་རྔན་བླངས་པའི་གྱོད་གཞི་དེ་ཁྲིམས་ར་འཚོག་སྐབས། ཧན་ཡུང་ལ་ཁྲིམས་འགལ་ངང་རྒྱུ་ནོར་སྒོར་དུང་ཕྱུར2.61ལྷག་ཙམ་བླངས་པའི་ཞུ་གཏུག་ཕོག་པ་རེད། 

  • ཀྲུང་གོར་བཙན་འཛུལ་བྱེད་མཁན་འཇར་དམག་གི་བདུན་གསུམ་གཅིག་དཔུང་སྡེའི་ཉེས་དཔང་བཤམས་སྟོན་ཁང་གི་སྣ་མང་འགྲེམ་སྟོན་དང་ཞབས་ཞུའི་ནུས་པ་འཐུས་ཚང་དུ་གཏོང་ཆེད། དེ་རིང་བདུན་གསུམ་གཅིག་དཔུང་སྡེའི་མདུན་ཕྱོགས་ཀྱི་ཐོག་བརྩེགས་ཁང་ཆེན་སླར་ཡང་སྒོ་ཕྱེ་ནས་སྤྱི་དམངས་ལ་སྒོ་མོ་ཕྱེ་བ་རེད། 

  • པེ་ཅིང་འགྲིམ་འགྲུལ་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས15ཉིན་ནས་བཟུང་། ས་འོག་ལྕགས་ལམ་གྱི་ལམ་ཐིག་གསར་པ་གསུམ་ཤར་གཏོང་ཐུབ་རྒྱུ་ཡིན་པ་དང་ཁྲའོ་དབྱང་མེ་འཁོར་བབས་ཚུགས་ཀྱིས་ས་འོག་ལྕགས་ལམ་སྦྲེལ་མཐུད་ཐུབ་རྒྱུ་ཡིན་པ་རེད། 

a818123d7fcb4f0b0f973aebb0a7f84.jpg

  • ཉེ་ཆར་ཀྲེ་ཅང་ལི་ཧྲུའེ་ཡི་ལོ48ལ་སླེབས་པའི་ཐའོ་ཝང་ཝུའུ་ན་ནས་གྲོངས་ཤིང་། ཁོང་གིས་སྙིང་དང་། གློ་བ། མཁལ་མ། མིག་སྐྱི། ཕུང་པོ་བཅས་ཞལ་འདེབས་བརྒྱབ་ནས་ནད་པ8ལ་སླར་ཡང་ཚེ་སྲོག་གསར་པ་ཐོབ་རོགས་བྱས།   

    སྲིད་ཇུས།

  • པེ་ཅིང་གིས་བརྡ་ཐོ་དཔར་འགྲེམ་བྱས་ནས། པེ་ཅིང་གྲོང་ཁྱེར་གྱི་ལས་བཟོའི་སྨན་བཅོས་གུན་སྐྱོབ་ཀྱི་མི་སྒེར་གྱི་རྩིས་ཁྲའི་ཁྱིམ་ཚང་གིས་ཐུན་མོང་ཐོག་རོགས་སྐྱོར་བྱེད་པའི་ཁྱབ་ཁོངས་དེ་ཐད་ཀའི་གཉེན་ཚན་ནས་གཉེན་ཚན་ཉེ་གྲས་བར་མང་དུ་བཏང་ཡོད། 

  • ཁྲུང་ཆིང་གིས་བརྡ་ཐོ་བཏང་ནས། གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིས་བུ་བཙའི་སྨན་བཅོས་འགྲོ་གྲོན་རྩིས་རྒྱག་སྐབས། སྨན་བཅོས་གུན་སྐྱོབ་ཁོངས་གཏོགས་ཀྱིས་བུ་བཙའི་ཕོགས་སྣོན་རང་འགུལ་ངང་རྩིས་རྒྱག་གི་ཡོད་པ་དེ། སྨན་བཅོས་གུན་སྐྱོབ་གཉེར་སྒྲུབ་སྒྲིག་གཞིས་ཞིབ་བཤེར་གཏན་འཁེལ་བྱས་རྗེས་གུན་སྐྱོབ་ནང་ཞུགས་མཁན་ལ་སྤྲོད་རྒྱུ་ཡིན་པ་ལས་དངོས་སུ་རེ་ཞུ་བྱེད་མི་དགོས། 

  • ཀུའེ་ཀྲོའུ་ཡིས་བརྡ་ཐོ་བཏང་ནས། ཟླ3པ་ནས6པའི་བར་དང་ཟླ9པ་ནས12པའི་བར། ཞིང་ཆེན་ཡོངས་ཀྱི་མཐོ་སློབ་ཀྱི་གདན་ཞུའི་ཞབས་ཞུའི་དུས་ཚིགས་ཡིན་པ་དང་། མཐོ་སློབ་ཁག་ལ་གཟའ་འཁོར་རེར་ཉུང་མཐར་ཡང་གདན་ཞུའི་ཚོགས་འདུ་འབྲིང་ཆུང་རེ་དང་ཟླ་རེར་ཉུང་མཐར་ཡང་ཆེ་གྲས་རེ་འཚོག་དགོས་པའི་བླང་བྱ་བཏོན་ཡོད་པ་རེད། 

    དེ་རིང་གི་གནམ་གཤིས། 

881890b34a421bddfb10e1ef73a2beb.jpg

  • ནང་སོག་གི་དབུས་རྒྱུད་དང་། ཧོ་པེ་ནུབ་བྱང་རྒྱུད་དང་ཤར་རྒྱུད། པེ་ཅིང་། ཐེན་ཅིན། ཧྲན་ཏུང་བྱང་ཤར་རྒྱུད་དང་ཤར་རྒྱུད། ཀན་སུའུ་ཡི་ལྷོ་རྒྱུད། སི་ཁྲོན་གྱི་ནུབ་རྒྱུད་ས་མཐོའི་ཤར་རྒྱུད། ཞིན་ཅང་གི་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ངམ་ཁངས་ཆར་འདྲེས་མ་འབབ་པ་དང་། ཅང་སུའུ་ཡི་བྱང་ཤར་རྒྱུད་དང་། ཀྲེ་ཅང་། སི་ཁྲོན་གྱི་ཤར་ལྷོའི་རྒྱུད། ཁྲུང་ཆིང་། ཀུའེ་ཀྲུའུ། ཧུའུ་ནན་གྱི་ལྷོ་ནུབ་རྒྱུད། ཡུན་ནན་གྱི་ཤར་རྒྱུད། ཀོང་ཞི། ཀོང་ཏུང་གི་ཤར་ལྷོའི་རྒྱུད་ཀྱི་མཚོ་རྒྱུད། ཧའེ་ནན་གླིང་ཕྲན། ཐའེ་ཝན་གླིང་ཕྲན་བཅས་ལ་ཆར་ཆུང་འབབ་རྒྱུ་རེད།


མཉམ་སྤྱོད།