དེ་རིང་ནི2024ལོའི་ཟླ12པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-12-16 07:12:13   |   191

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།  

  • ཟླ12པའི་ཚེས16ཉིན་དཔེ་སྐྲུན་བྱ་རྒྱུ་ཡིན་པའི《བདེན་འཚོལ》དུས་དེབ་ཐེངས24པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ། 《ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་གཏིང་ཟབ་གཏོང་དགོས》ཞེས་པ་འགོད་རྒྱུ་རེད།   

123.jpg

  • 2024ལོའི་བར་རང་རྒྱལ་གྱིས་ཉིང་རྡུལ་གློག་འཕྲུལ་སྒྲིག་སྦྱོར་འཕྲུལ་འཁོར་སྟོང་ཝ་དུང་ཕྱུར1.13ཙམ་བསྐྲུན་བཞིན་པ་དང་བསྐྲུན་རྒྱུའི་ཆོག་མཆན་སྤྲད་ཡོད་པས། གཞི་ཁྱོན་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད།

  • ད་ལོའི་ཟླ་དང་པོ་ནས་བཅུ་གཅིག་པའི་བར་རྒྱལ་ཡོངས་ཀྱི་ལས་བཟོའི་སྨན་བཅོས་འགན་བཅོལ་སྒོ་བསྟེན་སྨན་ཁང་གིས་མི་ཐེངས་དུང་ཕྱུར3.23ལ་རོགས་སྐྱོར་བྱས་པ་དང་ཁྱོན་མ་དངུལ་སྒོར་དུང་ཕྱུར444.52ཀྱིས་རོགས་སྐྱོར་བྱས་ཡོད།  

  • རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན།    རང་རྒྱལ་གྱིས་རིམ་པ་དབྱེ་ནས་ཀྲུང་ལུགས་གསོ་རིག་གི་ལེགས་ཆའི་ཆེད་ཚན་འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ། ཀྲུང་ལུགས་གསོ་རིག་གི་ནད་ཐོག་སྨན་བཅོས་ཀྱི་ཕན་ནུས་སྔར་བས་ཆེ་རུ་གཏོང་རྒྱུ་དང2029ལོར་སླེབས་སྐབས་རྒྱལ་ཡོངས་ཀྱི་ཀྲུང་ལུགས་གསོ་རིག་གི་ལེགས་ཆའི་ཆེད་ཚན་གྱི་སྤྱིའི་གཞི་ཁྱོན་ཁྲི1ཙམ་ཟིན་ཐབས་བྱ་རྒྱུ་རེད།

  • རྒྱལ་ཁབ་དངུལ་རྩ་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ11པའི་ཟླ་མཇུག་བར། དངུལ་ཁང་གིས“འོས་སྦྱོར་གསལ་ཐོའི”ནང་བཅུག་པའི་གཉེར་སྐྱོང་བྱེད་པོ་ཆུང་གྲས་དང་ཆེས་ཆུང་གྲས་ལ་དངུལ་བུན་གསར་པ་སྒོར་དུང་ཕྱུར་ཁྲི1.2བཏང་ཡོད།   

  • སྡོམ་རྩིས་ལྟར་ན། 2023ལོར་ནང་ས་དང་ཨོ་མོན་གྱི་ཚོང་དོན་དངུལ་འབོར་ཨ་སྒོར་དུང་ཕྱུར38.4ཟིན་པ་དེ་མེས་རྒྱལ་གྱི་པང་དུ་མ་ལོག་གོང་ལས་ལྡབ4.3འཕར་ཡོད།      

  • ཚོང་དོན་པུས་ཀྲུང་གོའི་ཁེ་ལས་ཀྱིས་དམངས་སྤྱོད་ཁྱབ་ཁོངས་སུ་མི་མེད་གནམ་གྲུའི་རྒྱལ་སྤྱིའི་ཚོང་དོན་དང་མཉམ་ལས་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་སྨྲས།     

  • ཧྥི་ལི་ཕིན་དུ་ཀྲུང་གོའི་སྤྱི་དམངས་དང་འབྲེལ་བ་ཡོད་པའི་མེ་མདའ་བཟུང་ནས་འཕྲོག་བཅོམ་བྱས་པའི་གྱོད་གཞི་བྱུང་། ཧྥི་ལི་ཕིན་དུ་བཅའ་སྡོད་བྱས་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་གནས་ཚུལ་ཡོངས་བསྒྲགས་བྱས་ནས་ཧྥི་ལི་ཕིན་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ལ་བདེ་འཇགས་དོགས་ཟོན་བྱེད་དགོས་པའི་དྲན་སྐུལ་བྱས།     

  • ཧན་གོའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས15ཉིན་ཧན་གོའི་ཞིབ་དཔྱོད་ལས་ཁུངས་ཀྱིས་དབྱི་ཞི་ཡའོ་འབོད་འགུག(传唤)་བྱས་ཀྱང་དབྱི་ཞི་ཡའོ་ཡིས་དང་ལེན་བྱས་མེད།  

སྤྱི་ཚོགས། 

  • ཞིང་ལས་དང་གྲོང་གསེབ་པུས་གནམ་གཤིས་ཇེ་གྲང་ཡིན་པས་ཞིང་ནང་གི་སྔོ་ཚལ་ལ་སད་ཀྱི་གནོད་སྐྱོན་ཐེབས་རྒྱུར་དོགས་ཟོན་བྱེད་དགོས་པའི་དྲན་སྐུལ་བྱས།     

  • ཉེ་ཆར་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་རྒྱལ་ཁབ་ལག་རྩལ་གསར་གཏོད་ལྟེ་གནས་ཞུང་ཨན་ལྟེ་གནས་དངོས་སུ་ལས་གཉེར་བྱེད་མགོ་ཚུགས་པ་དང་རང་བརྟེན་གསར་གཏོད་རང་བཞིན་གྱི་རྣམ་གྲངས་མང་པོ་ཞིག་ཞུང་ཨན་ཁུལ་གསར་དུ་ལག་བསྟར་བྱེད་མགོ་ཚུགས།     

  • ཚེས15ཉིན། 2024/25འགྲན་དུས་ཀྱི་ལམ་ཐུང་མྱུར་ཤུད་འཛམ་གླིང་སྐོར་སྐྱོད་འགྲན་བསྡུར་ཧྲོའར་ས་ཚིགས་ཀྱི་སྐྱེས་པའི་སྨི5000གི་མཐུད་རྒྱུག་འགྲན་བསྡུར་ནང་ཀྲུང་གོའི་རུ་ཁག་གིས་ཨང་དང་པོ་བླངས།   

0000~1.jpg

  • ཚེས15ཉིན། འཛམ་གླིང་བྱ་སྒྲོ་སྤོ་ལོའི་མཉམ་འབྲེལ་ཚོགས་པའི་ལོ་མཇུག་གི་རྟིང་རྩོད་འགྲན་བསྡུར་ཁྲོད། ཝང་ཀྲི་དབྱི་དང་ཀྲེན་མེན་ལིན། ཧོང་ཡ་ཆུང་།    ཧྲི་ཡུས་ཆི་བཅས་སོ་སོར་བུད་མེད་རྐྱང་འགྲན་དང་། ཆ་སྒྲིག སྐྱེས་པའི་རྐྱང་འགྲན་བཅས་ཀྱི་བྱ་དགའ་ཨང་དང་པོ་ཐོབ།     

  • ཀྲེང་ཆིན་ཝུན་ལ2024ལོའི་འགྲན་དུས་ཀྱིWTAཡི་ལོ་འཁོར་གྱི་སྤོ་ལོ་རྩེ་སྟངས་ཡག་ཤོས་ཀྱི་གཟེངས་བསྟོད་ཐོབ།  

  • ས་གནས་དེ་གའི་ཚེས15ཉིན། དོམ་ཁྲ“ཞིན་ཆུ”དང“དབྱི་ལན”གཉིས་ཨོ་སི་ཁྲུ་ལི་ཡའི་ཨ་ཏེ་ལའེ་ཏེར་འབྱོར་ཞིང་། དོན་ཁྲ་དེ་གཉིས་ཨ་ཏེ་ལའེ་ཏེ་སྲོག་ཆགས་གླིང་དུ་བསྐྱོད་དེ་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་རེས་སྐོར་གསར་པའི་དོམ་ཁྲ་སྲུང་སྐྱོང་གི་མཉམ་ལས་ཞིབ་འཇུག་མགོ་འཛུགས་རྒྱུ་རེད།  

3.jpg  

  • ཉེ་ཆར་དགེ་སློབ1600ལྷག་ཙམ་གྱིས་ཧའར་པིན་བཟོ་སྐྲུན་སློབ་ཆེན་གྱི་དམག་དོན་བཟོ་ལས་ལུས་རྩལ་ཐང་དུ་ཁ་བའི“ཧྥུ་ཅན་དམག་གྲུ”དང་སྐབས་དགུ་པའི་ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་ཀྱི་བཀྲ་ཤིས་མཚོན་རྟགས“པིང་པིང་”དང“ཉི་ཉི”བཟོས།     

  • ཉེ་ཆར་ཁྲུང་ཆིང་ཕུའུ་ལིང་བྲག་རིམ་རླངས་ཞིང་ནན་ཁྲོན་ཁུལ་དུ་རྩད་ཆོད་པའི་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར1213.56མང་དུ་ཕྱིན་པ་དང་། རྩད་ཆོད་པའི་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་ཁྲི་ཟིན་ཡོད།    

4.gif

  •  ཉེ་ཆར།  ཅང་སུའུ་ཀྲང་ཅ་ཀང་ནས་ཡིན་པའི་རྒད་པོ་ཝང་ལགས་ཀྱི་གློག་འཁོར་རླངས་འཁོར་ཞིག་དང་ཁ་ཐུག་བརྒྱབ་ནས་རླངས་འཁོར་གྱི་འོག་ཏུ་ཚུད། ཉེན་ཁ་ཆེ་བའི་སྐབས་སུ་ཉེ་འཁོར་གྱི་མང་ཚོགས་རྣམས་གཅིག་རྗེས་གཉིས་མཐུད་ངང་ཡོང་ནས་རླངས་འཁོར་ཡར་བཀྱགས་ཏེ་སྐར་ཆ35ལས་མ་འགོར་བར་རྒད་པོ་ཝང་ལགས་བསྐྱབས།    

སྲིད་ཇུས། 

  • ཅང་སུའུ་ཡིས་ཇུས་གཞི་པར་འགྲེམས་བྱས་ཏེ་ས་གནས་ཁག་གིས་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱི་ཕྱོགས་བསྡུས་སྐར་ཁུང་དུ“ཕན་འབྲས་ཆེ་བའི་སྒོ་ནས་བྱ་བ་གཅིག་གཉེར། སྨན་བཅོས་འགྲོ་གྲོན་རྩིས་ཞུ་བྱེད་པའི་བྱ་བ་གཅིག་གཉེར”ཞེས་པའི་ཞབས་ཞུའི་ཆེད་དོན་སྐར་ཁུང་བཙུགས་ཏེ། “སྐར་ཁུང་གཅིག་ནས་བདག་སྤྲོད་དང་མཉམ་འགུལ་སྒྲུབ་གཉེར”གྱི་གཅིག་འཐུས་རྣམ་པའི་གཅིག་སྡུད་ཞབས་ཞུ་མཁོ་འདོན་བྱས།     

  • ཧུའུ་ནན་གྱིས་ཇུས་གཞི་པར་འགྲེམས་བྱས་ནས་གནས་སྡོད་ལག་ཁྱེར་གཞི་འཛིན་སར་བྱེད་པའི་འོས་འགན་སློབ་གསོའི་མཉམ་ཁྲིད་བུ་ཕྲུག(随迁子女)གི་སློབ་ཞུགས་སྲིད་ཇུས་མགྱོགས་མྱུར་འཐུས་ཚང་དུ་གཏོང་བ་དང་།    མཉམ་ཁྲིད་བུ་ཕྲུག་གི་ཐོབ་ཐང་གཏན་འཁེལ་གྱི་གོ་རིམ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། སློབ་ཞུགས་བརྒྱུད་རིམ་དང་ར་སྤྲོད་བླང་བྱ་སྟབས་བདེ་རུ་གཏོང་བ་བཅས་བྱ་རྒྱུ་རེད།     

  • ཀོང་ཏུང་གིས་ཇུས་གཞི་པར་འགྲེམས་བྱས་ནས་ལྗིད་ཤུགས་རྣམ་པའི་ཆུ་ཟབ་དྲ་སྒམ་དང་། འདེགས་སྐྱོར་རིགས་ཀྱི་དྲ་སྒམ། གསོ་ཚགས་ལས་སྟེགས་བཅས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་རྒྱང་རིང་གཏིང་ཟབ་ཀྱི་རྒྱ་མཚོའི་གསོ་ཚགས་བར་མཐོངས་ཆེ་རུ་ཧུར་ཐག་བཏང་ནས་གསོ་ཚགས་ཐོན་ལས་ཀྱི་བཀོད་པ་ལེགས་སུ་གཏོང་རྒྱུ་ཁ་གསལ་བཏོན།      

དེ་རིང་གི་གནམ་གཤིས།    

5.jpg

  • ཞིན་ཅང་གི་བྱང་རྒྱུད་དང་ནང་སོག་གི་དབུས་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་ཆུང་འབབ་རྒྱུ་རེད། དེའི་ནང་ཐ་ཁྲེང་གི་ས་བབ་མཐོ་བའི་ས་ཁུལ་དང་། དབྱི་ལི་ལུང་གཞུང་། ཐེན་ཧྲན་རི་ཁུལ་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་འབྲིང་ཙམ་ནས་ཆེན་པོ་འབབ་རྒྱུ་རེད། ས་ཁུལ་ཁ་ཤས་སུ་ཁངས་ཆག་འབབ་རྒྱུ་རེད། ཡུན་ནན་གྱི་ལྷོ་རྒྱུད་དང་ཐའེ་ཝན་གླིང་ཕྲན་གྱི་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་པ་སིམ་སིམ་འབབ་རྒྱུ་རེད།


མཉམ་སྤྱོད།