དེ་རིང་ནི2025ལོའི་ཟླ03པའི་ཚེས15ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-01-06 10:05:05   |   1534

སྒྲིག་སྒྱུར།   དམ་ཆོས་བསམ་འགྲུབ།    ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།    བཤེར་འབེབས།    རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཟླ1པའི་ཚེས5ཉིན། ཀྲུང་གོའི་མཁའ་སྐྱོད་པ་རུ་ཁག་བཙུགས་ནས་ལོ27འཁོར་བ་རེད། མིག་སྔར། ལྷ་གྲུ་ཨང་བཅུ་དགུ་པའི་འགྲུལ་པའི་ཚོགས་ཆུང་གིས་བར་སྣང་དུ་གཞུང་དོན་སྒྲུབ་བཞིན་ཡོད་པ་དང་ཁོང་ཚོས་འཁོར་ལམ་ཐོག་སྦྲུལ་ལོའི་དཔྱིད་གསར་དུས་ཆེན་བསུ་རྒྱུ་རེད།  ཟླ་འདིའི་ནང་ལྷ་གྲུ་ཨང་བཅོ་བརྒྱད་པའི་འགྲུལ་པའི་ཚོགས་ཆུང་གིས་སྨྱན་སྦྱོར་དང་མང་ཚོགས་ལ་བརྙན་ལམ་བརྒྱུད་དེ་ཐུག་འཕྲད་བྱ་འཆར་ཡོང་པ་རེད།

  • ཀྲུང་གོའི་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར་གཞིགས་ན།  རང་རྒྱལ་གྱི་ཚོང་ར་འབོར་ཆེན་གྱི་སྤྱིའི་འཁོར་སྐྱོད་བརྟན་པོ་ཡིན་པ་དང་ལས་རིགས་མང་ཆེ་བས་རྗེས་ཕྱོགས་ཀྱི་ཁྲོམ་རར་སྤྲོ་སྣང་གི་སྔོན་དཔག་བྱེད་ཀྱི་ཡོད་པ་རེད།

  • རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུ་ནས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔར། པེ་ཅིང་དང་། ཐེན་ཅིན། ཧོ་པེ་སོགས་ཞིང་ཆེན29(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར་)དང་དེ་བཞིན་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས་བཅས་ཀྱིས་ཞིང་ཆེན་ཡོངས་ལ་ཁྱབ་པའི་དམིགས་འཛུགས་སྨན་ཁང་གི་རིན་གོང་བསྡུར་བ་བྱེད་པའི་མ་ལག་བྱ་རིམ་གཅིག་རྗེས་གཉིས་མཐུད་ངང་བཏོན་ཡོད་པ་རེད།

  • ཚེས5ཉིན། འགག་སྒོའི་སྤྱི་ཁྱབ་ཧྲུའུ་ཡིས་བྱ་ཐབས་ཁག15བཏོན་ནས་དུས་རབས་གསར་པར་ནུབ་རྒྱུད་གསར་སྤེལ་ཆེན་མོར་སྔར་བས་སྐུལ་འདེད་བཏང་ནས་རྣམ་པ་གསར་པ་ཆགས་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་རེད།

01.jpg

  • ཚེས5ཉིན། གོ་ལ་ཧྲིལ་པོའི་ཕུར་རྒྱག་གྲུ་གཟིངས་ཆེ་ཤོས་“ཨར་ཧང་ཁྲང་ཆིང་”རྟགས་ཅན་ཅང་སུའུ་ཆི་ཏུང་དུ་བདེ་བླག་ངང་རྩིས་སྤྲོད་བྱས་པ་རེད།

  • ཚེས5ཉིན། འབྲི་ཆུ་ཧན་ཅང་དུ་འདྲེན་པའི་ལས་གྲྭའི་བྲག་རྐོ་འཕྲུལ་འཁོར་དང་པོ“ཅང་ཧན་བདེ་འཇགས་རྟགས་ཅན”གྱིས་ཧུའུ་པེ་ཞིང་ཆེན་དབྱི་ཁྲང་གྲོང་ཁྱེར་དབྱི་ལིང་ཁུལ་ནས་བདེ་བླག་ངང་རྐོ་མགོ་བརྩམས།

  • རྒྱལ་ཁབ་ལྕགས་ལམ་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན།  2024ལོར། ཀྲུང་གོ་དང་ཡོ་རོབ་གླིང་གི་རེས་འཁོར་མེ་འཁོར་ཁྱོན་སྡོམ་ཁྲི1.9བཏང་བ་དང་། དངོས་ཟོག་སྒམ་ཁྲི207སྐྱེལ་ཡོད། དུས་མཚུངས་ལས་སོ་སོ10%དང9%འཕར་སྣོན་བྱུང་ཡོད་པ་རེད།

02.jpg

  • ས་གནས་དེ་གའི་དུས་ཚོད་ཚེས3ཉིན།  ཀྲུང་གོའི་ལྷོ་སྣེ་རྟོག་ཞིབ་ལས་འགན་ཐེངས41པ་ལག་བསྟར་བྱེད་པའི“གངས་འབྲུག་”རྟགས་ཅན་གྱི་སྣེ་གླིང་ཚན་རིག་རྟོག་ཞིབ་འཁྱགས་གཏོར་གྲུ་གཟིངས་དེ་ཁྲང་ཁྲེང་ས་ཚིགས་ཉེ་འགྲམ་གྱི་མཚོ་ཁོངས་སུ་འབྱོར་ནས་དངོས་ཟོག་འབབ་པའི་ལས་ཀ་བྱེད་རྩིས་ཡོད་པ་རེད།

  • ཚེས5ཉིན། ཧན་གོ་མཉམ་འབྲེལ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན།    ཉིན་དེར། ཧན་གོའི་ཁྲིམས་ཁང་གིས་ལས་གནས་མཚམས་འཇོག་བྱས་པའི་ཙུང་ཐུང་དབྱིན་ཞི་ཡུའེ་ཕྱོགས་ཀྱིས་འཛིན་བཟུང་བཀའ་རྒྱ་ལག་བསྟར་བྱེད་པར་དམིགས་ནས་བཏོན་པའི་བསམ་འཆར་མི་འདྲ་བའི་རེ་ཞུ་ཕྱིར་སློག་བྱས་པ་རེད།

སྤྱི་ཚོགས།

  • དེ་རིང་ནས་བཟུང་། རེས་འདིའི་མཁའ་རླུང་གྲང་མོས་རྒྱལ་ཡོངས་ཀྱི་ལོ་མང་རིང་གི་དྲོད་ཚད་ཅུང་མཐོ་བའི་རྣམ་པར་འགྱུར་ལྡོག་བཏང་ནས། དབུས་ཤར་རྒྱུད་ཀྱི་ས་ཁུལ་མང་ཆེ་བའི་དྲོད་ཚད་མངོན་གསལ་དོད་པོས་ཆག་རྒྱུ་རེད།

  • ཚེས5ཉིན།  སྐབས41པའི་ཀྲུང་གོ·ཧར་པིན་རྒྱལ་སྤྱིའི་གངས་འཁྱགས་དུས་ཆེན་ཧར་པིན་གངས་འཁྱགས་གླིང་ནས་མགོ་བརྩམས་པ་རེད།

03.jpg

  • ཚེས5ཉིན།  ཀྲུང་གོའི་སྦྲག་སྲིད་ཀྱིས《སྦྲུལ་ལོ》ཞེས་པའི་དམིགས་བསལ་སྦྲག་བྱང་འགྲེམས་སྤེལ་བྱས་པ་རེད།

  • ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཁང་གི2025ལོའི་དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོ་དགོང་ཚོགས་འཁྲབ་སྦྱོང་ཐེངས་དང་པོ་ཚེས5ཉིན་ལེགས་གྲུབ་བྱུང་།

  • ཚེས5ཉིན། ཧྲན་ཤིས་ཞི་ཨན་ནས་ཞང་ཀང་དུ་ཐད་ཀར་འགྲོ་བའི་མྱུར་བགྲོད་མེ་འཁོར་ཐོག་མར་གཏོང་མགོ་བརྩམས་པ་དང་། དེ་ནི་ནུབ་བྱང་ས་ཁུལ་ནས་ཞང་ཀང་དུ་བསྐྱོད་པའི་མེ་འཁོར་ཐེངས་དང་པོ་ཞིག་ཀྱང་ཡིན་པ་རེད།

  • ས་གནས་དེ་གའི་དུས་ཚོད་ཚེས4ཉིན།  2024ལོ་ནས2025ལོའི་འགྲན་དུས་ཀྱི་རྒྱལ་སྤྱིའི་གངས་ཤུད་མཉམ་འབྲེལ་ལྷན་ཚོགས་ཀྱི་རང་དབང་རྣམ་པའི་གངས་ཤུད་མཆོང་སྟེགས་ཆེན་པོའི་འཛམ་གླིང་བུམ་པའི་འགྲན་བསྡུར་ཁྲོད། ཀྲུང་གོའི་བདམས་ཐོན་པ་ལིའུ་མེང་ཐིང་ལ་སྐར་མ170.6ཐོབ་ནས་ཨང་དང་པོ་ཐོབ་པ་རེད།

04.jpg

  • ཉེ་ཆར། ཀུའེ་ཀྲོའུ་ཀྱི“གྲོང་ཚོའི་རིམ་འདས་འགྲན་བསྡུར”སྐབས་གསུམ་པ་དངོས་སུ་འགྲན་མགོ་བརྩམས་པ་དང་། འགྲན་བསྡུར་ནང་ཞུགས་པའི་གྲོང་ཚོའི་རུ་ཁག108ཡི་སྤོ་ལོ་རྒྱག་མཁན་མི3000ལྷག་ཙམ་གྱིས་འགྲན་དུས་གསར་པའི་སྤྱིའི་ཨང་དང་པོར་ཕར་རྒོལ་བྱ་རྒྱུ་ཡིན་པ་རེད།

  • ཏ་ལེན་མཚོ་དོན་ཅུ་ཡིས་མཚོ་འགྲུལ་ཉེན་བརྡ་བཏང་བ་སྟེ། ཚེས5ཉིན་གྱི་དུས་ཚོད16ནས་ཚེས12ཉིན་གྱི་དུས་ཚོད16བར་པོ་ཧའེ་མཚོ་འགག་གི་རྒྱ་མཚོ་སེར་པོའི་བྱང་རྒྱུད་ཀྱི་མཚོ་ཁོངས་ཁག་གཅིག་ཏུ་དམག་དོན་ལས་འགན་བསྒྲུབས་ནས་འཛུལ་མི་ཆོག་པ་རེད།

05.gif

  • ཨན་ཧུའེ་ཧྥུ་དབྱང་གི་རྒན་རྒོན་ཞིག་གཟབ་ནན་མ་བྱས་པར་ཆུའི་ནང་དུ་ལྷུང་། གཉེན་ཉེ་ལ་ཐུག་འཕྲད་བྱེད་པར་འགྲོ་བའི་དམག་མི་ཏུང་ཨའོ་ཡུས་ཀྱིས་གནས་ཚུལ་དེ་ཤེས་རྗེས། འཕྲལ་དུ་ཆུའི་ནང་དུ་མཆོང་ནས་རྒན་རྒོན་དེ་བསྐྱབས་པ་རེད།

སྲིད་ཇུས།

  • ཐེན་ཅིན་གྱིས་བྱེད་ཐབས་དཔར་འགྲེམས་བྱས་ནས། ཁེ་ལས་ཀྱིས་ལས་ཞུགས་དཀའ་ངལ་ཡོད་པའི་མི་སྣ་དང་དབུལ་སྒྲོལ་ངལ་རྩོལ་ནུས་ཤུགས་བསྡུ་ལེན་བྱས་ནས་ལས་ཞུགས་བྱེད་པར། དུས་ཡུན་རིང་ཤོས་ལོ་གསུམ་གྱི་སྤྱི་ཚོགས་འགན་སྲུང་ཁ་གསབ་དང་ལོ་གཅིག་གི་ལས་གནས་ཁ་གསབ་སྤྲོད་རྒྱུ་རེད།

  • ཧྥུ་ཅན་གྱིས་བྱེད་ཐབས་དཔར་འགྲེམས་བྱས་ནས། འཛད་སྤྱོད་པས་རླངས་འཁོར་གསར་པ་ཉོ་ཚེ།    རླངས་འཁོར་གྱི་རིན་གོང(རླངས་འཁོར་ཉོ་བའི་འབྱོར་འཛིན་དངུལ་གྲངས)ལྟར་རིམ་པ་དབྱེ་བའི་ཁ་གསབ་མཐོ་ཤོས་སྒོར4000སྤྲོད་རྒྱུ་ཡིན་པ་རེད།

  • ཀོང་ཞིས་ཇུས་གཞི་དཔར་འགྲེམས་བྱས་ནས་གྲངས་འཛིན་སྲིད་དོན་གཞི་གཅིག་ཅན་གྱི་སྟེགས་བུ་དང“ཀྲི་ཀུའེ་ཐུང་”སྤོ་སྒུལ་མཐའ་སྣེ་ནས་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་མི་སྒེར་གྱི་སྡོད་ཁང་དངུལ་བུན་གྱི་ཁང་པ་ཉོ་པའི་དོན་དག་དེ་དྲ་ཐོག་ནས་སྒྲུབ་ཐུབ་པ་མངོན་འགྱུར་བྱ་རྒྱུ་རེད།     

དེ་རིང་གི་གནམ་གཤིས།

06.jpg

  • ནང་སོག་གི་དབུས་ཤར་རྒྱུད་དང་། ཧེ་ལུང་ཅང་གི་དབུས་བྱང་རྒྱུད། ཅི་ལིན་ཤར་རྒྱུད། ཞིན་ཅང་ནན་ཅང་གི་གཤོང་ས་དང་། ནན་ཅང་གི་ནུབ་རྒྱུད་རི་ཁུལ། བོད་ལྗོངས་ནུབ་རྒྱུད་སོགས་ཀྱི་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་བ་ནས་འབྲིང་ཙམ་འབབ་པ་དང་། དེའི་ནང་། ཞིན་ཅང་ནན་ཅང་གི་ནུབ་རྒྱུད་རི་ཁུལ་དང་བོད་ལྗོངས་ནུབ་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་ཆེན་པོ་འབབ་པ་དང་། ས་གནས་ཁ་ཤས་སུ་ཁངས་ཆར་དྲག་པོ་འབབ་རྒྱུ་རེད། ཐའེ་ཝན་གླིང་ཕྲན་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་ཆུང་ཆུང་འབབ་རྒྱུ་རེད། 


མཉམ་སྤྱོད།