དེ་རིང་ནི2025ལོའི་ཟླ03པའི་ཚེས15ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-01-07 09:39:37   |   736

སྒྲིག་སྒྱུར།   དམ་ཆོས་བསམ་འགྲུབ།    ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།    བཤེར་འབེབས།    རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཚེས6ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གསུང་བཤད་གལ་ཆེན་གནང་།

  • ཟླ1པའི་ཚེས6ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་པོ་ཚི་ཝ་ནའི་ཙུང་ཐུང་པོ་ཁོ་གཉིས་ཀྱིས་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་ནས་རྒྱལ་ཁབ་གཉིས་ཀྱིས་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ50འཁོར་བར་རྟེན་འབྲེལ་ཞུས་པ་རེད།

  • རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའི་གྲངས་གཞི་ལས་མངོན་པར་གཞིགས་ན། 2024ལོའི་ཟླ11པའི་སྔོན་དུ་རང་རྒྱལ་གྱིས་ཚན་རྩལ་གསར་གཏོད་དང་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ཀྱི་ཁྲལ་འཕྲི་དང་དཔྱ་ཁྲལ་ཇེ་དམའ་རུ་གཏོང་བ། དཔྱ་ཁྲལ་ཕྱིར་སློག་བྱས་པའི་མ་དངུལ་སྒོར་དུང་ཕྱུར22979ཡིན།

  • ཀྲུང་གོ་ཚོང་ལས་མཉམ་འབྲེལ་ལྷན་ཚོགས་ཀྱི་གྲངས་གཞི་ལས་མངོན་པར་གཞིགས་ན། ཟླ1པོར། ཀྲུང་གོའི་སིལ་ཚོང་ལས་རིགས་ཀྱི་དར་རྒྱས་སྟོན་གྲངས51.1%ཡིན་པ་དང་། འཛད་སྤྱོད་ཁྲོམ་ར་མུ་མཐུད་དུ་འཕར་ནས་ཇེ་ལེགས་སུ་འགྲོ་བཞིན་ཡོད་པ་རེད།

  • ཉེ་ཆར། ཆེས་མཐོའི་ཁྲིམས་ཁང་གིས་ཚན་རྩལ་གསར་གཏོད་ལ་ཞབས་ཞུའི་འགན་ལེན་བྱ་རྒྱུའི་བསམ་འཆར་ཁྱབ་བསྒྲགས་བྱས་ནས། ཚན་རྩལ་གསར་གཏོད་གྲུབ་འབྲས་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཡོད།

  • རྒྱལ་ཁབ་གཞི་གྲངས་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱིས་རྒྱལ་ཁབ་ཀྱི་གྲངས་གཞིའི་རྨང་གཞིའི་སྒྲིག་བཀོད་བཀོད་སྒྲིག་མགྱོགས་སུ་གཏོང་བཞིན་ཡོད་པ་དང་། ཚོད་རྩིས་བྱས་པར་གཞིགས་ན། ལོ་རེར་ཐད་ཀར་མ་དངུལ་སྒོར་དུང་ཕྱུར4000ཙམ་འགུག་རྒྱུ་ཡིན་པ་རེད།

  • འགྲིམ་འགྲུལ་སྐྱེལ་འདྲེན་པུའི་འབྲི་ཆུ་མཚོ་འགྲུལ་དོ་དམ་ཅུའི་གྲངས་གཞི་ལས་མངོན་པར་གཞིགས་ན། 2024ལོར། སྔོན་དཔག་བྱས་ན་འབྲི་ཆུའི་མ་ལམ་གྲུ་ཁའི་དངོས་ཟོག་འདོན་འཇུག་བྱེད་ཚད་ཏུན་དུང་ཕྱུར40.2ཡིན་པ་དང་། དུས་མཚུངས་ལས3.9%འཕར་སྣོན་བྱས་ཡོད། 

01.jpg

  • ཚེས6ཉིན། ཀྲུང་གོའི་ས་གཤིས་བརྟག་དཔྱད་ཅུ་ཡིས་མཚོ་བོད་མཐོ་སྒང་དུ“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”ཚུན་ཏུ། རིམ་རྩིས་བྱས་ན་ཟངས་ཀྱི་ཐོན་ཁུངས་ཏུན་ཁྲི2000ལྷག་ཙམ་གསར་དུ་འཕར་བ་དང་། སྔོན་དཔག་བྱས་པའི་ཐོན་ཁུངས་ཀྱི་མི་མངོན་པའི་སྟོབས་ཤུགས་ཏུན་དུང་ཕྱུར1.5ཡོད་ཞེས་ཁྱབ་བསྒྲགས་བྱས་པ་རེད། 

  • ཚེས6ཉིན། ཧན་གོ“ཐུན་མོང་བརྟག་དཔྱད་པུས”གསལ་བསྒྲགས་སྤེལ་ནས། ཉིན་དེར། ཧྲིག་ཨར་གྱི་ནུབ་རྒྱུད་ས་གནས་ཁྲིམས་ཁང་ལ་དབྱིན་ཞི་ཡུའེ་འཛིན་བཟུང་བཀའ་རྒྱའི་གོ་ཆོད་དུས་ཡུན་རིང་དུ་གཏོང་རྒྱུའི་རེ་ཞུ་ཕུལ་ཡོད་ཅེས་བཤད་པ་རེད།

སྤྱི་ཚོགས། 

  • ཚེས6ཉིན་ནས་བཟུང་། རང་རྒྱལ་གྱི་དབུས་ཤར་ས་ཁུལ་དང་ལྷོ་ནུབ་ས་ཁུལ་དུ་ཁྱབ་ཁོངས་ཆེན་པོའི་སྒོ་ནས་དྲོད་ཚད་དམའ་རུ་འགྲོ་རྒྱུ་དང་ཞིན་ཅང་དང་ཀན་སུའུ་།    ཧོ་པེ།  དེ་བཞིན་བྱང་ཤར་ས་ཁུལ་དུ་དྲོད་ཚད་ཏུའུ4—8℃བར་མར་ཆག་རྒྱུ་རེད། 

  • མིག་སྔའི་བར། རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱི་ལས་གནས་ཐོག་ཡོད་པའི་ཉེན་རྟོག་པ་ཁྲི192.2ཀྱིས་གཞི་རྩའི་རིམ་པའི་ཁྲིམས་འཛིན་ཐོབ་ཐང་བླངས་ཡོད་པ་དང་། མི་ཁྲི6.5ཡིས་མཐོ་རིམ་ཁྲིམས་འཛིན་ཐོབ་ཐང་བླངས་ཡོད། 

  • ཚེས6ཉིན། ཀྲུང་གོ་རྐང་རྩེད་སྤོ་ལོའི་ལྷན་ཚོགས་ཀྱིས2025ལོའི་འགྲན་དུས་ལས་རིགས་རིམ་མཚུངས་མཉམ་འགྲན་གྱི་ཆོག་འཐུས་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། ཁྱོན་སྡོམ་སྤྲོ་སྐྱིད་ཁང49ལ་ཆོག་འཐུས་བྱས་པ་རེད།

  • ལིའོ་ཉིང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་ལྐོག་རྔན་བླངས་པའི་བྱས་ཉེས་དང་ཁྲིམས་འགལ་ངང་རིགས་མཐུན་གྱི་ལས་གཉེར་གཉེར་སྐྱོང་བྱས་ཉེས་ཀྱི་དོགས་གཞི་ཡོད་པའི་ཐོག་ནས་ཀྲུང་གོའི་ཀྲུང་ཤིན་ཚོགས་པ་ཚད་ཡོད་སྤྱི་གཉེར་ཀྱི་དེ་སྔོན་ཏང་ཨུའི་ཨུ་ཡོན། སྤྱི་ཁྱབ་གཉེར་པ་གཞོན་པ་ཞུས་ཙུའོ་འཛིན་བཟུང་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།

  • རང་རྒྱལ་ཤར་རྒྱུད་ཀྱི་ཏ་ཆིང་སྣུམ་ཞིང་གི2024ལོར་རང་བྱུང་སོལ་རླངས་ཐོན་ཚད་ཤོ་སྨི་དུང་ཕྱུར60ལས་བརྒལ་ཡོད། དུས་མཚུངས་ལས་ཤོ་སྨི་དུང་ཕྱུར1.55འཕར་ནས་བསྟུད་མར་ལོ14ལ་འཕར་བ་དང་། ཐོན་ཚད་ལོ་རྒྱུས་ཀྱི་མཐོ་ཤོས་བཏོད་ཡོད་པ་རེད།

02.jpg

  • ཚེས6ཉིན། ཚང་ཀྲོའུ་སུའུ་ཉིང་ཞུའེ་གྲོང་ཚོའི་དམག་འཐབ་དཔའ་བོ་ཁག་དང་པོའི་མི8ཀྱི་གདོང་རིས་སླར་གསོ་བྱེད་པའི་རི་མོ་ཁྱབ་བསྒྲགས་བྱས་པ་རེད། 

  • WTAཡི་དུས་རིམ་གསར་ཤོས་ཀྱི་འཛམ་གླིང་གི་ཨང་རིམ་ཁྱབ་བསྒྲགས་བྱས། ཀྲེན་ཆིན་ཝུན་གྱིས་ཨང་རྟགས5པའི་ཐོབ་ཐང་ཐོག་ནས2025ལོའི་ཨོ་སི་ཁྲུ་ལི་ཡའི་འགྲན་བསྡུར་གྱི་བུད་མེད་རྐྱང་རྐྱང་འགྲན་བསྡུར་ལ་ཞུགས་རྒྱུ་ཡིན་པ་གཏན་འཁེལ་བྱས། དེ་ནི་ཁོང་གིས་ཨང་རྟགས5པའི་སྔོན་གྱི་འགྲན་བསྡུར་ཐེངས་དང་པོ་ཡིན་པ་རེད།

03.jpg

  • ཚེས6ཉིན།  དུས་ཚོད་རེའི་མྱུར་ཚད་སྤྱི་ལེ120ཡི་ཟོག་འདྲེན་མེ་འཁོར་གསུམ་པེ་ཅིང་དང་ཧོ་ཧྥེ། ཀོང་ཀྲོའུ་ནས་ལམ་ལ་ཆས། དེ་ནི་རང་རྒྱལ་གྱི་ལྕགས་ལམ་མགྱོགས་མྱུར་ཟོག་འགྲེམས་དཔེ་སྟོན་མེ་འཁོར་དངོས་སུ་འགྲོ་སྐྱོད་བྱས་པ་མགོ་བརྩམས་པ་མཚོན་ཡོད།     

  • ཏ་ལེན་མཚོ་དོན་ཅུ་ཡིས་མཚོ་འགྲུལ་ཉེན་བརྡ་བཏང་སྟེ། ཚེས7ཉིན་གྱི་དུས་ཚོད8ནས་ཚེས9ཉིན་གྱི་དུས་ཚོད14བར་རྒྱ་མཚོ་སེར་པོ་བྱང་རྒྱུད་ཀྱི་མཚོ་ཁོངས་ཁག་གཅིག་ཏུ་མདེའུ་དངོས་འཕངས་ནས་མཚོ་འགྲུལ་བྱེད་མི་ཆོག་པ་རེད།   

སྲིད་ཇུས། 

  • པེ་ཅིང་གིས་རིག་གནས་སྒྱུ་རྩལ་རིགས་ཀྱི་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞིས་ཐེངས་གཅིག་པའམ་ཡང་ན་རྣམ་པ་བསྒྱུར་ནས་སློབ་ཚན་དུས་ཚོད60ལས་བརྒལ་བའམ་ཡང་ན་དུས་ཚོད་ཉིན90ལས་བརྒལ་བའི་གསོ་སྦྱོང་གྲོན་དངུལ་བསྡུ་མི་ཆོག་པ་མ་ཟད། སྒོར5000ལས་བརྒལ་མི་ཆོག་ཅེས་ཁ་གསལ་བཟོས་ཡོད། 

  • ཧྲན་ཞིས(山西)བརྡ་སྦྱོར་བཏང་ནས། གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་མཐོ་རུ་བཏང་ནས་ཉིན་ཧྲིལ་བོ་ལམ་ལུགས་ཀྱི་ལས་བཟོ་པའི་ཟླ་རེའི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་དེ་རིགས་དང་པོར་སྒོར2150དང་། རིགས་གཉིས་པར་སྒོར2050དང་། རིགས་གསུམ་པར་སྒོར1950བཅས་སུ་ལེགས་སྒྲིག་བྱས།  

  • ཅི་ལིན་གྱིས་ཐུན་མོང་གི་ནགས་ས་ཁྱིམ་ཚང་གིས་འགན་གཙང་ལེན་བྱེད་སྟངས་སྤྱད་དེ། འགན་གཙང་ལེན་གྱི་དུས་ཡུན་ཐིམ་སྐབས་འགན་གཙང་ལེན་ནར་འགྱངས་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཁྲིམས་ལྟར་ལོ་སུམ་ཅུ་ནས་བདུན་ཅུ་བར་འགན་གཙང་ལེན་ནར་འགྱངས་བྱས་ཆོག 

དེ་རིང་གི་གནམ་གཤིས།

04.jpg

  • ནང་སོག་གི་དབུས་ཤར་རྒྱུད་དང་། ཧེ་ལུང་ཅང་གི་ས་ཁུལ་མང་ཆེ་བ། ཞིན་ཅང་དབྱི་ལི་གཙང་པོའི་ལུང་གཞུང་། བོད་ལྗོངས་བྱང་རྒྱུད་དང་ཤར་རྒྱུད། སི་ཁྲོན་ནུབ་རྒྱུད་མཐོ་སྒང་བྱང་རྒྱུད། ཧུའུ་པེ་ལྷོ་ནུབ་རྒྱུད། ཁྲུང་ཆིང་བྱང་ཤར་རྒྱུད། ཀུའེ་ཀྲོའུ་ནུབ་རྒྱུད། ཡུན་ནན་བྱང་ཤར་རྒྱུད་དང་ནུབ་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་བ་ནས་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། དེའི་ནང་། བོད་ལྗོངས་ཤར་རྒྱུད་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་འབྲིང་ཙམ་ནས་ཆེན་པོ་འབབ་རྒྱུ་རེད།     


མཉམ་སྤྱོད།