དེ་རིང་ནི2025ལོའི་ཟླ03པའི་ཚེས15ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-01-08 10:01:21   |   452

སྒྲིག་སྒྱུར། དམ་ཆོས་བསམ་འགྲུབ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  •  ཞི་ཅིན་ཕིང་གིས་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ6.8བརྒྱབ་པར་མཛུབ་སྟོན་གལ་ཆེན་གནང་ཞིང་། ནུས་ཤུགས་ཡོད་རྒུས་མི་སྣ་འཚོལ་སྐྱོབ་བྱས་ཏེ། མི་སྣ་ཤི་རྨས་ཇེ་ཉུང་དུ་གཏོང་བ་དང་།     གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་འོས་འཚམ་བྱས་ནས་བདེ་འཇགས་དང་དྲོ་སྐྱིད་ངང་དགུན་ཁ་སྐྱེལ་ཐུབ་པར་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་།

  • ཚེས7ཉིན། 《རྒན་གསོ་ཞབས་ཞུའི་བཅོས་སྒྱུར་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར》ཁྱབ་བསྒྲགས་བྱས་པ་རེད།

  • རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱིས་ཡིག་ཆ་བཏོན་ནས་རྒྱལ་ཡོངས་ཀྱི་གཅིག་གྱུར་གྱི་སྤྱི་ཚོགས་འགན་སྲུང་གི་སྤྱི་པའི་ཞབས་ཞུའི་སྟེགས་བུ་འཐུས་ཚང་དུ་གཏོང་བ་དང་།    ལས་ཞུགས་བྱ་ཡུལ་གྱི་འགན་བཅོལ་ནང་ཞུགས་པའི་ཚོད་འཛིན་ཁྱོན་ཡོངས་ནས་མེད་པར་བཟོ་བ།    སྤྱི་ཚོགས་འགན་སྲུང་འབྲེལ་བ་སྤོ་སྒྱུར་རྒྱུན་མཐུད་བྱེད་པའི་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས་པ་བསྟན་ཡོད།

  • བཟོ་ལས་ཆ་འཕྲིན་པུ་ཡིས་ཡིག་ཆ་བསྒྲགས་ནས2025ལོའི་ལོ་མཇུག་བར་ཏུ། ཆ་རྐྱེན་དང་རྨང་གཞི་ཡོད་པའི་གྲོང་ཁྱེར་དང་ས་ཁུལ་ནས་གཞིས་ཁུལ་དང་བཟོ་གྲྭ  གླིང་ཁུལ་སོགས་གཙོ་གནད་སྣང་ཚུལ་ལ་དམིགས་ཏེ་ཀྲའོ་འོད་དྲ་བའི(兆光网)ཚོད་ལྟ་བྱ་རྒྱུ་ཡིན་པ་རེད།

  • སྤྱི་བདེ་པུ་ནས་གནས་ཚུལ་སྤེལ་བར་གཞིགས་ན།    2024ལོར། རིགས་སྣ་ཚོགས་ཀྱི་དཔལ་འབྱོར་ཉེས་གསོག་གྱོད་གཞི་ཁྱོན་སྡོམ་ཁྲི7.8རྩད་གཅོད་བྱས་པ་དང་། གྱོད་གཞི་དང་འབྲེལ་བ་ཡོད་པའི་མ་དངུལ་སྒོར་དུང་ཕྱུར8000ལས་བརྒལ་ཡོད་པ་རེད།     

  • རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུའི་གྲངས་གཞི་ལས་མངོན་པར་གཞིགས་ན། 2024ལོའི་ཟླ12པའི་ཟླ་མཇུག་བར། རང་རྒྱལ་གྱི་ཕྱི་དངུལ་གསོག་འཇོག་གཞི་ཁྱོན་ཨ་སྒོར་དུང་ཕྱུར32024ཟིན་ཡོད།

1.png

  • ཚེས7ཉིན་གྱི་དུས་ཚོད9དང་སྐར་མ5ཡི་ཐོག་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ6.8བརྒྱབ།   ཉིན་དེའི་དུས་ཚོད19བར། དིང་རི་རྫོང་དུ་ས་ཡོམ་བརྒྱབ་ནས་མི126རྐྱེན་ལམ་དུ་ཤོར་བ་དང་མི188ལ་རྨས་སྐྱོན་ཕོག་ཡོད་པ་རེད།     

  • ཚེས7ཉིན། བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ6.8བྱུང་བར་དམིགས་ནས།    ནོར་སྲིད་པུ་དང་འཕྲལ་སྡོམ་དོ་དམ་པུ་ཡིས་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་གེགས་སེལ་མ་དངུལ་སྒོར་དུང་ཕྱུར1འཕྲལ་སྡོམ་བྱས་ཏེ། བོད་ལྗོངས་ཀྱིས་ས་ཡོམ་གྱི་གནོད་འཚེ་གེགས་སེལ་ལས་དོན་ཡག་པོ་སྒྲུབ་པར་རྒྱབ་སྐྱོར་གནང་།

2.jpg

  • ཚེས7ཉིན། རང་རྒྱལ་གྱིས་ཤིས་ཁྲང་འཁོར་སྐར་འཕུར་མདའ་ལྟེ་གནས་ནས་རྒྱང་སྐྱོད་ཨང་གསུམ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཁ་པ་སྤྱད་དེ་ལག་ལེན་ཨང་ཉེར་ལྔ་པའི་སྲུང་སྐར་མཁའ་དབྱིངས་སུ་འཕེན་གཏོང་བྱས་པ་རེད།

  • ཚེས7ཉིན། ཧན་གོའི་རྒྱལ་ཁབ་ས་ཁོངས་འགྲིམ་འགྲུལ་པུ་ཡིས་དེ་སྔོན་དོན་རྐྱེན་བྱུང་བའི་ཧན་གོའི་ཅི་ཀྲོའུ་མཁའ་འགྲུལ་འགྲུལ་སྐྱེལ་གནམ་གྲུ་དེ་དོན་རྐྱེན་མ་བྱུང་གོང་བྱ་དང་གདོང་ཐུག་བྱུང་པ་གཏན་འཁེལ་བྱས་པ་རེད།

    སྤྱི་ཚོགས།

  • མཁའ་རླུང་གྲང་མོའི་ཤུགས་རྐྱེན་འོག    ཚེས7ཉིན་གྱི་དགོང་མོ་ནས་ཚེས9ཉིན་བར་ཤིན་ཅང་བྱང་རྒྱུད་དང་།    མཚོ་བོད་མཐོ་སྒང་ཤར་རྒྱུད་དང་བྱང་ཤར་ས་ཁུལ་གྱི་དབུས་ལྷོ་རྒྱུད་དང་།    འབྲི་ཆུའི་ལྷོ་ནུབ་རྒྱུད།    ཀུའེ་ཀྲོའུ་ཤར་རྒྱུད་སོགས་ཀྱི་ས་ཆ་ཁག་གི་དྲོད་ཚད8℃ཡན་ཆག་རྒྱུ་རེད།     

  • ཀྲུང་གོའི་ཐེ་ཀུའོ་དུ་སྡོད་པའི་གཞུང་ཚབ་ཆེ་མོ་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན།    ཐེ་ཀུའོ་ཕྱོགས་ཀྱིས་བརྡ་ཁྱབ་བཏང་བ་ལྟར་ན།    ཀྲུང་གོའི་སྤྱི་དམངས་ཝང་ག་གེ་མོ་ས་གནས་དེ་གའི་དུས་ཚོད་ཀྱི་ཚེས7ཉིན་གྱི་ཕྱི་དྲོར་བདེ་བླག་ངང་སྐྱོབ་ཐུབ་ཡོད་པ་རེད།     

  • 2024ལོའི་ཟླ1པ་ནས་ཟླ11པའི་བར། རྒྱལ་ཡོངས་ཀྱི་ཤེས་བྱའི་ཐོན་དབང་བེད་སྤྱོད་གྲོན་དངུལ་ཕྱིར་གཏོང་ནང་འདྲེན་གྱི་སྡོམ་འབོར་སྒོར་དུང་ཕྱུར3564.1སླེབས་པ་དང་། དུས་མཚུངས་ལས6.6%འཕར་སྣོན་བྱུང་ཡོད།     

  • ཀྲུང་གོའི་དུས་བཅད་ཚོང་ཟོག་ལས་རིགས་མཐུན་ཚོགས་ཀྱི་གྲངས་གཞི་ལས་མངོན་པར་གཞིགས་ན།    2024ལོའི་ལོ་ཧྲིལ་པོར། རང་རྒྱལ་གྱི་དུས་བཅད་ཚོང་ཟོག་ཁྲོམ་རའི་ཚོང་འགྲིག་གྲངས་འབོར་སྒོར་དུང་ཕྱུར619.26ཡིན་པ་དང་། དུས་མཚུངས་ལས8.93%འཕར་སྣོན་བྱུང་ཡོད།     

  • ཉེ་སྔོན།  ཚོང་དོན་པུས་འཛད་སྤྱོད་ཐོན་རྫས་རྙིང་པ་གསར་པར་བརྗེ་བའི་ལས་དོན་ཁྲོད། ཕྱི་རྒྱལ་གྱི་ཁེ་ལས་ཞུགས་རྒྱུར་ལྟ་སྟངས་གཅིག་མཚུངས་ཀྱིས་རྒྱབ་སྐྱོར་བྱེད་དགོས་ཞེས་བཤད་པ་རེད།

  • ཉེ་སྔོན། རྒྱལ་ཁབ་རླུང་བརྙན་འཕྲིན་སྤྱི་ཁྱབ་ཅུས་ནང་འཇུག་རྣམ་པའི་འཕྲུལ་ཆས་ཀླད་སྒམ་ཆུང་གྲས་དང་ཀུན་སྤྱོད་རྒྱང་འཛིན་ཡོ་བྱད་ཚོད་ལྟའི་བཀོད་སྒྲིག་བྱེད་མགོ་བརྩམས་ཡོད།     

  • 2024ལོའི་ཟླ7པ་ནས་བཟུང་། སྔ་རྗེས་སུ་པེ་ཅིང་དང་།    ཐེན་ཅིན།    ཧོ་པེ།    ཧྲན་ཞི།    ནང་སོག  ལེའོ་ཉིང་སོགས་ཞིང་ཆེན29(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར་)དང་དེ་བཞིན་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས་ཀྱིས་ཞིང་ཆེན་ཡོངས་སུ་ཁྱབ་པའི་གཏན་འཁེལ་སྨན་ཁང་གི་རིན་གོང་བསྡུར་བ་བྱེད་པའི་བྱ་རིམ་མ་ལག་སྔ་རྗེས་སུ་བཏོན་པ་རེད།

  • ཨེ་ཤེ་ཡའི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་བཀོད་སྒྲིག་བྱས་པར་གཞིགས་ན།    2027ལོའི་ཨེ་ཤེ་ཡའི་བུམ་པ་རྟགས་ཅན་གྱི་འགྲན་བསྡུར་དེ2027ལོའི་ཟླ1པའི་ཚེས7ཉིན་ནས་ཟླ2པའི་ཚེས5ཉིན་བར་སོ་ཏི་ཨ་རབ་ཏུ་འཚོག་རྒྱུ་རེད།     

  • ཚེས7ཉིན《ཡོ་བུན་ཅོ་ཙི》རྩོམ་སྒྲིག་པུ་ཡིས2024ལོའི་སྐད་ཡིག་གི་ནོར་འཁྲུལ་ཆེན་པོ་བཅུ་ཁྱབ་བསྒྲགས་བྱས།

3.jpg

  • ཚེས7ཉིན།    རང་རྒྱལ་གྱི་གྲམ་ཐང་འོད་ཤུགས་ནུས་གསོག་གློག་ཁང་ཆེ་ཤོས་ས་ཚིགས་སྟེ། ཧྭ་ཏེན་ལའེ་ཀྲོའུ་ཡི་ཚྭ་བུལ་གྲམ་ཐང་བྱུགས་འོད་གསོག་ནུས་གཞི་གཅིག་ཅན་གྱི་རྣམ་གྲངས་ཆེ་གྲས་ཐོན་སྐྱེད་བྱེད་མགོ་བརྩམས་ནས་གློག་འདོན་བྱས་པ་རེད།

སྲིད་ཇུས།

  • པེ་ཅིང་གིས་ཡིག་ཆ་བཏོན་ནས་སློབ་ཆུང་ཚང་མར་ཉུང་མཐར་ཡང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་རིགས་ཀྱི་རབ་འབྱམས་པའི་སློབ་གནས་ཡོད་པའི་ཚན་རིག་དགེ་རྒན1ཡོད་པར་རིམ་བཞིན་སྐུལ་འདེད་གཏོང་གི་ཡོད་པ་རེད། 

  • ཧྲང་ཧེ་ཡིས་དམའ་རིམ་ལག་ཁྱེར་ཡོད་པའི་རྒན་གསོའི་ནད་གཡོག་མི་སྣས་གླ་ཕོགས་དམའ་ཤོས་ཀྱི20%ཚད་གཞི་ལྟར་ཁ་གསབ་ལོངས་སུ་སྤྱོད་ཆོག་པ་གསལ་པོ་བཟོས་ཡོད། 

  • ཐེན་ཅིན་གྱིས་ཆ་རྐྱེན་དང་མཐུན་པའི་ཁེ་ལས་ཀྱིས་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་བསྡུ་ལེན་བྱས་རྗེས། སྤྱི་ཚོགས་འགན་སྲུང་ཁ་གསབ་དང་ལས་གནས་ཁ་གསབ་ལོངས་སུ་སྤྱོད་རྒྱུའི་རེ་ཞུ་བྱས་ཆོག་པ་དང་། དེའི་ནང་། སྤྱི་ཚོགས་འགན་སྲུང་ཁ་གསབ་ཚད་གཞི་ནི་ཟླ་རེར་སྒོར1400ཡིན་པ་གསལ་པོ་བཟོས་ཡོད་པ་རེད།

    དེ་རིང་གི་གནམ་གཤིས།

4.jpg

  • ནང་སོག་གི་དབུས་ཤར་རྒྱུད་དང་།    ཧེ་ལུང་ཅང་གི་ནུབ་རྒྱུད་དང་ལྷོ་རྒྱུད།    ཅི་ལིན་གྱི་ས་ཁུལ་མང་ཆེ་བ།    ཞིན་ཅང་བྱང་རྒྱུད།    བོད་ལྗོངས་ཤར་རྒྱུད།    མཚོ་སྔོན་ལྷོ་རྒྱུད།    སི་ཁྲོན་ནུབ་རྒྱུད་མཐོ་སྒང་།    ཀུའེ་ཀྲོའུ་བྱང་ཤར་རྒྱུད།    ཁྲུང་ཆིང་ཤར་རྒྱུད།    ཧུའུ་པེ་ལྷོ་ནུབ་རྒྱུད།    ཧུའུ་ནན་ནུབ་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་བ་ནས་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད།   ཀུའེ་ཀྲོའུ་ནུབ་རྒྱུད་དང་ཡུན་ནན་བྱང་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་འཁེངས་ཆར་འབབ་རྒྱུ་རེད།     བོད་ལྗོངས་ཤར་ལྷོའི་རྒྱུད་དང་།    ཡུན་ནན་དབུས་རྒྱུད་དང་བྱང་རྒྱུད།    སི་ཁྲོན་ཤར་རྒྱུད་དང་། ཁྲུང་ཆིང། ཀུའེ་ཀྲོའུ། ཧུའུ་ནན་ནུབ་རྒྱུད།    ཐའེ་ཝན་གླིང་ཕྲན་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་བ་ནས་འབྲིང་ཙམ་འབབ་རྒྱུ་རེད།


མཉམ་སྤྱོད།