དེ་རིང་ནི2025ལོའི་ཟླ03པའི་ཚེས15ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-01-13 09:25:57   |   382

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • དཔྱ་ཁྲལ་འཛིན་ཤོག་གི་གྲངས་གཞི་ལས་མངོན་པར། 2024ལོའི་དུས་ཚིགས་བཞི་པར་རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་མགྱོགས་སུ་ཕྱིན་ཞིང་། ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས3.8%འཕར་བ་དང་། དུས་ཚིགས་གསུམ་གྱི་འཕར་ཚད་ལས་བརྒྱ་ཆའི་གྲངས2.4མཐོ་རུ་ཕྱིན་ཡོད། 

  • ཚེས12ཉིན། ཀྲུང་གོའི་ཁེ་ལས་འབྲིང་ཆུང་མཐུན་ཚོགས་ཀྱིས2024ལོའི་དུས་ཚིགས་བཞི་པར་ཀྲུང་གོའི་ཁེ་ལས་འབྲིང་ཆུང་གི་འཕེལ་རྒྱས་སྟོན་གྲངས89.0ཡིན་པ་དང་། དུས་ཚིགས་གསུམ་པ་དང་བསྡུར་ན0.1འཕར་ཡོད་པ་ཁྱབ་བསྒྲགས་བྱས།

1.jpg

  • རྒྱལ་ཁབ་ལྕགས་ལམ་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས12ཉིན་གྱི་ཆུ་ཚོད16བར་རྒྱལ་ཡོངས་ལྕགས་ལམ་གྱིས་2025ལོའི་དཔྱིད་གསར་སྐྱེལ་འདྲེན་གྱི་སྤ་སེ་ཁྱོན་བསྡོམས་ཁྲི7574ཕྱིར་ཚོང་བྱས་ཡོད། 

  • ཚོང་དོན་པུ་ཡིས་འཛད་སྤྱོད་སྐུལ་སྤེལ་སོགས2025ལོའི་གཙོ་གནད་ལས་དོན་ཁག་བརྒྱད་བཀོད་སྒྲིག་བྱས། 

  • ཚེས12ཉིན། འགག་སྒོའི་སྤྱི་ཁྱབ་ཧྲུའུ་ཡིས་གཙོ་གནད་བྱ་ཐབས་ཁག16བཏོན་ནས་དུས་རབས་གསར་པའི་དབུས་རྒྱུད་ས་ཁུལ་མགྱོགས་མྱུར་དར་རྒྱས་ཡོང་བར་རྒྱབ་སྐྱོར་བྱས། 

  • ཚེས12ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་ཡོམ་འགོག་གེགས་སེལ་བཀོད་འདོམས་པུ་ལས་དོན་ཚོགས་ཆུང་གིས་མཐུན་སྦྱོར་བཀོད་སྒྲིག་བྱས་པའི་ཁང་པ1100ཚང་མ་བོད་ལྗོངས་དིང་རི་རྫོང་གི་ས་ཡོམ་ཁྲོད་གནོད་འཚེ་ཚབས་ཆེ་ཤོས་ཀྱི་ཡུལ་ཚོ་གསུམ་དུ་འབྱོར་བ་རེད།

  • རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔར་རང་རྒྱལ་དུ་ཁྱབ་པའི་དབུགས་ལམ་གྱི་ནད་གཞི་ཚང་མ་ནི་ཤེས་རྟོགས་བྱུང་བའི་ནད་གཞི་ཡིན་པ་དང་། སྔོན་དཔག་བྱས་ན་ཟླ་འདིའི་ཟླ་དཀྱིལ་དང་ཟླ་མཇུག་ཏུ་ཆམ་རིམས་འགུལ་སྐྱོད་བྱེད་པའི་ཆུ་ཚད་རིམ་བཞིན་མར་ཆག་རྒྱུ་ཡིན་པ་རེད། 

  • ས་གནས་དེ་གའི་དུས་ཚོད་ཟླ1ཚེས11ཉིན། ཨ་རིའི་ཅ་ཀྲོའུ་རི་མེ་སྔར་བཞིན་རྒྱུན་མཐུད་ཡོད་པ་དང་། མིག་སྔར་ཉུང་མཐར་ཡང་མི16རྐྱེན་ལམ་དུ་ཤོར། གཞན་མི13གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད། 

  • ཚེས12ཉིན། ཁོ་རེ་ཡའི་རྡུལ་ཕྲན་ནུས་པའི་བདེ་འཇགས་ཨུ་ལྷན་གྱིས་ཆིང་ཧྲང་པེ་ཏའོ་ཆིང་ཀྲོའུ་གྲོང་ཁྱེར་ཡུའེ་ཁྲེང་ཉིང་རྡུལ་གློག་ཁང་འཕྲུལ་འཁོར་ཚན་པ2པས་རྒྱུན་ལྡན་མིན་པའི་སྒོ་ནས་ཉིང་རྡུལ་ཆུ་སྙིགས་ཏུན29ཕྱིར་གཏོང་བྱས་པར་བརྟག་དཔྱད་བྱེད་བཞིན་ཡོད་ཅེས་བཤད། 

སྤྱི་ཚོགས།

  • ཚེས13ཉིན་ནས་བཟུང་གྲང་ངར་གསར་པ་ཞིག་གིས་དབུས་ཤར་རྒྱུད་ཀྱི་ས་ཁུལ་མང་ཆེ་བར་ཤུགས་རྐྱེན་ཐེབས་ནས་ས་ཁུལ་ཁག་གཅིག་གི་དྲོད་ཚད་མར་ཆག་ཚད8℃ལས་བརྒལ་རྒྱུ་རེད། 

  • 2024ལོ་ནས་བཟུང་། རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས་ཁྱོན་བསྡོམས་ཟས་རིགས་དང་སྨན་རྫས་ཀྱི་ཤེས་བྱའི་བདག་དབང་ཁྱབ་ཁོངས་ཀྱི་ཉེས་དོན་གྱོད་གཞི་ཁྲི9.1གྱོད་དོན་ཐོ་འགོད་བྱས་ཤིང་། མྱུལ་ཞིབ་བྱས་པའི་ནང་དུ“ཨ་རག་དམིགས་བསལ་མཁོ་འདོན་བྱེད་པའི”གྱོད་གཞི380ལྷག་ཙམ་རྩད་ཆོད་ཡོད་པ་རེད། 

2.png

  • ཚེས12ཉིན། 2025ལོའི་ཨོ་སི་ཁྲུ་ལི་ཡའི་དྲ་གྲུག་ཡོངས་བསྒྲགས་འགྲན་བསྡུར་ཁྲོད་ཀྲུང་གོའི་ལུས་རྩལ་བ་ཀྲེང་ཆིན་ཝུན་གྱིས2བསྡུར0གྱིས་མགྲན་ཡ་རྣམ་པར་རྒྱལ་ནས་ཨོ་སི་ཁྲུ་ལི་ཡའི་དྲ་གྲུག་འགྲན་བསྡུར་མགོ་ཚུགས་པ་མ་ཐག་རྒྱལ་ཁ་ཐོབ་པ་རེད།

3.jpg

  • ཚེས11ཉིན། ཅང་སུའུ་ནན་ཐུང་ཧའེ་ཐའེ་འབྲི་ཆུའི་ཕུག་ལམ་ཨར་ལས་བྱ་ཡུལ་དུ་རང་རྒྱལ་གྱིས་རང་བདག་གིས་ཞིབ་བཟོ་བྱས་པའི་ཚངས་ཐིག་ཆེ་ཤོས་ཀྱི་ཕུབ་གྲུབ་འཕྲུལ་འཁོར་སྟེ“ཅང་ཧའེ་རྟགས་ཅན་གྱི”སྐུལ་སྒུལ་གཙོ་བོ“སྙིང་བོ”ལེགས་གྲུབ་ངང་ཁྲོན་པའི་ནང་དུ་ལྷུ་སྒྲིག་བྱས་པ་རེད། 

  • 2024ལོའི་དུས་ཚིགས་གསུམ་གྱི་ནང་པེ་ཅིང་དང་ཐེན་ཅིན། ཧོ་པེ་ས་ཁུལ་གསུམ་གྱི་བཟོ་ལས་འཕར་ཐང་སྒོར་དུང་ཕྱུར་དུང་ཕྱུར1.8ལས་བརྒལ་ནས་དུས་མཚུངས་ལས6.3%འཕར་ཡོད། 

  • རང་རྒྱལ་གྱི་སྐྱེལ་འདྲེན་ཤོང་ཚད་ཆེ་ཤོས་དང་བར་ཐག་རིང་ཤོས་ཀྱི་ཆེས་མཐོ་གནོན་ལས་གྲྭ་སྟེ། ཞིན་ཅང་ཀྲུན་ཏུང་ནས་ཨན་ཧུའེ་ཝན་ནན་བར་གྱི་ཆེས་མཐོ་གནོན་ཐད་རྒྱུག་གློག་གཏོང་ལས་གྲྭ་དེ་ཚེས12ཉིན་བར་བསྡོམས་འབོར་གློག་ཚད་ཆུ་ཚོད་སྟོང་ཝ་དུང་ཕྱུར3000ལས་བརྒལ་བ་སྐྱེལ་འདྲེན་བྱས་ཡོད་པ་རེད། 

  • 2024ལོར་ཐའེ་ཧུའུ་མཚེའུ་ཡི་ཆུའི་སྤུས་ཚད་ཕྱོགས་ཡོངས་ནས་རིགས་གསུམ་པར་སླེབས་ནས་མཚེའུ་བཟང་པོའི་ཆུ་ཚད་ཐོག་མར་སླེབས་ཡོད་པ་རེད། 

  • ཉེ་ཆར་ཀྲེ་ཅང་ཅིན་ཡུན་རྫོང་སྤྱི་བདེ་ཅུ་ཡིས་སྲོག་ཆགས་དང་རྩི་ཤིང་གི་རིམས་འགོག་དང་ནད་འགོག་ལ་གནོད་རྐྱེན་བཟོས་པའི་གྱོད་གཞི་ཞིག་མྱུལ་རྩལ་ཆོད་ཅིང་། ཉེས་གསོག་དོགས་མི14འཛིན་བཟུང་བྱས་པ་དང་། རིམས་ནད་དང་འབྲེལ་བ་ཡོད་པའི་གསོམ་ཤིང་ཏུན1000ལྷག་ཙམ་ཁྲིམས་འགལ་ངང་ཐག་གཅོད་བྱས་པ་ཞིབ་བཤེར་བྱས། 

4.gif

  • ཧྲན་ཏུང་ཝེ་ཧྥང་གི་འགྲུལ་པ་ཞིག་གླ་གཏོང་རླངས་འཁོར་ནང་གསུས་པར་གཟེར་བརྒྱབ་ནས་བཟོད་དཀའ་དུས། ཁ་ལོ་བ་ཧྭ་ལེང་གིས་འགྲིམ་འགྲུལ་ཉེན་རྟོག་པའི་མོས་མཐུན་ཐོབ་རྗེས་བསྟུད་མར་གློག་དམར་བརྒལ་ནས་སྤྱི་ལེ9.4ཡི་ལམ་ཐག་སྐར་མ་བཅུ་ལྷག་ལས་མ་འགོར་བར་འགྲུལ་པ་བདེ་བླག་ངང་སྨན་ཁང་དུ་བསྐྱལ་བ་རེད། 

སྲིད་ཇུས།

  • ཧོ་ནན་གྱིས2025ལོའི་ཟླ1ཚེས25ཉིན་ནས2025ལོའི་ཟླ12ཚེས31ཉིན་བར་ཞིང་ཆེན་ནང་ཁུལ་གྱི་གྲོན་བསྡུའི་གཞུང་ལམ་དུ་འགྲོ་སྐྱོད་བྱེད་པའི་ཆིང་ནུས་ཟོག་འདྲེན་རླངས་འཁོར་ལ་འགྲོ་སྐྱོད་གྲོན་དངུལ་མི་བསྡུ་བ་དང་། ཞིང་ཆེན་ནང་ཁུལ་གྱི་གྲོན་བསྡུའི་གཞུང་ལམ་དུ་འགྲོ་སྐྱོད་བྱེད་པའི་གློག་སྒུལ་ཟོག་འདྲེན་རླངས་འཁོར་ལ་འགྲོ་སྐྱོད་གྲོན་དངུལ་བདུན་གཅོག་གཟིགས་སྐྱོང་ལག་བསྟར་བྱ་རྒྱུའི་བརྡ་ཐོ་ཁྱབ་བསྒྲགས་བྱས། 

  • ཅང་སུའུ་ཡིས་གཏོང་སྤྲོད་སྟེགས་བུ་སྣ་ཚོགས་ཀྱིས་མཚན་མོའི་དཔལ་འབྱོར་ལ་དམིགས་ནས་འཛད་སྤྱོད་འཛིན་ཤོག་དང་། འཛད་སྤྱོད་ཁ་གསབ་སྤྲད་ནས་མཚན་མོའི་དཔལ་འབྱོར་གཉེར་སྐྱོང་པའི་ལས་སྟེགས་ཀྱི་ཞབས་ཞུའི་འགྲོ་གྲོན་དམའ་རུ་གཏོང་བར་ལྕག་སྐུལ་བྱ་རྒྱུའི་ཡིག་ཆ་སྤེལ།

  • ཀུའེ་ཀྲོའུ་ཡིས་གྲོང་མིའི་སྨན་བཅོས་འགན་བཅོལ་ལ་མི་སྒེར་གྱི་གྲོན་དངུལ་དང་སྲིད་གཞུང་གི་ཁ་གསབ་ཟུང་འབྲེལ་བྱས་ཏེ་ལོ་ལྟར་གཅིག་སྡུད་ཐོག་འགན་བཅོལ་གྲོན་དངུལ་འཇལ་དགོས་པའི་བརྡ་ཐོ་ཁྱབ་བསྒྲགས་བྱས།

དེ་རིང་གི་གནམ་གཤིས།

6.png

  •  ནང་སོག་གི་ནུབ་རྒྱུད་དང་དབུས་རྒྱུད་དང་། ཧེ་ལུང་ཅང་གི་དབུས་རྒྱུད། ཅི་ལིན་གྱི་དབུས་རྒྱུད། བོད་ལྗོངས་ཀྱི་ས་ཆ་མང་ཆེ་བ། མཚོ་སྔོན་གྱི་ལྷོ་རྒྱུད། ཁྲོན་ནུབ་ས་མཐོའི་དབུས་རྒྱུད་དང་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ངམ་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། དེའི་ནང་བོད་ལྗོངས་ཀྱི་ཤར་རྒྱུད་དང་ལྷོ་རྒྱུད་ཀྱི་ས་ཁུལ་ཁ་ཤས་སུ་ཁ་བ་འབྲིང་ཙམ་ནས་ཆེན་པོ་འབབ་རྒྱུ་དང་། ས་ཆ་ཁ་ཤས་སུ་ཁ་བ་ཆེན་པོ་འབབ་རྒྱུ་རེད། བོད་ལྗོངས་ཤར་ལྷོའི་རྒྱུད་དང་། ཡུན་ནན་གྱི་ནུབ་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་ཆུང་འབབ་རྒྱུ་དང་། དེའི་ནང་བོད་ལྗོངས་ཤར་ལྷོའི་རྒྱུད་ཀྱི་ས་ཁུལ་ཁ་ཤས་སུ་ཆར་འབྲིང་འབབ་རྒྱུ་རེད།


མཉམ་སྤྱོད།