དེ་རིང་ནི2025ལོའི་ཟླ03པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-01-14 09:18:37   |   492

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆརན་ཚེ་རིང་།


གསར་འགྱུར་གལ་ཆེན།

1.jpg

  • ཟླ1ཚེས13ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་འཚམས་འདྲི་གནང་བར་ཕེབས་པའི་ཀེ་ལིན་ན་ཏའི(格林纳达)ཙུང་ལི་སྨི་ཆེར་དང་མཇལ་འཛོམས་གནང་། 

  • རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《འཕེལ་རྒྱས་ཀྱི་གནས་གསར་པ་སྔར་བས་གསོ་སྐྱོང་བྱས་ནས་རིག་གནས་དང་གནས་སྐོར་འཛད་སྤྱོད་དར་རྒྱས་ཡོང་བའི་སྐོར་གྱི་བྱེད་ཐབས་འགའ》པར་འགྲེམས་བྱས།

  • འགག་སྒོའི་སྤྱི་ཁྱབ་ཧྲུའུ་ནས་གནས་ཚུལ་སྤེལ་བར་གཞིགས་ན། 2024ལོར་རང་རྒྱལ་གྱི་དངོས་ཟོག་ཉོ་ཚོང་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི43.85ཟིན་པ་དེ་དུས་མཚུངས་ལས5%འཕར་ཡོད། 

  • གྲངས་གཞི་གསར་ཤོས་ལས་མངོན་པ་ལྟར་ན། 2024ལོར་རང་རྒྱལ་གྱི་རླངས་འཁོར་ཐོན་སྐྱེད་དང་ཕྱིར་ཚོང་གཉིས་ཀ་ཁྲི་3100ལས་བརྒལ་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་ཤོས་སླར་ཡང་བཏོད། 

  •  2024ལོར་རྒྱལ་ཁབ་གསར་སྤེལ་དངུལ་ཁང་གིས་གྲོང་ཁྱེར་ནང་གི་གྲོང་ཚོ་བསྒྱུར་བཀོད་ཆེད་དོན་དངུལ་བུན་སྒོར་དུང་ཕྱུར3817གསར་དུ་བསྣན་ཏེ། ཅི་ནན་དང་། ཀྲེང་ཀྲོའུ། ཝུན་ཀྲོའུ་སོགས་གྲོང་ཁྱེར་གྱི་གྲོང་ཁྱེར་ནང་གི་གྲོང་ཚོ་བསྒྱུར་བཀོད་རྣམ་གྲངས723ལ་རྒྱབ་སྐྱོར་བྱས། 

  • ཚེས13ཉིན། བོད་ལྗོངས་དིང་རིའི་རིམ་པ6.8ཅན་གྱི་ས་ཡོམ་ལས་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླ་ཚོར་མྱ་ངན་ཞུ་བའི་ཆོ་ག་གནོད་འཚེ་ཐེབས་ཚད་ཚབས་ཆེན་གྱི་དིང་རི་རྫོང་ཁྲང་སོ་ཡུལ་ཚོ་རུ་སྤེལ།

  • རྒྱལ་ཁབ་ཕྱི་རྒྱལ་གྱི་དངུལ་བརྗེས་ཅུ་ཡིས་མི་དམངས་ཤོག་སྒོར་གྱི་དངུལ་བརྗེས་འཛའ་ཕྱོད་གཞི་རྩའི་ཆ་ནས་བརྟན་པོ་ཡོང་བའི་ཆ་རྐྱེན་རྦད་དེ་ཡོད་ཅེས་བཤད། 

  • ཕྱོགས་གཉིས་ཀྱིས་གྲོས་མོལ་བྱས་པ་བརྒྱུད། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ཤར་རྒྱུད་དམག་ཁུལ་གྱི་འཐུས་མི་ཚོགས་པ་ཟླ1པའི་ཟླ་དཀྱིལ་དུ་འཇར་པན་དུ་འཚམས་འདྲི་བྱ་རྒྱུ་ཡིན་པ་རེད། 

2.jpg

  • ཚེས13ཉིན། རང་རྒྱལ་གྱི་ཐའེ་ཡོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ཀྱིས་ཧྲན་ཏུང་ཧའེ་དབྱང་ཉེ་འགྲམ་གྱི་མཚོ་ཁོངས་སུ་ཅེ་ལུང་གསུམ་པ་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་དེ་ཝེ་ལི་བར་སྟོང་གི་སྲུང་སྐར་ཚོགས་ཆུང01མཁའ་དབྱིངས་སུ་འཕེན་གཏོང་ལེགས་གྲུབ་བྱུང་བ་རེད། 

སྤྱི་ཚོགས། 

  • གྲང་རླུང་ཅུང་དྲག་པོའི་ཤུགས་རྐྱེན་ཐེབས་པས། ཚེས13ཉིན་གྱི་དགོང་མོ་ནས་ཚེས15ཉིན་བར་དབུས་ཤར་རྒྱུད་ཀྱི་ས་ཁུལ་མང་ཆེ་བའི་དྲོད་ཚད4~6℃མར་ཆག་རྒྱུ་རེད།

  • 2025ལོའི་དཔྱིད་གསར་སྐྱེལ་འདྲེན་དེ་རིང་ནས་མགོ་ཚུགས་པ་དང་། དགུ་ཐུག་ཉིན་གྱི་མེ་འཁོར་སྤ་སེ་དེ་རིང་ནས་འཚོང་མགོ་བརྩམས་པ་རེད།

  • ཀྲུང་གོ་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་དམངས་སྤྱོད་མཁའ་འགྲུལ་གྱི“རིན་གོང་འཕར་ནས་སྡོད་ས་འདེམས་པ”“ལས་རིགས་ཀྱི་གོམས་སྲོལ”དུ་འགྱུར་མི་རུང་ཞེས་བཤད། 

3.jpg

  • མཚོ་སྔོན་མགོ་ལོག་ཁུལ་དུ་གནས་པའི་མགོ་ལོག་སྟོང་ཧྥུ330ཡི་ཐེངས་གཉིས་པའི་ལམ་ཐིག་ལས་གྲྭ་ཉིན་ཤས་གོང་ལེགས་གྲུབ་དང་མཁོར་སྐྱོད་བྱེད་མགོ་ཚུགས་པས་འབྲོག་ཁུལ་གྱི་མང་ཚོགས་ཁྲི20ལྷག་ཙམ་ལ་ཕན་པ་ཐོབ་རྒྱུ་རེད། 

  • ཁྲུང་ཆིང་དུ་ཨེ་ཤེ་ཡའི་ཆེས་སྔ་ཤོས་ཀྱི་བྱིའུ་འཕོངས་རིགས་ཀྱི་ཁུང་འབྲུག་གི་འགྱུར་རྡོ་རྙེད་པ་དེ་ད་ལྟའི་བར་དུ་ལོ་དུང་ཕྱུར1.9ཙམ་ཡོད་པ་རེད། 

  • དགུན་ཁའི་གུང་གསེང་སླེབས་ཉེར་ཡོད་པས། པེ་ཅིང་སློབ་ཆེན་གྱིས་དགུན་ཁའི་གུང་གསེང་གི་ཞིབ་འཇུག་དང་སློབ་སྦྱོང་ཕྱོགས་སྟོན་ཞབས་ཞུ་སྤེལ་མགོ་ཚུགས་པ་དང་། ཟླ1ཚེས13ཉིན་ནས་ཟླ2ཚེས16ཉིན་བར་སྤྱི་དམངས་ཀྱིས་དྲ་ཐོག་ནས་ཁ་ཆད་བྱས་ཆོག 

4.gif

  • ཅང་སུའུ་ཁྲང་ཧྲུའུ་ཡི་རླངས་འཁོར་ཆུང་ཆུང་ཞིག་གཟབ་ནན་མ་བྱས་པར་ཆུ་ནང་དུ་ལྷུང་དུས། ཉེ་འགྲམ་གྱི་ལོ73ལ་སླེབས་པའི་སྡིག་སྲིན་ཞིང་པ་པའོ་པིན་ཡུན་གྱིས་མཐོང་རྗེས། མྱུར་དུ་ཤིང་གྲུ་ཆུང་ཆུང་བཏང་ནས་ནུས་ཤུགས་ཡོད་རྒུས་རླངས་འཁོར་ནང་དུ་ལུས་པའི་མི་གཉིས་བདེ་བླག་ངང་མཚོ་འགྲམ་དུ་བསྐྱབས།

སྲིད་ཇུས།

  • གློག་སྒུལ་རྐང་འཁོར་གྱི་བཙན་ཤེད་རང་བཞིན་གྱི་རྒྱལ་ཁབ་ཀྱི་ཚད་གཞི་བཟོ་བཅོས་བརྒྱབ་རྗེས་དངོས་སུ་ཁྱབ་བསྒྲགས་བྱས། ཚད་གཞི་གསར་པ་ལག་བསྟར་བྱས་རྗེས་མེ་སྐྱོན་ལས་འཛོལ་གྱི་མངོན་མེད་རྐྱེན་ངན་དང་གནོད་འཚེ་ཆུང་དུ་གཏོང་རྒྱུ་དང་། འགྲིམ་འགྲུལ་ལས་འཛོལ་གྱི་ཉེན་ཁ་ཇེ་ཉུང་དུ་གཏོང་རྒྱུ་རེད།

  • ཧོ་ནན་གྱིས་ཞིང་ཆེན་ཡོངས་ཀྱི་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་གྲྭས་དྲ་ཐོག་དང་སློབ་གྲྭ། ཁྱིམ་ཚང་དང་སློབ་གྲྭ་ཟུང་འབྲེལ་བྱེད་པའི་བྱ་ཐབས་སྤྱད་དེ། སློབ་དུས་རེར་སློབ་མ་སྒྲིག་འཛུགས་བྱས་ནས་རྟེན་མཛོད་ཁང་སོགས་ཀྱི་སྒྱུ་རྩལ་འགྲེམས་སྟོན་ལ་ལྟ་སྐོར་ཐེངས་གཅིག་བྱ་རྒྱུ་ཡིན་པའི་ཡིག་ཆ་བཀྲམས།

  • ཧུའུ་པེ་ཝུའུ་ཧན་གྱིས2025ལོའི་དམངས་འཚོ་དོན་དག་དངོས་ཀྱི་ཞིབ་ཐོ་གཏན་འཁེལ་བྱས་ཏེ། དེའི་ནང་གྲོང་ཁྱེར་ཡོངས་ཀྱི་སྦྲུམ་མར་ཕྲུ་གུ་མ་སྐྱེས་སྔོན་གྱི་རྒྱུད་རྒྱུ་རིན་མེད་བརྟག་དཔྱད་བྱ་རྒྱུ་ཚུད་ཡོད། 

དེ་རིང་གི་གནམ་གཤིས།

5.jpg

  • ནང་སོག་གི་དབུས་ཤར་རྒྱུད་དང་། ཧེ་ལུང་ཅང་གི་དབུས་ཤར་རྒྱུད། ཅི་ལིན་གྱི་ཤར་རྒྱུད། བོད་ལྗོངས་ཀྱི་ཤར་རྒྱུད། ཀན་སུའུ་ཡི་ཧོ་ཞི། ཁྲོནནུབ་ས་མཐོའི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁ་བ་ཆུང་བའམ་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་། ཅང་ཧོའེ་ཡི་ནུབ་རྒྱུད། ཅང་ཧན་གྱི་ཤར་རྒྱུད། ཧུའུ་ནན་གྱི་བྱང་རྒྱུད། སི་ཁྲོན་གཤོང་ས། ཁྲུང་ཆིང་། ཀོང་ཞིའི་ཤར་ལྷོའི་རྒྱུད། ཀོང་ཏུང་གི་ལྷོ་ནུབ་རྒྱུད། ཧའེ་ནན་གླིང་ཕྲན་གྱི་དབུས་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་ཆུང་ཆུང་འབབ་རྒྱུ་རེད།


མཉམ་སྤྱོད།