དེ་རིང་ནི2025ལོའི་ཟླ03པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-01-15 09:13:50   |   682

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཟླ1པོའི་ཚེས14ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁོ་སི་ཐ་ལ་ཁ་པར་བཏང་།

  •  ཟླ1ཚེས14ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨའོ་ཨེན་ལ་གློག་འཕྲིན་བཏང་ནས་ཁོང་ལེ་པ་ནན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་གི་འགན་བཞེས་པར་རྟེན་འབྲེལ་ཞུས། 

1.jpg

  • 2025ལོའི་ལྕགས་ལམ་གྱི་དཔྱིད་གསར་སྐྱེལ་འདྲེན་ཟླ1ཚེས14ཉིན་ནས་མགོ་ཚུགས་ནས་ཟླ2ཚེས22ཉིན་མཇུག་འགྲིལ། རྒྱལ་ཡོངས་ལྕགས་ལམ་གྱིས་སྔོན་དཔག་བྱས་ན་འགྲུལ་པ་མི་ཐེངས་དུང་ཕྱུར5.1སྐྱེལ་རྒྱུ་ཡིན་པ་རེད། 

  • ཀྲུང་གོ་མི་དམངས་དངུལ་ཁང་གི་གནས་ཚུལ་ལ་གཞིགས་ན། 2025ལོར་ལྷོད་གཡེང་འོས་འཚམ་གྱི་དངུལ་ལོར་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱ་རྒྱུ་རེད།

  • རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། 2024ལོར་ཁེ་ལས་དང་མི་སྒེར་སོགས་དངུལ་ཁང་མིན་པའི་སྡེ་ཚན་གྱི་ཕྱི་འབྲེལ་གཏོང་ཡོང་བསྡོམས་འབོར་ཨ་སྒོར་དུང་ཕྱུར་ཁྲི་14.3ཡིན་པ་དེ2023ལོ་ལས14.6%འཕར་ནས་གཞི་ཁྱོན་ལོ་རྒྱུས་ཀྱི་ཟིན་ཐོ་གསར་བ་བཏོད་ཡོད། 

  • རྒྱལ་ཁབ་གནས་སྤོས་དོ་དམ་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། 2024ལོར་རྒྱལ་ཡོངས་གནས་སྤོས་དོ་དམ་སྒྲིག་གཞིས་རྒྱལ་མཚམས་ནས་འགྲོ་འོང་བྱེད་མཁན་མི་ཐེངས་དུང་ཕྱུར6.1ཞིབ་བཤེར་བྱས་པ་དེ་དུས་མཚུངས་ལས43.9%འཕར་ཡོད། 

  • ཀྲུང་གོའི་ཚན་རྩལ་ཁང་ནས་གནས་ཚུལ་འབྱོར་གསལ། ཚོད་རྩིས་རགས་ཙམ་བྱས་པ་བརྒྱུད2024ལོར་རྒྱལ་ཡོངས་ཚན་རྩལ་ཁང་གིས་སྣེ་ལེན་བྱས་པའི་ལྟད་མོ་བ་ཐེངས་དང་པོར་མི་ཐེངས་དུང་ཕྱུར1ལས་བརྒལ། 

2.png

  • ཉེ་ཆར་རང་རྒྱལ་གྱིས་དྲག་རྒྱུག་དྲང་ཐིག་གྱེས་རྡུལ་མཉམ་གཟུགས་སྒྲིག་ཆས་གྲུབ་འབྲས་ཐོབ་པའི་སྒོ་ནས་ཞིབ་འཇུག་དང་གསར་བཟོ་བྱས་ཏེ། ཤོ་སྨི་རེར་སྐར་ཆ་རེར་རིལ་རྡུལ་དུང་ཕྱུར་དུང་ཕྱུར་དུང་ཕྱུར་གཏོར་ཐུབ་པས། ཀྲུང་གོའི་འདུས་འགྱུར་ལས་གྲྭའི་ཚོད་ལྟའི་ཕུང་པོར་ཞིབ་འཇུག་བྱེད་པར་ཚན་རྩལ་གྱི་རྣོན་ཆས་མཁོ་འདོན་བྱས་ཡོད། 

  • བོད་ལྗོངས་དིང་རི་རྫོང་མི་དམངས་སྲིད་གཞུང་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས13ཉིན་གྱི་དགོང་མོའི་དིང་རི་རྫོང་གི་ཡོམ་འཕྲོ་དྲག་མོ་ལས་མི་ཤི་རྨས་བྱུང་མེད། 

 སྤྱི་ཚོགས།

3.jpg

  • དེ་རིང་བོད་ལྗོངས་དང་། མཚོ་སྔོན། ཞིན་ཅང་། ནང་སོག ལིའོ་ཉིང་། པེ་ཅིང་། ཐེན་ཅིན། ཧོ་པེ། ཧྲན་ཏུན། ཅང་སུའུ་སོགས་ས་ཁུལ་ཁ་ཤས་སུ་རིམ་པ5ནས6དང་། ཐོལ་རླུང་རིམ་པ7ནས8བར་གྱི་རླུང་ཆེན་གཡུག་རྒྱུ་རེད།  

  • རྒྱལ་སྲིད་སྤྱི་ཁྱབ་ཁང་བཟའ་བཅའ་བདེ་འཇགས་གཞུང་དོན་ཁང་གིས་སློབ་གསོ་པུ་སོགས་སྡེ་ཚན་དང་མཉམ་དུ《སློབ་གྲྭའི་བཟའ་བཅའ་བདེ་འཇགས་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་ཏེ། སློབ་གྲྭའི་སློབ་གཙོ་ཡིས་འགན་འཁུར་མཁན་དང་པོའི་འགན་འཁྲི་ཏན་ཏིག་ལག་བསྟར་བྱེད་དགོས་པ་གཏན་འབེབས་བྱས། 

  • རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུ་ཡིས“ཧྥེན་སི་ཚོགས(饭圈)”ཟང་ཟིང་བཅོས་སྐྱོང་བྱ་རྒྱུ་དེ་མིག་སྔའི་ཁ་ཚ་དགོས་གཏུག་གི་ལས་འགན་ཞིག་ཏུ་བརྩིས་ནས་དམ་འཛིན་དམ་ཟབ་བྱེད་དགོས་པ་ཁ་གསལ་བཏོན། 

  • ལན་ཡུན་ཀང་མཚོ་དོན་ཅུ་ཡིས་ཟླ1པོའི་ཚེས15ཉིན་ནས་ཚེས23ཉིན་གྱི་ཆུ་ཚོད08ནས་ཆུ་ཚོད18བར་རྒྱ་མཚོའི་སེར་པོའི་ལྷོ་རྒྱུད་ཀྱི་མཚོ་ཁོངས་ཁག་གཅིག་ཏུ་མཚོ་ཐོག་མེ་མདའ་འཕེན་པར་ཚོད་ལྟ་བྱ་རྒྱུ་ཡིན་པས་བསྐྱོད་མི་ཆོག་པའི་མཚོ་འགྲུལ་ཐ་ཚིག་ཁྱབ་བསྒྲགས་བྱས།

4.png

  • ཉེ་ཆར་རང་རྒྱལ་ལྷོ་སྣེ་ཀྲུང་ཧྲན་ས་ཚིགས་ཐོག་ཐེངས་དང་པོར་རང་བདག་སྲུང་སྐར་དྲ་རྒྱའི་འཕྲིན་གཏོང་མངོན་འགྱུར་བྱུང་། དྲ་རྒྱའི་མྱུར་ཚད་ཀྲའོ100ཙམ་ཟིན་ཡོད་པ་རེད། 

  • 2025ལོའི་ཨོ་སི་ཁྲུ་ལི་ཡའི་དྲ་གྲུག་བུད་མེད་རྐྱང་པའི་རེས་སྐོར་དང་པོའི་འགྲན་བསྡུར་ཁྲོད་ཀྲེང་ཆིན་ཝུན་དང་། ཝང་ཡ་ཧྥན། ཝང་ཞི་ཡུས། ཀྲང་ཧྲུའེ་བཅས་རེས་སྐོར་གཉིས་པའི་ནང་ཞུགས་ཐུབ་བྱུང་། 

5.jpg

  • ཁྲུང་ཆིང་ས་འོག་ལྕགས་ལམ་ནས་རྒན་པ་ཞིག་གློ་བུར་དུ་དྲན་པ་ཐོར་ནས་བརྒྱལ། གམ་དུ་ཡོད་པའི་ཡུས་པེ་ཆུས་མི་དམངས་སྨན་ཁང་གི་མྱུར་སྐྱོབ་པུ་ཡི་སྨན་པ་ལི་ཀྲུང་གིས་གནས་ཚུལ་དེ་མཐོང་ནས་འཕྲལ་དུ་པུས་མོ་ས་ལ་བཙུགས་ནས་མྱུར་སྐྱོབ་བྱས་པ་དང་མྱུར་སྐྱོབ་རླངས་འཁོར་མ་ཐོན་གོང་རྒན་པའི་འདུ་ཤེས་སླར་གསོ་བྱས། 

སྲིད་ཇུས། 

  • ཧྲང་ཧའེ་ཡིས་ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་ཁེར་རྐྱང་བཏང་བའི་སྨན་ཁང་གི་སྨན་བཅོས་ཚན་ཁག་ལ་ཁྲག་ཁོག་ནད་ཚན་ཁག་ཐོ་འགོད་བྱས་མི་ཆོག་པ་གཏན་འབེབས་བྱས། 

  • ཧོ་པེ་ཡིས་ཟླ3པའི་ཚེས1ཉིན་ནས་བཟུང་། ཞིང་ཆེན་ནང་ཁུལ་གྱི་ས་གནས་གཞན་དུ་སྨན་བཅོས་བྱེད་པའི་ཆ་རྐྱེན་དང་མཐུན་པའི་སྨན་ཁང་དུ་སྡོད་པའི་སྨན་བཅོས་འགྲོ་གྲོན་དེ་སྨན་བཅོས་བྱ་ཡུལ་གྱི་ནད་རིགས་ལ་གཞིགས་ནས་གྲོན་དངུལ་སྤྲད་པའི་དོ་དམ་ནང་འཇུག་རྒྱུ་ཁ་གསལ་པོ་བཏོན།

  • ཧུའུ་པེ་ཡིས་གནས་སྐབས་རོགས་སྐྱོབ་བྱེད་སྐབས་ཁྱིམ་ཚང་ཐོ་འགོད་བྱ་ཡུལ་གྱི་ཚོད་འཛིན་མེད་པར་བཟོས་ཏེ། སྡོད་གནས་དང་། དཀའ་ངལ་ཐོན་ཡུལ་དུ་ཡུལ་གྲོང་མི་དམངས་སྲིད་གཞུང་དང་། སྲང་ལམ་དོན་གཅོད་ཁྲུའུ་ལ་རེ་ཞུ་བྱེད་ཆོག་པ་ཁ་གསལ་བཏོན།

 དེ་རིང་གི་གནམ་གཤིས།

6.jpg

  •  ནང་སོག་གི་བྱང་ཤར་རྒྱུད་དང་། ཧེ་ལུང་ཅང་གི་ནུབ་བྱང་རྒྱུད་དང་། ཅི་ལིན་གྱི་ཤར་རྒྱུད། ཀུའེ་ཀྲོའུ་ཡི་ནུབ་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ངམ་ཁངས་ཆར་འདྲེས་མ་འབབ་རྒྱུད་རེད། སི་ཁྲོན་གཤོང་སའི་ལྷོ་རྒྱུད་དང་། ཀུའེ་ཀྲོའུ་ཡི་ནུབ་རྒྱུད། ཡུན་ནན་གྱི་བྱང་ཤར་རྒྱུད། ཀོང་ཞིའི་ཤར་ལྷོ་རྒྱུད། ཀོང་ཏུང་གི་ལྷོ་ནུབ་རྒྱུད། ཧའེ་ནན་གླིང་ཕྲན། ཐའེ་དབན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་བ་ཆུང་ཆུང་འབབ་རྒྱུ་རེད།


མཉམ་སྤྱོད།