དེ་རིང་ནི2025ལོའི་ཟླ03པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-01-16 09:17:20   |   2434

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

1.jpg

  • ཟླ1ཚེས15ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་སི་རི་ལན་ཁའི་ཙུང་ཐུང་ཏི་ས་ན་ཡ་ཁེ་དང་གྲོས་མོལ་གནང་། 

  • ཟླ1ཚེས15ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་དང་ཁ་པར་བཏང་།

  • ཟླ1ཚེས16ཉིན་པར་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་ཐེངས་གཉིས་པའི་སྟེང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《བསྒྱུར་བཅོས་སྔར་བས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ཁྲོད་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་འགའ》ཞེས་པ་སྤེལ་རྒྱུ་རེད། 

  •  2025ལོའི་རྒྱལ་ཡོངས་ཀྱི་དཔྱིད་གསར་དུས་ཆེན་རིག་གནས་དང་གནས་སྐོར་འཛད་སྤྱོད་ཟླ་བ་སྤེལ་མགོ་ཚུགས་ཤིང་། ས་གནས་ཁག་གིས་འཛད་སྤྱོད་འཛིན་ཤོག་དང་སྤ་སེའི་རིན་གོང་གཟིགས་སྐྱོང་སོགས་ཀྱི་དམངས་ཕན་བྱ་ཐབས་བཏོན་ཏེ་གནས་སྐོར་ལོ་གསར་དང་རིག་གནས་ལོ་གསར་དེ“ལོ་གསར་གྱི་གོམས་སྲོལ”དུ་འགྱུར་བ་བྱ་རྒྱུ་ཡིན་པ་རེད། 

  •  གསར་པ་ཉོ་སྒྲུབ་ཁ་གསབ་ལག་བསྟར་ཇུས་གཞི་ཁྱབ་བསྒྲགས་བྱས་པ་ལྟར་ན། ལག་ཁྱེར་ཁ་པར་སོགས་གྲངས་འཛིན་ཐོན་རྫས་ཉོ་བ་རེར་མཐོ་ཤོས་སྒོར500ཁ་གསབ་བྱ་རྒྱུ་དང་། ཁྱིམ་སྤྱོད་གློག་ཆས་རིགས12ཉོ་བ་རེར་མཐོ་ཤོས་སྒོར་2000ཁ་གསབ་བྱ་རྒྱུ་རེད།

  •  འཕྲལ་སྡོམ་དོ་དམ་པུ་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཀྲུང་དབྱང་གི་དགུན་དཔྱིད་རོགས་སྐྱོབ་མ་དངུལ་སྒོར་དུང་ཕྱུར52.72གོ་རིམ་ལྡན་པའི་ངང་སྤྲོད་བཞིན་ཡོད་པ་དང་ཉེ་ཆར་ཚང་མ་ས་གནས་ཁག་ཏུ་དངོས་སུ་འབྱོར་རྒྱུ་རེད།

  • ད་ལོའི་ལོ་སྟོད་ཀྱི་དམག་བསྡུ་དེ་ཟླ2ཚེས15ཉིན་ནས་མགོ་བརྩམས་ནས་ཟླ3ཚེས31ཉིན་མཇུག་འགྲིལ་རྒྱུ་དང་། ལོ་སྨད་དམག་བསྡུ་དེ་ཟླ8ཚེས15ཉིན་ནས་མགོ་བརྩམས་ནས་ཟླ9ཚེས30ཉིན་མཇུག་འགྲིལ་རྒྱུ་རེད། 

  •  སྤྱི་བདེ་པུ་ཡིས་ས་གནས་ཁག་གི་སྤྱི་བདེ་ལས་ཁུངས་ལ་རང་རྒྱལ་གྱི་སྤྱི་དམངས་ཕྱི་རྒྱལ་དུ་འབྲེལ་གཏུག་ཤོར་བ་དང་། དཀའ་གནད་དུ་གྱུར་པའི་གནས་ཚུལ་ཕྱོགས་ཡོངས་ནས་གསལ་འབྱེད་བྱ་རྒྱུའི་བཀོད་སྒྲིག་བྱས་ཏེ། ནུས་ཤུགས་ཡོད་རྒུས་མྱུལ་ཞིབ་བརྟག་དཔྱད་ལས་དོན་སྤེལ་ནས་དཀའ་གནད་དུ་གྱུར་པའི་མི་སྣ་རོགས་སྐྱོབ་མཐུན་སྦྱོར་བྱ་རྒྱུ་རེད།

  • 2024ལོར་ངོགས་གཉིས་ཀྱི་མི་སྣ་འགྲོ་འོང་དང་ཁྱབ་ཁོངས་ཁག་གི་སྤེལ་རེས་མུ་མཐུད་དུ་སླར་གསོ་དང་རྒྱ་ཆེར་བཏང་བ་དང་། དེའི་ནང་ཐའེ་ཝན་སྤུན་ཟླ་སྐམ་ས་ཆེན་པོར་ཡོང་བ་མི་ཐེངས་ཁྲི402.3ཡིན་པ་དེ་དུས་མཚུངས་ལས54.3%འཕར་ཡོད། 

སྤྱི་ཚོགས།

  • ལྕགས་ལམ12306ཡིས་བརྟན་པོའི་ངང་དུས་ཆེན་སྔོན་གྱི་སྤ་སེ་ཕྱིར་ཚོང་གི་མཐོ་རླབས་དུས་རིམ་བསྐྱས། ཚེས15ཉིན་གྱི་ཆུ་ཚོད8དང་སྐར་མ30བར་དཔྱིད་གསར་སྐྱེལ་འདྲེལ་རིང་གི་སྤ་སེ་རིམ་རྩིས་བྱས་ན་དུང་ཕྱུར1.2བཙོངས་ཡོད།

  • 2024ལོར་ཀོང་ཏུང་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྔོན་དཔག་བྱས་ན་སྒོར་དུང་ཕྱུར་ཁྲི14ཡི་སྐས་རིམ་གསར་པར་སླེབས་རྒྱུ་རེད། འདི་ནི་རང་རྒྱལ་གྱི་དཔལ་འབྱོར་སྤྱི་འབོར་སྒོར་དུང་ཕྱུར་ཁྲི14ལས་བརྒལ་བའི་ཞིང་ཆེན་ཐོག་མ་རེད། 

2.jpg

  • རང་རྒྱལ་གྱིས་བཟོས་པའི་སྦྲག་སྐྱེལ་གྲུ་གཟིངས་ཆེ་གྲས་གཉིས་པ“ཨའེ་ཏ·ཧྭ་ཁྲེང་རྟགས་ཅན”ཧྲིལ་པོར་སྦྲེལ་མཐུད་བྱས་པ་དང་། སྤྱིའི་ཏུན་ཁྲི14.19ཡིན། 

  • 2024ལོའི་ལོ་མཇུག་བར་རང་རྒྱལ་གྱི་རྒྱལ་ནང་གི་གསར་གཏོད་ཆེད་ཁེའི་ནུས་ལྡན་གྲངས་འབོར་ཁྲི475.6ཟིན་ནས་འཛམ་གླིང་ཐོག་ཁྲི400ལས་བརྒལ་བའི་རྒྱལ་ཁབ་ཐོག་མར་གྱུར་ཡོད། 

  • གནའ་བོའི་ཕོ་བྲང་རྟེན་མཛོད་ཁང་གིས་དགུན་ཁའི་གུང་གསེང་རིང་ལོ་ན་མ་སོན་པའི་ཚོགས་པས་མགྱོགས་མྱུར་ཁ་ཆད་དང་། སྤ་སེ་ཞིབ་བཤེར་བྱེད་ཐབས་ཁྱབ་བསྒྲགས་བྱས་པ་དང་། གནའ་བོའི་ཕོ་བྲང་གིས་ཉིན་ལྟར་ལོ་ན་མ་སོན་པའི་ཚོགས་པ་200སྣེ་ལེན་བྱ་རྒྱུ་རེད། 

  • “ཀྲུང་གོའི་ལུས་རྩལ་གདན་ཞུའི”སྟེགས་བུ་དྲ་ཐོག་ནས་གཉེར་སྐྱོང་བྱས་ཏེ། དམག་ཁོངས་ནས་ཕྱིར་ལོག་པའི་ལུས་རྩལ་པ་དང་ལུས་རྩལ་ལས་རིགས་ཀྱི་ལས་གཉེར་བྱེད་མཁན་ལ་ལས་ཞུགས་དང་ལས་གཏོད་ཀྱི་རྒྱབ་སྐྱོར་སྣ་མང་མཁོ་འདོན་བྱ་རྒྱུ་རེད། 

3.jpg

  • རང་རྒྱལ་གྱི་ཚན་རིག་ཞིབ་འཇུག་མི་སྣས་གོ་ལ་ཧྲིལ་པོའི་ཚད་གཞི་ཆེ་ཤོས་ཀྱི་གསའ་ཁྱུ་ཚོགས་ལ་བརྟག་དཔྱད་ལེགས་གྲུབ་བྱུང་སྟེ། སྤྱི་ལེ་གྲུ་བཞི་མ་ཁྲི36ཡི་ཁྱབ་ཁོངས་ནང་གསའ་རང་ཚུགས་བྱེད་སྒོའི་ཟིན་ཐོ་རིམ་རྩིས་བྱས་ནས་ཐེངས་ཁྲི་ཙམ་ཐོབ་ཡོད།

4.png

  • ཚེས12ཉིན་གྱི་ཐོ་རེངས་ཁྲེང་ཏུའུ་ཡི་རམ་འདེགས་ཉེན་རྟོག་པ་ཁང་ཤིན་ཀྲི་བྱང་བུ་བཙུགས་པའི་ཞིབ་བཤེར་ལས་དོན་ལག་བསྟར་བྱེད་རོགས་བྱེད་སྐབས། བྲོས་བྱོལ་རླངས་འཁོར་ཞིག་གིས་བརྡུངས་རྨས་བཏང་ནས་འདྲུད་བསྐྱོད་བྱས་པས་སྟབས་མི་ལེགས་པར་རང་སྲོག་བློས། ལོ27ཡིན།

སྲིད་ཇུས། 

  • ཆེས་མཐོའི་ཁྲིམས་ཁང་གིས་དམངས་ཁྲིམས་ཀྱི་གཉེན་སྒྲིག་དང་ཁྱིམ་ཚང་སྐོར་གྱི་ཁྲིམས་འཛིན་འགྲེལ་བཤད(གཉིས)ཁྱབ་བསྒྲགས་བྱས་ཏེ། ཁྱོ་ཤུག་བར་ས་ཁང་བདག་ཁོངས་སྤྲོད་པ་དང་། ཕ་མས་བུ་ཕྲུག་གཉེན་སྒྲིག་བྱས་རྗེས་ཁང་པ་ཉོ་བར་མ་དངུལ་གཏོང་བ་སོགས་སྤྱི་དམངས་ཀྱིས་སེམས་ཁུར་བྱེད་པའི་འདྲི་གཅོད་ལག་ལེན་གྱི་དཀའ་ངལ་ཆེ་བའི་གནད་དོན་གཙོ་གནད་ཐག་གཅོད་བྱས། 

  • རྒྱལ་ཁབ་འཕེལ་རྒྱས་སྒྱུར་བཅོས་ཨུ་ལྷན་སོགས་སྡེ་ཚན་དྲུག་གིས་ཇུས་གཞི་ཁྱབ་བསྒྲགས་བྱས་ཏེ། མི་སྒེར་གྱི་ཆ་འཕྲིན་མིང་གབ་ཅན་དུ་འགྱུར་བའི་འབྲེལ་ཡོད་ཚད་གཞི་བཟོས་ནས་མི་སྒེར་གྱི་གཞི་གྲངས་འཁོར་རྒྱུག་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན། 

  • མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུ་སོགས་སྡེ་ཁག་བཞིས་བརྡ་ཐོ་བཏང་སྟེ། ལས་ཤོར་འགན་བཅོལ་དངུལ་གྱི་རེ་ཞུ་མགྱོགས་སུ་གཏོང་རྒྱུར་སྐུལ་འདེད་བཏང་བ་དང་། ཐག་གཅོད་ལས་ཁུངས་ཀྱིས་རེ་ཞུ་འབྱོར་བའི་ཉིན་ནས་བཟུང་ལས་ཀའི་ཉིན་བཅུའི་ནང་དགོས་མཁོ་ཞིབ་བཤེར་བྱས་ཚར་དགོས་པ་གཏན་འབེབས་བྱས།

དེ་རིང་གི་གནམ་གཤིས།

5.jpg

  • ཧེ་ལུང་ཅང་གི་དབུས་ཤར་དང་། བོད་ལྗོངས་ཀྱི་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁ་བ་ཆུང་བ་ནས་འབྲིང་ཙམ་འབབ་རྒྱུ་དང་། སི་ཁྲོན་གཤོང་སའི་ལྷོ་རྒྱུད་དང་། ཀུའེ་ཀྲོའུ་ཡི་ནུབ་རྒྱུད། ཡུན་ནན་གྱི་བྱང་ཤར་རྒྱུད། ཐའེ་ཝན་གླིང་ཕྲན་གྱི་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་བ་ཆུང་ཆུང་འབབ་རྒྱུ་རེད། བོད་ལྗོངས་ཀྱི་དབུས་ནུབ་རྒྱུད་དང་། མཚོ་སྔོན་གྱི་ལྷོ་ནུབ་རྒྱུད། ནང་སོག་གི་དབུས་ཤར་རྒྱུད། ཧོ་པེའི་བྱང་རྒྱུད། པེ་ཅིང་གི་ནུབ་རྒྱུད་རི་ཁུལ། ལིའོ་ཏུང་ཕྱེད་གླིང་སོགས་ས་ཁུལ་ཁ་ཤས་སུ་རིམ་པ5ནས6དང་། ཐོལ་རླུང་རིམ་པ7ནས8བར་གྱི་རླུང་ཆེན་གཡུག་རྒྱུ་རེད།


མཉམ་སྤྱོད།