དེ་རིང་ནི2025ལོའི་ཟླ03པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-01-17 09:24:41   |   2510

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཟླ1ཚེས16ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་མོ་ན་ཁོའི་གཙོ་བདག་རྒྱལ་པོ་ཨར་པེ་སྐུ་ཕྲེང་གཉིས་པ་གཉིས་ཀྱིས་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་སྟེ། རྒྱལ་ཁབ་གཉིས་ཀ་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ30འཁོར་བར་རྟེན་འབྲེལ་ཞུས། 

  • ཀྲུང་དབྱང་རྩ་འཛུགས་པུ་ཡིས་སྒྲིག་འཛུགས་བྱས་ནས་རྩོམ་སྒྲིག་བྱས་པའི《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་སྐོར་གྱི་དགོངས་པ་གལ་ཆེན་གྱི་རགས་བཤད》ཞེས་པའི་དཔེ་དེབ་དེ་ཏང་འཛུགས་སྐྱོང་ཀློག་དེབ་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས། 

  • ཚེས16ཉིན། བཟོ་ལས་ཆ་འཕྲིན་པུ་ཡིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། 2024ལོར་རང་རྒྱལ་གྱི་གྲུ་གཟིངས་བཟོ་སྐྲུན་ལས་རིགས་ཀྱི་དམིགས་ཚད་ཆེན་པོ་གསུམ་ཁྱོན་ཡོངས་ནས་འཕར་ནས་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་ཡོད། 

  • 2024ལོའི་ཟླ1ནས་ཟླ12བར་རྒྱལ་ཡོངས་སུ་ལྕགས་ལམ་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་དུང་ཕྱུར43.12ཡིན་པ་དེ་དུས་མཚུངས་ལས11.9%འཕར་ཡོད། 

  • ཆུ་བེད་པུ་ནས་གནས་ཚུལ་སྤེལ་བར་གཞིགས་ན། 2024ལོར་རང་རྒྱལ་གྱིས་གྲོང་གསེབ་ཀྱི་ཆུ་འདོན་ལས་གྲྭ་ཁྲི2.3འཛུགས་སྐྲུན་ལེགས་གྲུབ་བྱུང་སྟེ། གྲོང་གསེབ་མི་འབོར་དུང་ཕྱུར1.1གི་ཆུ་འདོན་འགན་ལེན་ཆུ་ཚད་མཐོ་རུ་བཏང་། རྒྱལ་ཡོངས་གྲོང་གསེབ་ཀྱི་རང་འབབ་ཆུ་ཁྱབ་གདལ་བྱེད་ཚད94%ཟིན། 

  • ཚོང་དོན་པུ་ནས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ1ཚེས20ཉིན་ནས་བཟུང་ས་གནས་ཁག་གིས་ལག་ཁྱེར་ཁ་པར་སོགས་གྲངས་འཛིན་ཐོན་རྫས་ཉོ་སྒྲུབ་ཀྱི་ཁ་གསབ་གསར་པ་གཅིག་རྗེས་གཉིས་མཐུད་ངང་ལག་བསྟར་བྱ་རྒྱུ་ཡིན་པ་རེད། 

  • 2025ལོར་ཀྲུང་དབྱང་ནོར་སྲིད་ཀྱིས་གྲོང་གསེབ་དར་རྒྱས་སྦྲེལ་མཐུད་སྐུལ་འདེད་གཏོང་བའི་ཁ་གསབ་མ་དངུལ(གྲངས་ཉུང་མི་རིགས་འཕེལ་རྒྱས་ཀྱི་ལས་འགན)སྒོར་དུང་ཕྱུར66.6སྔོན་ལ་བཏང་།

1.jpg

  • བོད་ལྗོངས་དིང་རི་རྫོང་གི་རིམ་པ6.8ས་ཡོམ་གྱི་ཡོམ་འགོག་གེགས་སེལ་ལས་དོན་མུ་མཐུད་དུ་སྤེལ་བ་དང་། ཚེས16ཉིན་གྱི་ཆུ་ཚོད17བར་བོད་རང་སྐྱོང་ལྗོངས་ཡོམ་འགོག་གེགས་སེལ་བཀོད་འདོམས་པུ་ཡིས་ཁང་པ13000གྲབས་གསོག་བྱས་ཡོད། 

  • ས་གནས་དེ་གའི་དུས་ཚོད་ཟླ1ཚེས15ཉིན། དབྱི་སི་རལ་དང་ཕ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་ལས་འགུལ(ཧ་མ་སི)དབར་ཅ་ཧྲར་ས་ཁུལ་གྱི་དམག་མཚམས་འཇོག་རྒྱུའི་ཐད་གྲོས་མཐུན་བྱུང་བ་རེད། 

སྤྱི་ཚོགས།

2.png

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་རླུང་ཆེན་སྔོན་པོ་ཉེན་བརྡ་བཏང་བ་ལྟར་ན། དེ་རིང་བོད་ལྗོངས་ཀྱི་ས་ཁུལ་མང་ཆེ་བ་དང་། ཞིན་ཅང་གི་ལྷོ་རྒྱུད་དང་ཤར་རྒྱུད། མཚོ་སྔོན་གྱི་ལྷོ་ནུབ་རྒྱུད། ཁྲོན་ནུབ་ས་མཐོ་སོགས་ས་ཁུལ་ཁ་ཤས་སུ་རིམ་པ5ནས7བར་དང་། ཐོལ་རླུང་རིམ་པ7ནས9བར་གྱི་རླུང་ཆེན་གཡུག་རྒྱུ་རེད།

  • ཚེས16ཉིན་ཆུ་ཚོད24ནས་བཟུང་རྒྱལ་ནང་གི་རླངས་སྣུམ་དང་ཁྲའེ་སྣུམ་གྱི་རིན་གོང་ཏུན་རེར་སྒོར340དང325སོ་སོར་འཕར་ཡོད། 

  • ཚེས16ཉིན་རྒྱལ་ཡོངས་ལྕགས་ལམ་གྱིས་སྔོན་དཔག་བྱས་ན་འགྲུལ་པ་མི་ཐེངས་ཁྲི1160སྐྱེལ་རྒྱུ་དང་འགྲུལ་པའི་མེ་འཁོར608ཁ་སྣོན་གཏོང་རྩིས་ཡོད་པ་རེད། 

  • ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས་ད་ལོའི་ཟླ1པོ་ནས་ཟླ3པའི་བར་ལུག་སྤུའི་སྟོད་ལྭ་དང་བྱ་སྤུའི་གྱོན་ཆས་སོགས་འཁལ་འཐག་ཐོན་རྫས་རྫུན་མ་ཞན་པ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་དུས་ཡུན་ཟླ་བ་གསུམ་གྱི་ཆེད་དོན་བཅོས་སྒྲིག་བྱ་རྒྱུ་རེད།

  • རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུ་ནས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱི་ཞིང་ཆེན11གི་གཅིག་གྱུར་འཆར་འགོད་ཁུལ81ལ་སྨན་བཅོས་འགན་བཅོལ་གྱི་དངུལ་ཁུག་སྒོ་ཕྱེ་ཡོད་པས་མི་སྒེར་གྱི་རྩིས་ཁྲའི་ཞིང་ཆེན་བརྒལ་བའི་མཉམ་བཅོས་བྱེད་ཐུབ་ཀྱི་ཡོད་པ་རེད། 

  • 2024ལོར་ཐ་ལི་མུའུ་སྣུམ་ཞིང་གི་གཏིང་ཚད་སྨི6000ཡན་གྱི་སྣུམ་རླངས་ཐོན་ཚད་ཏུན་ཁྲི2000ལས་བརྒལ་ཡོད། 

3.png

  • ཚེས16ཉིན“ཀྲུང་གོས་བཟོས་པའི”ཚོང་ཟོག་རླངས་འཁོར་ཕྱིར་གཏོང་ཆེད་གཏོང་མེ་འཁོར་བསྡོམས་འབོར5000ལས་བརྒལ་ཡོད། 

  • ད་ལོ་པེ་ཅིང་གྲོང་ཁྱེར་གྱི་འགྲིམ་འགྲུལ་ཁྲིམས་འགལ་ཡུལ་དངོས་མིན་པའི་ཁྲིམས་འཛིན་རིགས་སྔར་བས་རྒྱ་སྐྱེད་དེ། འཕྲུལ་རྟ་ཞོན་ནས་རྨོག་ཞྭ་མི་གྱོན་པ་དང་། ངལ་དུབ་ངང་རླངས་འཁོར་བསྐོར་བ་སོགས་གྱི་ཁྲིམས་འགལ་བྱེད་སྤྱོད་རིགས་བཞི་པར་ལེན་བྱ་རྒྱུ་རེད། 

4.jpg

  • ཅི་ནན་པའོ་ཐུའུ་ཆོན་དུ་ཉ་ཇུན་ལི(锦鲤)ཚོ་བྱང་དུ་འཇུག་པའི་ལྟེ་གནས་བཙུགས་པ་དང་། དུས་མཚུངས་སུ་གནས་སྐོར་བས་ཤེས་རིག་ལྡན་པའི་ཉ་ལ་ལྟ་བ་ལས་གང་འདོད་དུ་ཟས་རིགས་མི་སྟེར་བའི་འབོད་སྐུལ་བཏང་།

  • ཟླ1ཚེས18ཉིན་གྱི་ས་སྲོད་དུ། སྐར་མ་པ་སངས་དང་སྐར་མ་སྤེན་པ་གཉིས་ནུབ་ཕྱོགས་མཁའ་དབྱིངས་སུ་བར་ཐག་ཉེ་བས“མཉམ་འཛོམས་”བྱས་ཏེ“སྐར་མ་ཕན་ཚུན་འཐེན་པའི”འཁྲབ་སྟོན་བྱ་རྒྱུ་ཡིན་པ་རེད། 

སྲིད་ཇུས།

  • པེ་ཅིང་གིས2010ལོའི་ཟླ1ཚེས1ཉིན་གྱི་རྗེས་སུ་པེ་ཅིང་གྲོང་ཁྱེར་དུ་སྐྱེས་པའི་བྱིས་པར་རྒྱུ་ཆ་མི་དགོས་པར་ཕ་མའི་སྨན་བཅོས་འགན་བཅོལ་གྱི་གཉེན་ཉེའི་རྩིས་ཁྲར་ཐད་ཀར་སྦྲེལ་ཆོག་པའི་བརྡ་ཐོ་ཁྱབ་བསྒྲགས་བྱས།

  • ཐེན་ཅིན་གྱིས་བསམ་འཆར་བསྡུ་ལེན་བྱས་པ་ལྟར་ན། ལས་བཟོ་པས་པེ་ཅིན་གྲོང་ཁྱེར་དང་ཧོ་པེ་ཞིང་ཆེན་དུ་འགན་སྲུང་རང་བཞིན་གྱི་གླ་གཏོང་སྡོད་ཁང་གླ་མར་གཏོང་སྐབས། ཐེན་ཅིན་གྲོང་ཁྱེར་གྱི་སྲིད་ཇུས་ལ་གཞིགས་ནས་སྡོད་ཁང་གི་སྤྱི་གསོག་མ་དངུལ་བླངས་ཆོག 

  • ཧྲང་ཧའེ་ཡིས་ལུས་སྦྱོང་གི་སྔོན་སྤྲོད་བྱང་བུ་ལ་ལྟ་སྐུལ་དོ་དམ་བྱེད་པའི་བྱེད་ཐབས་པར་འགྲེམས་བྱས་སྟེ། གཉེར་སྐྱོང་མཁན་གྱིས་འཛད་སྤྱོད་པ་གཅིག་ལ་སྔོན་སྤྲོད་དཔང་ཡིག་སྣ་ཚོགས་བསྡུ་ལེན་བྱས་པའི་སྔོན་སྤྲོད་དངུལ་གྲངས་བསྡོམས་འབོར་སྒོར20000ལས་བརྒལ་མི་ཆོག་པ་གཏན་འབེབས་བྱས། 

དེ་རིང་གི་གནམ་གཤིས།

5.png

  • ཞིན་ཅང་བྱང་རྒྱུད་ཀྱི་བྱང་རྒྱུད་དང་། ཞིན་ཅང་ལྷོ་རྒྱུད་ཀྱི་ཤར་ལྷོའི་ས་བབ་མཐོ་བའི་རི་ཁུལ། ཧེ་ལུང་ཅང་གི་དབུས་བྱང་རྒྱུད། བོད་ལྗོངས་ཀྱི་ལྷོ་རྒྱུད། ཀན་སུའུ་ཧོ་ཞི་སོགས་ས་ཁུལ་ཁ་ཤས་སུ་ཁ་བ་ཆུང་བ་འབབ་རྒྱུ་དང་། དེའི་ནང་བོད་ལྗོངས་ཀྱི་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁ་བ་འབྲིང་ཙམ་འབབ་རྒྱུ་རེད། སི་ཁྲོན་གཤོང་སའི་ནུབ་རྒྱུད་དང་ཐའེ་དབན་གླིང་ཕྲན་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆུང་འབབ་རྒྱུ་རེད།


མཉམ་སྤྱོད།