དེ་རིང་ནི2025ལོའི་ཟླ03པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2025-02-11 09:30:47   |   220

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།  བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཟླ2ཚེས10ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ན་སྨི་པི་ཡའི་རྒྱལ་ཁབ་ཀྱི་ཙུང་ཐུང་དང་པོ་ནུའུ་ཆའོ་མ་སྐུ་གཤེགས་པར་ན་སྨི་པི་ཡའི་ཙུང་ཐུང་མུའུ་པིན་པར་མྱ་ངན་གྱི་གློག་འཕྲིན་བཏང་བ་དང་། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ནས་སྔར་གྱི་ཙུང་ཐུང་ནུའུ་ཆའོ་མ་ཡི་ནང་མི་དང་། ན་སྨི་པི་ཡའི་སྲིད་གཞུང་དང་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད།

  • རྒྱལ་ཁབ་འཕེལ་རྒྱས་སྒྱུར་བཅོས་ཨུ་ལྷན་གྱིས་ཁྱབ་སྒྲོག་བྱས་པ་ལྟར་ན། དཔྱིད་གསར་དུས་ཆེན་རིང་རླངས་འཁོར་དང་། ཁྱིམ་སྤྱོད་གློག་ཆས་ཁྱིམ་ཆས། ལག་ཐོགས་ཁ་པར་སོགས་གྲངས་འཛིན་ཐོན་རྫས་སོགས་རྙིང་བ་གསར་དུ་བརྗེ་བའི་ཕྱིར་འཚོང་ཚད་ཁྲི860ལ་སླེབས་པ་དང་། ཕྱིར་འཚོང་ཚད་སྒོར་དུང་ཕྱུར310ལས་བརྒལ་ཡོད།

  • སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུ་ནས་གནས་ཚུལ་སྤེལ་བར་གཞིགས་ན། 2024ལོའི་ལོ་མཇུག་བར། རྒྱལ་ཡོངས་གྱི“མིང་ཐོ་དཀར་པོའི”རྣམ་གྲངས་ཀྱི་དངུལ་བུན་ཞིབ་བཤེར་ཆོག་མཆན་སྤྲད་པའི་དངུལ་གྲངས་སྒོར་དུང་ཕྱུར་ཁྲི5ལས་བརྒལ་བ་དང་། ཁང་པ་ཁག་ཐེག་བྱས་ནས་སྡོད་ཁང་ཆ་ཚང་ཁྲི373རྩིས་སྤྲོད་བྱས་པ་རེད།

  • ཉེ་ཆར། སློབ་གསོ་པུ་ཡིས་པེ་ཅིང་གྲོང་ཁྱེར་ཞི་ཁྲེང་ཁུལ་སོགས་རྒྱལ་ཁབ་ཀྱི་དམིགས་བསལ་སློབ་གསོ་སྒྱུར་བཅོས་ཚོད་ལྟ་ཁུལ61ངོས་འཛིན་བྱས་པ་རེད།

  • རྒྱལ་ཁབ་ལྕགས་ལམ་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ1པར། རྒྱལ་ཡོངས་ལྕགས་ལམ་གྱིས་གཏན་འཇགས་རྒྱུ་ནོར་མ་དངུལ་སྒོར་དུང་ཕྱུར་439བཏང་བ་དང་། དུས་མཚུངས་ལས3.7%འཕར་ཡོད།

  • རྒྱལ་ཁབ་གནས་སྤོས་དོ་དམ་ཅུ་ཡིས་སྤྱི་བསྒྲགས་སྤེལ་ནས། ཚེས10ཉིན་ནས་བཟུང་། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་གནས་སྐོར་ཚོགས་པ་ཡུན་ནན་ཞི་ཧྲོང་པན་ནར་གནས་སྐོར་དུ་ཡོང་བར་ཐོ་འགོད་བྱེད་མི་དགོས་པའི་སྲིད་ཇུས་ལག་བསྟར་བྱ་རྒྱུ་རེད།

  • ཚེས10ཉིན། ཡོན་ཧྲི་ཧོང་ཞུས་ཧྭ་ཡི་སྐུ་གདུང་ལ་གྱེས་ཁ་འཇོག་པའི་མཛད་སྒོ་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་ཝུའུ་ཁྲང་དུར་འཇུག་ཁང་དུ་འཚོགས་པ་རེད།

01.jpg

  • ཚེས10ཉིན། ཀྲུང་གོའི་འཐུས་མི་ཚོགས་པས་ཧར་པིན་ཨེ་ཤེ་ཡའི་དགུན་དུས་འགྲན་ཚོགས་ཐོག་གསེར་གྱི་རྟགས་མ6བླངས་པ་དང་། ཁྱོན་སྡོམ་གསེར་གྱི་རྟགས་མ་21བླངས་ཡོད། འགྲན་ཚོགས་ཀྱི་མགོ་བརྩམས་ནས་ཉིན་གསུམ་འགོར་ཙམ་འགོར་བའི་ནང་ཀྲུང་གོའི་འཐུས་མི་ཚོགས་པས་ཨེ་ཤེ་ཡའི་དགུན་དུས་འགྲན་ཚོགས་སུ་ཞུགས་པའི་ལོ་རྒྱུས་ཀྱི་གྲུབ་འབྲས་ཡག་ཤོས་བླངས་ཡོད།

  • ཚེས10ཉིན། རོ་མ་ནི་ཡའི་ཙུང་ཐུང་ཡུའེ་ཧན་ཉི་སིས་ཚེས12ཉིན་ལས་ཁུར་དགོངས་ཞུ་བྱ་རྒྱུ་ཁྱབ་བསྒྲགས་བྱས་པ་རེད།

སྤྱི་ཚོགས།

  • མ་འོངས་པའི་ཉིན་གསུམ་ནང་། བོད་ལྗོངས་ཀྱི་ཤར་རྒྱུད་དང་ཁྲོན་ཞི་མཐོ་སྒང་གི་བྱང་རྒྱུད་སོགས་སུ་ཁངས་ཆར་འབབ་པའི་གནམ་གཤིས་ཐོན་རྒྱུ་དང་། གྲང་རླུང་གི་ཤུགས་རྐྱེན་ཐེབས་པས་དབུས་ཤར་རྒྱུད་དུ་རླུང་ཆེན་གཡུག་ནས་དྲོད་ཚད་ཇེ་དམའ་རུ་འགྲོ་བ་དང་ཆར་ཆུ་འབབ་པའི་གནམ་གཤིས་ཐོན་རྒྱུ་རེད།

02.jpg

  • ཚེས10ཉིན་བར། གློག་བརྙན《ནོ་ཏྲས་རྒྱ་མཚོ་དཀྲུགས་པ》ཞེས་པའི་གློག་བརྙན་གྱི་སྤ་སེ་བཙོང་བའི་སྡོམ་འབོར་(སྔོན་ཚོང་ཚུད་ཡོད)ཨ་སྒོར་དུང་ཕྱུར་11.52ལས་བརྒལ་ནས། གོ་ལ་ཧྲིལ་པོའི་གློག་བརྙན་ལོ་རྒྱུས་ཀྱི་སྤ་སེ་མིང་ཐོའི་ཨང་30ཡི་ནང་དུ་སླེབས་པ་མ་ཟད། ཨང30ཡི་ནང་གི་ཧའོ་ལའེ་ཝུའུ་ནས་མིན་པའི་གློག་བརྙན་འབའ་ཞིག་ཡིན།

  • རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཞབས་ཞུའི་ལས་སྟེགས་APPཡི“སྨན་བཅོས་འགན་བཅོལ་སྨན་རྫས་ཀྱི་ཟད་གྲོན་རྒྱུ་ཆ་རྗེས་འདེད་ཆ་འཕྲིན་འདྲི་རྩད་བྱེད་པའི”ནུས་པ་དངོས་སུ་དྲ་ཐོག་ཏུ་ཐོན་པ་དང་། སྨན་རྫས་ཉོ་མཁན་གྱིས་སྨན་སྒམ་ཐོག་གི་སྨན་རྫས་རྗེས་འདེད་ཨང་རྟགས་བཤེར་འབེབས་བྱས་ན་ཆ་འཕྲིན་ཞིབ་ཕྲ་ལ་བལྟ་ཐུབ།

  • ཆེས་མཐོའི་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཕྱིར་སྡོད་རང་མིའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ལུའོ་པའོ་མིང་འཛིན་བཟུང་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།

  • ལྒང་ཞུའི་དུས་ཆེན་མ་ཐོན་གོང་། ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས་རྒྱལ་ཡོངས་ཁྱབ་ཁོངས་སུ་ལྒང་ཞུའི་དུས་ཆེན་དང་ཐང་སྒོར(汤圆)ཆེད་དོན་འཐེན་བཤེར་སྒྲིག་འཛུགས་བྱས་ནས་སྤེལ་བའི་འབྲས་བུ་ལས་ཚད་ལོན་ཚད་100%ཡིན་པ་རེད།

03.jpg

  • ཚེས9ཉིན། ཆིན་ཧྲན་ཉིང་རྡུལ་གློག་ཁང་གཉིས་པས་བཟོ་ཁང་གི་ཁང་ཀླད་དཔྱང་སྒྲིག་བྱེད་སྟངས་ཐོག་མར་སྤྱད་དེ་ཆིན་ཧྲན་བཟོ་གྲྭ་གཉིས་པའི་འཕྲུལ་འཁོར་ཚན་པ་ཨང་2པའི་གློག་འདོན་འཕྲུལ་འཁོར་གྱི་གཏན་ཆས་བདེ་བླག་ངང་བརྗེས་པ་དང་། དེ་ནི་རང་རྒྱལ་གྱི་ཉིང་རྡུལ་གློག་ཁང་གིས་གློག་འདོན་འཕྲུལ་འཁོར་གྱི་གཏན་ཆས་བརྗེས་པ་ཐོག་མ་ཡིན།

  • ལྷོ་ཆུ་བྱང་འདྲེན་གྱི་ཤར་རྒྱུད་བྱང་སྣུར་འཕྲལ་སྡོམ་ཆུ་མཁོ་འདོན་ལས་གྲྭ་ཚེས་10ཉིན་2024ལོ་ནས་2025ལོའི་བར་གྱི་ཆུ་འདྲེན་བྱེད་འགོ་ཚུགས་ཤིང་། རྨ་ཆུའི་བྱང་ཕྱོགས་སུ་ཆུ་སྨི་ངོས་གྲུ་དུང་ཕྱུར་1.51གཏོང་རྩིས་ཡོད་པ་རེད།

  • ཡུན་ནན་གནམ་ཐང་ཚོགས་པས“ལི་ཅང་གནམ་ཐང་གི་ལས་དོན་མི་སྣས་འགྲུལ་པའི་གནམ་གྲུར་འདུག་པའི་འཛིན་བྱང་གཤགས་པའི”ཐད་གནམ་ཐང་གི་འབྲེལ་ཡོད་འགན་འཁུར་པར་ཆད་པ་གཅོད་རྒྱུ་དང་། དོན་རྐྱེན་དང་འབྲེལ་བ་ཡོད་པའི་ལས་དོན་མི་སྣ་དབྱང་ག་གེ་མོ་དང་རའོ་ག་གེ་མོ་གཉིས་ལ་ལས་གནས་སྒུག་ནས་ཐག་གཅོད་བྱ་རྒྱུ་ཡིན་པ་རེད།

  • ཚེས10ཉིན། ཁྲུང་ཆིང་ནས་ཨ་ཧྥུ་ཀ་ནི་སི་ཐན་དུ་ཐད་ཀར་སྐྱོད་པའི་ཨེ་ཤེ་ཡ་དབུས་མའི་འགྲུལ་སྐྱེལ་མེ་འཁོར་ཐོག་མ་རྒྱུག་མགོ་བརྩམས་པ་རེད།

སྲིད་ཇུས།

  • ཧྲང་ཧའེ་ཡིས་རྒན་གསོའི་སྒྲིག་གཞིའི་སྤུས་ཚད་མཐོ་རུ་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་ཇུས་གཞི་ཁྱབ་བསྒྲགས་བྱས་ནས། 2027ལོར་སླེབས་སྐབས་གྲོང་ཁྱེར་ཡོངས་སུ་ནུས་ཤོར་ལྟ་སྐྱོང་དང་། ཤེས་རྟོགས་འགོག་རྐྱེན་ལྟ་སྐྱོང་གི་དཔེ་སྟོན་སྒྲིག་གཞི་ཁག་50བསྐྲུན་རྒྱུ་ཡིན་པ་རེད།

  • ཧའེ་ནན་གྱིས་ད་ལོའི་འགན་སྲུང་རང་བཞིན་གྱི་བོགས་གཏོང་སྡོད་ཁང་གྲབས་གསོག་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་རྒྱུ་དང་། ལོ་ཧྲིལ་པོར་ཁང་པ་ཆ་ཚང་6000གསར་དུ་གྲབས་གསོག་བྱ་རྒྱུའི་འཆར་གཞི་བྱས་པ་རེད།

  • ཅང་སུའུ་ཡིས་2027ལོའི་ལོ་མཇུག་ཏུ་“ཞིང་པ་གསར་པའི”སྣེ་ཁྲིད་པ1000གསོ་སྐྱོང་བྱ་རྒྱུ་དང་། “ཞིང་པ་གསར་པའི”སྣེ་ཁྲིད་པའི་དཔུང་སྡེ་མི10000གསོ་སྐྱོང་བྱེད་པར་སྐུལ་ཁྲིད་བྱ་རྒྱུ་ཁྱབ་བསྒྲགས་བྱས་པ་རེད།

དེ་རིང་གི་གནམ་གཤིས།

04.jpg

  • ནང་སོག་གི་དབུས་རྒྱུད་དང་ཤར་རྒྱུད་དང་། ཧེ་ལུང་ཅང་གི་དབུས་རྒྱུད་དང་ཤར་རྒྱུད་དང་། ཞིན་ཅང་གི་ནན་ཅང་ནུབ་རྒྱུད་རི་ཁུལ། བོད་ལྗོངས་ཀྱི་དབུས་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ཆུང་ངམ་ཁངས་ཆར་འདྲེས་མ་འབབ་རྒྱུ་དང་། དེའི་ནང་། བོད་ལྗོངས་ཀྱི་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་འབྲིང་ཙམ་ནས་ཁངས་ཆེན་འབབ་རྒྱུ་དང་། བོད་ལྗོངས་ཀྱི་ཤར་རྒྱུད་ཀྱི་ས་ཁུལ་ལ་ལར་ཁངས་འཚུབ་འབབ་རྒྱུ་རེད། ཧོང་ཧོའེ་ཤར་རྒྱུད་དང་ནུབ་རྒྱུད། ཅང་ཧོའེ་ཡི་ས་ཁུལ་མང་ཆེ་བ། ཧྲང་ཧའེ་ཡི་ས་ཁུལ་མང་ཆེ་བ། ཅང་ཧན་གྱི་ས་ཁུལ་མང་ཆེ་བ། ཧའེ་ནན་གླིང་ཕྲན་གྱི་ཤར་རྒྱུད། ཐའེ་ཝན་གླིང་ཕྲན་གྱི་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆུང་ཆུང་འབབ་པ་དང་། དེའི་ནང་། བོད་ལྗོངས་ཀྱི་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་འབྲིང་ཙམ་འབབ་རྒྱུ་རེད།


མཉམ་སྤྱོད།